མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ད་ལོ་བོད་ཀྱི་མཛངས་མ་ལོ་བཅུ་ལ་སོན་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དང་བསྟུན་ཏེ། བོད་ཀྱི་མཛངས་མའི་འགྲན་བསྡུར་ལོ་བཅུ་འཁོར་བའི་མཛད་སྒོ་ཞིག་ཀྱང་བསྡུ་འཆར་ཡོད་འདུག  མཛད་སྒོ་དེའི་སྟེང་དེ་སྔའི་བོད་ཀྱི་མཛངས་མ་ཡོངས་གདན་འདྲེན་གྱིས་འཁྲབ་སྟོན་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་ཡོད་ཟེར།

འདི་ལོའི་ཕྱི་ཟླ་ ༦ པའི་ཚེས་ ༣ ནས་ ༥ བར་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཐེངས་བཅུ་བ་དེ་འཚོགས་འཆར་ཡོད་པ་དང་། ད་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དང་བསྟུན་ཏེ་བཙན་བྱོལ་དུ་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་ལས་གཞི་མགོ་འཛུགས་བྱས་ཏེ་བགྲང་བྱ་ ༡༠ འཁོར་པའི་དུས་དྲན་མཛད་སྒོ་རྒྱས་པ་ཞིག་ཀྱང་འཚོགས་གཏན་འཁེལ་འདུག་སྟབས། དུས་དྲན་མཛད་སྒོའི་སྟེང་དེ་སྔ་ཨང་དང་པོའི་བོད་ཀྱི་མཛངས་མའི་བྱ་དགའ་ཐོབ་མྱོང་མཁན་ཡོངས་མགྲོན་འབོད་བྱས་ཏེ། འཁྲབ་སྟོན་རིགས་ཀྱི་ལས་རིམ་ཞིག་གྲ་སྒྲིག་བྱས་ཡོད་འདུག

ད་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ཁྲོད་འཛུལ་ཞུགས་བྱ་མཁན་བུ་མོ་ ༦ བྱུང་ཡོད་སྐོར་ལས་འགུལ་འདིའི་སྣེ་ཁྲིད་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་སོང་ལ། ཁོང་ཅག་སུ་དག་ཡིན་པ་དང་མིང་དང་ལོ་ཚོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་དུང་ཕྱིར་བསྒྲགས་བྱ་རྒྱུ་མིན་ཟེར། འགྲན་ཞུགས་བུ་མོ་དེ་དག་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ངྷ་སར་ཡོང་སྟེ། ཕྱི་ཚེས་ ༢༧ ཉིན་ནས་བཟུང་དངོས་སུ་འགྲན་བསྡུར་ལས་རིམ་མགོ་འཛུགས་བྱ་འཆར་ཡོད་པ་དང་། སྔོན་ལ་བདུན་ཕྲག་གཅིག་རིང་ལུས་རྩེད་དང་གོམ་འགྲོས་སྟངས་སྟབས། རྐྱལ་རྩལ་སོགས་གྱི་སྦྱོང་བརྡར་སྤྲོད་རྒྱུ་ཡིན་འདུག་ལ། ཕྱི་ཟླ་ ༦ པའི་ཚེས་ ༣ ཉིན་འགྲན་བསྡུར་དངོས་གཞིའི་ཆུ་རྐྱལ་དང་། ཚེས་ ༤ ཉིན་གཏམ་བཤད་དང་སྒྱུ་རྩལ་གོམ་འགྲོས་འགྲན་བསྡུར། ཕྱི་ཚེས་ ༥ ཉིན་གྱི་དགོང་མོ་ངྷ་ས་ཟློས་གར་ཐང་ཆེན་དུ་མཐའ་མའི་རྟིང་རྩོད་འགྲན་བསྡུར་བྱ་རྒྱུ་ཡིན་འདུག

དགོང་མོ་དེའི་ལས་རིམ་གྱི་ཐོག་མར་འགྲན་ཞུགས་པ་རེ་རེ་བཞིན་ངོ་སྤྲོད་དང་། དེའི་རྗེས་དེང་རབས་དང་བོད་པའི་སྲོལ་རྒྱུན་གྱོན་ཆས་ཀྱི་མཛེས་ཉམས་འགྲན་བསྡུར། དེ་བཞིན། དེང་རབས་ཀྱི་གྱོན་ཆས་ཀྱི་གོམ་འགྲོས་སྟངས་སྟབས། མཐར་དྲི་བ་དྲིས་ལན་དང་སྦྲགས་མཐའ་མའི་རྒྱལ་ཁ་འཐོབ་མཁན་ལ་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་བསྒྲོན་རྒྱུ་ཡིན་འདུག བོད་ཀྱི་མཛངས་མའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ལ་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་དང་། ཨང་གཉིས་པ་འཐོབ་མཁན་ལ་ཧིན་སྒོར་ལྔ་ཁྲི། ཨང་གསུལ་པར་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་གི་བྱ་དགའ་བཅས་འབུལ་འཆར་ཡོད་འདུག

 

འདི་གའི་གསར་འགོད་པས་བསླེབ་ལ་ཉེ་བའི་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་གཙོ་གཉེར་བ་བློ་བཟང་དབང་རྒྱལ་ལགས་སུ་ད་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་སྐོར་ལ་བཅར་འདྲི་བྱས་སྐབས་ཁོང་གིས་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༠༠ ནས་ ༢༠༠༡ བར་ངས་སྒྱུ་རྩལ་འཁྲབ་སྟོན་རིགས་ཤིག་གོ་སྒྲིག་བྱས་སྐབས། བོད་ཀྱི་བུད་མེད་ཀྱི་སྒྱུ་རྩལ་དང་རྣམ་དཔྱད་མཐོར་འདེགས་དང་ཕྱིར་མངོན་བྱ་ཕྱོགས་ཐད། ཕྱག་ལས་གནང་མཁན་དང་དོ་སྣང་དེ་ཙམ་མེད་པའི་ཚོར་སྣང་བྱུང་། ༢༠༠༢ ལོར་ཆེད་དུ་བུད་མེད་སྒྱུ་རྩལ་འཁྲབ་སྟོན་ཞིག་གོ་སྒྲིག་བྱས་པ་བརྒྱུད་དེ། ལས་གཞི་དེའི་རིགས་ལ་ཤུགས་སྣོན་རྒྱག་རྒྱུ་ཡོད་པའི་ཚོར་བ་བྱུང་སོང་། དེར་བརྟེན། བོད་ཀྱི་མཛངས་མའི་འགྲན་བསྡུར་འདི་མགོ་འཛུགས་བྱས་པ་ཡིན། མི་མང་པོ་ཞིག་གིས་ལས་གཞི་འདི་ལམ་ལྷུང་ཡོང་གི་མ་རེད་ཟེར་པ་དང་། ལྷག་པར་དུ་སྐབས་དེར་ལས་གཞིའི་ཐད་འགོག་རྐྱེན་དང་གླེང་སློང་སྣ་ཚོགས་བྱུང་བ་རེད། འོན་ཀྱང་ང་རང་གི་ངོས་ནས་བོད་ཀྱི་མཛངས་མ་ཞེས་པའི་དྲ་རྒྱ་བཟོ་བ་སོགས་གྲ་སྒྲིག་མུ་མཐུད་དུ་བྱས་ཏེ། ཉིན་གཅིག་བྷི་བྷི་སིའི་གསར་འགོད་པ་ཞིག་ངའི་སར་ཡོང་སྟེ་གནས་ཚུལ་རྒྱུས་ལོན་བྱས་སོང་། སྐབས་དེ་ཙམ་ནས་རྒྱ་གར་དང་ཕྱི་རྒྱལ་གྱི་གསར་ལམ་ཁག་ཀྱང་བོད་པའི་བུད་མེད་ཀྱི་སྐོར་ལ་དོ་སྣང་གསར་པ་ཞིག་བྱུང་བ་རེད། ཅེས་ངོ་སྤྲོད་གནང་སོང་།

ཁོས་མུ་མཐུད་དུ་འདས་པའི་ལོ་བཅུའི་རིང་གི་མྱོང་ཚོར་བརྗོད་དོན། ངའི་ཐོག་མའི་རེ་བ་ནང་བཞིན་བརྒྱ་ཆ་བརྒྱ་ཐམ་པ་ཡོང་རྒྱུ་ཁག་པོ་རེད། ང་རང་གི་རེ་བར་ལོ་གཅིག་རེར་ཉུང་མཐར་བུ་མོ་བཅུ་གྲངས་རེ་འཛུལ་ཞུགས་ཐུབ་ན། སྤྱི་ཚོགས་ཕྱོགས་གང་ཐད་ནས་འཁྲིག་པོ་ཆགས་ཡོང་གི་རེད་ལ། ལས་གཞི་ཡང་གང་འཚམ་ཚད་དང་ལྡན་པ་ཞིག་ཡོང་གི་རེད།  དེ་བཞིན་དཔལ་འབྱོར་གྱི་ཐད་ནས་ཀྱང་དཀའ་ངལ་ཆེན་པོ་ཡོང་གི་མ་རེད། འོན་ཀྱང་དངོས་སུ་ལག་ལེན་བསྟར་སྐབས་ལོ་ལྟར་བུ་མོ་ལྔ་དྲུག་རེ་ལས་ཞུགས་མཁན་རག་གི་མེད་པ་འདི་བོད་པའི་བུད་མེད་ཚོས་མ་འཇོན་པ་རེད། ཅེས་བརྗོད་བྱུང་།

ད་ལོའི་མཛངས་མའི་འགྲན་བསྡུར་དང་བསྟུན་ཏེ། བོད་ཀྱི་མཛངས་མའི་འགྲན་བསྡུར་མགོ་བཙུགས་ནས་ལོ་བཅུ་འཁོར་པའི་དུས་དྲན་མཛད་སྒོ་ཞིག་ཀྱང་འཚོགས་འཆར་ཡོད། འདི་ལ་མི་མང་ནང་བསམ་ཚུལ་སྣ་ཚོགས་ཡོད་སྲིད་པ་རེད། སྤྱིར་ད་ལྟའི་ཆར་བོད་ནང་དུ་རྔ་པ་ཀིརྟི་དགོན་དང་ས་ཁུལ་མང་པོའི་གནས་སྟངས་ཛ་དྲག་ཆགས་ཡོད་པ་དང་། བཙན་བྱོལ་དུ་ཡང་གཞོན་ནུའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགྲོ་བཞིན་པ་སོགས་ཀྱི་དབང་གིས་མཛངས་མའི་འགྲན་བསྡུར་འདི་ཡག་པོ་མེད་རབས་བཤད་མཁན་ཡོད་སྲིད་ཀྱང་། ཞིབ་འདང་རྒྱག་ཤེས་ན། བོད་རྒྱ་ཆེའི་མི་མང་ལྐུག་པ་མ་རེད། བོད་ཀྱི་མཛངས་མ་འགྲན་བསྡུར་ལ་ལོ་བཅུའི་བརྒྱུད་རིམ་ཡོད་པ་ཞིག་རེད། གལ་སྲིད་འདི་མ་འཚོགས་ན་གོང་གི་གནད་དོན་དེ་དག་ལ་ཕན་ཐོག་གི་ཡོད་ན། མཛངས་མའི་འགྲན་བསྡུར་རྦད་དེ་སྒོ་བརྒྱབ་ཀྱང་ཆོག་གི་རེད། གཞན་ལས་གཞི་འདི་བརྒྱུད་བོད་ཀྱི་རྩ་དོན་དང་རིགས་གཞུང་སོགས་རྒྱལ་སྤྱིའི་ཁྱོན་ལ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱ་ཐུབ་པ་ཞིག་རེད། ཅེས་བརྗོད་བྱུང་།

 

ཡང་གསར་འགོད་པས་ཁོང་ལ་འདི་ལོར་བོད་ཀྱི་ཕོ་གསར་འགྲན་བསྡུར་ཟེར་བ་ཞིག་ཀྱང་ཡོད་རབས་འདུག་ལ། ལས་གཞི་དེར་ཁོ་རང་འབྲེལ་བ་ཡོད་མེད་དྲིས་པར་ཁོང་གིས་ལན་འདེབས་གནང་དོན། ལས་གཞི་དེར་ང་དང་འབྲེལ་བ་རྩ་བ་ནས་མེད། རྒྱ་གར་བ་ཞིག་གིས་གོ་སྒྲིག་ཞུ་བཞིན་ཡོད་པ་རེད། ད་ལོ་རྒྱ་གར་པ་ཞིག་གིས་བོད་ཀྱི་ཕོ་གསར་འགྲན་བསྡུར་( Mr Tibet)དང་། བོད་ཀྱི་རིག་རྩལ་འགྲན་བསྡུར་དོ་ར་(Tibet Idol) ཡི་ལས་གཞི་གོ་སྒྲིག་བྱ་འཆར་ཡོད་པ་རེད། སྔོན་མ་ནས་ངས་བོད་ཀྱི་ཕོ་གསར་དང་བོད་ཀྱི་རིག་རྩལ་དོ་ར་གཉིས་ཀྱི་སྟོང་ཆ་འདི་ཁ་བསྐང་བྱ་དགོས་པའི་སྐུལ་སློང་ཡང་ཡང་བྱས་མྱོང་ཡོད། ད་ལྟ་ཕྱིའི་མི་ཞིག་གིས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། ལས་གཞི་འདི་ཕྱིའི་མི་ཞིག་གིས་བྱེད་དགོས་པའི་རྒྱུ་མཚན་མཐོང་གི་མི་འདུག ང་རང་གིས་གོ་སྒྲིག་ཞུ་རྒྱུའི་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ཉིན་ ༡༢ རིང་གི་ལས་རིམ་ཞིག་རེད། འོན་ཀྱང་། བོད་ཀྱི་ཕོ་གསར་དང་བོད་ཀྱི་རིག་རྩལ་དོ་རའི་ལས་གཞི་འདི་གཉིས་དགོང་མོ་གཅིག་གི་ལས་རིམ་ནང་མཇུག་བསྡུ་རྒྱུ་རེད། ལས་གཞི་འདིའི་རིགས་ནི། དགོང་མོ་གཅིག་ལ་ཚོགས་ཏེ་འཛིན་བྱང་ལ་གོང་ཆེན་པོས་བཙོང་བ་དང་། མང་ཚོགས་ཀྱིས་ཟ་ངེ་ཟིང་ངེ་འདྲ་ཞིག་བྱས་ཤིང་། གར་སྟེགས་སྟེང་ནས་རྫིག་པོ་དང་སྙིང་རྗེ་བོ་འདྲ་ཞིག་བྱས་ཏེ་རྫོགས་བ་ཡིན་ན་འགྲིག་གི་ཡོད་པ་མ་རེད། འགྲན་ཞུགས་པ་ཚོའི་མི་ཚེའི་ཁ་ཕྱོགས་དང་སྤྱི་ཚོགས་ལ་ཤུགས་རྐྱེན་སླེབས་ཐུབ་པ། རིམ་བཞིན་ལས་གཞི་འདི་ཚོ་རྒྱལ་སྤྱིའི་གར་སྟེགས་སྟེང་བསླེབ་ཐུབ་ཆེད་གྲ་སྒྲིག་དང་སྦྱོང་བརྡར་ཡག་པོ་སྤྲོད་དགོས་པ་ཞིག་ཆགས་ཡོད། ལྷག་པར་དུ་ལས་གཞི་འདི་ཚོ་བོད་པ་རང་གིས་བྱ་དགོས་པ་ཞིག་རེད། ཅེས་བརྗོད་བྱུང་།

 ཕྱི་ལོ་ ༢༠༡༠ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས།

ཕྱི་ལོ་ ༢༠༠༩ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས།

ཕྱི་ལོ་ ༢༠༠༨ ལོའི་བོད་ཀྱི་མཛངས་མ་བསོད་ནམས་ཆོས་སྒྲོན།

ཕྱི་ལོ་ ༢༠༠༧ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སྒྲོལ་མ།


ཕྱི་ལོ་ ༢༠༠༦ ལོའི་བོད་ཀྱི་མཛངས་མ་ཚེ་རིང་ཆུང་བདག

ཕྱི་ལོ་ ༢༠༠༥ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཉི་མ།

ཕྱི་ལོ་ ༢༠༠༤ ལོའི་བོད་ཀྱི་མཛངས་མ་བཀྲ་ཤིས་དབྱངས་ཅན།

ཕྱི་ལོ་ ༢༠༠༣ ལོའི་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད།

ཕྱི་ལོ་ ༢༠༠༢ ལོའི་བོད་ཀྱི་མཛངས་མ་སྒྲོལ་མ་ཚེ་རིང་།

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དྷ་རམ་ས་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ། ༠༡།༡༠།༢༠༢༣ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།
Mobile App

བོད་ལ་བཙན་འཛུལ་བྱས་པ་དེ་འཛམ་གླིང་མི་མང་ལ་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད།

ཆུ་ཚོད་ ༩ སྔོན་ལ།
Sikyong Penpa Tsering received a warm welcome at the Sao Paulo Legislative Assembly
Mobile App

སྲིད་སྐྱོང་མཆོག་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བཞིའི་ནང་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

༢༠༢༣/༡༠/༠༢
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

༢༠༢༣/༡༠/༠༢
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠

མཆན། 17

  1. ལྷ་མོ་དོན་གྲུབ། says:
    ལོ་ 12 སྔོན།

    གསར་བུ་བློ་བཟང་དབང་རྒྱལ་ལགས། ངར་བ་རེད། མུ་མཐུད་འབད་བརྩོན་བྱོས། དམིགས་ཡུལ་དང་འཆར་གཞི་བཟང་ན། ལས་དོན་གང་ཡིན་ཡང་སྤྱི་ཚོགས་ཀྱི་རྒྱན་ཆ་ཡིན། བོད་ཀྱི་གཞོན་ནུ་མ་ཚོ་སྤོབས་པ་ཆེན་པོས་མནམ་ཞུགས་བྱོས།

    Reply
  2. pema karpo says:
    ལོ་ 12 སྔོན།

    རྗེས་སུ་ཡིད་རང་ཡོད་། དེ་ཡང་བོད་དོན་ཆེད་དུ་ཐབས་ལམ་ཞིག་རེད་སྙམ་།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 12 སྔོན།

    མཛེས་ཤོས་དེ་བསྟན་འཛིན་ཆོས་འཛོམས་རེད་འདུག

    Reply
  4. རྡོ་རྗེ་ཚེ་རིང་། says:
    ལོ་ 12 སྔོན།

    ཚེ་རིང་སྐྱིད་མཛངས་མ་ཆགས་པ་ནས་བཟུང་རང་ཉིད་ལ་རན་པའི་ལས་ཀ་སྣ་གཅིག་ཀྱང་བྱས་མ་སོང་། དྲྭ་ནང་གི་བོད་ལྟ་བུར་ཆ་བཞག་ན་མོ་རང་གི་གདོང་པར་བལྟ་རྒྱུ་ཙམ་ལས་དེའི་ནང་དོན་སྙིང་ཁྱོན་ནས་མིན་འདུག མོ་རང་གིས་ཤེས་པའི་སྙན་ངག་མ་བྲིས་པར་མི་ཤེས་པའི་དྲྭ་རྒྱ་སོགས་ལ་ཨུ་ཚུགས་ཀྱིས་འགྲེལ་ལོག་རྒྱག་གིན་འདུག 

    Reply
  5. བྱ་གཞུང་འཇམ་དབྱངས། says:
    ལོ་ 12 སྔོན།

    གང་མཛེས་མིན་དང་གང་གང་འདོད་མིན་བཤད་པའི་དུས་ཚོད་ཅིག་མ་རེད།
    ཁྱོད་ཚོ་ལ་དོན་དམ་པའི་བློ་རིག་གིས་བདེན་རྫུན་དང་ཡག་བཙོག་ལ་དབྱེ་འབྱེད་བྱེད་པའི་དྲག་རྩལ་ཞིག་ཡོད་ན་ཆགས་སྲེད་ཀྱི་མུན་དོང་ནང་ལག་སྙོམས་བྱེད་པའི་ཅི་ཕན།
    དེ་ལས་འཕྲད་ཕུགས་ཀྱི་གནས་ལུགས་ཐག་ཆོད་བྱེད་པའི་དགོས་མཚན་གང་ཡང་མ་མཆིས་སོ། དེར་བརྟེན་ཆབ་སྲིད་ཀྱི་ཕོ་འགྱུར་ཆེན་པོ་འབྱུང་བཞིན་པའི་སྐབས་འདིར་བློ་རིག་རྒོད་ན་དེ་ལ་རྒོལ་དགོས་ལ་ལྷག་བསམ་ཡོད་ན་དེ་ལ་ཞུགས་དགོས།

    Reply
  6. བྱམས་པ་བསྟན་འཛིན says:
    ལོ་ 12 སྔོན།

    མཛེས་ཤོས་བཀྲིས་དབྱངས་ཅན་འདུག།

    Reply
  7. བྱ་གཞུང་འཇམ་དབྱངས། says:
    ལོ་ 12 སྔོན།

    སྤྱིར་སྟངས་ནས་བཤད་ན་དགའ་སྟོན་དང་བྲོ་འཁྲབ་ཀྱི་ཟློས་གར་གང་བྱས་ན་ཡང་རང་རང་གི་འདོད་མོས་རེད་། སྐྱོ་གར་དང་མནར་སྡུག་གི་སྐབས་འདི་འདྲ་ཞིག་ལ་འདི་ལྟར་བྱེད་ན་ངོ་མས་ཡག་པོ་མི་འདུག བཙན་འཛུལ་དང་དྲགས་མནོན་གྱིས་དཀའ་སྡུག་དང་མནར་གཅོད་དེ་དག་རང་ཉིད་ཀྱིས་གྲོ་ཁོག་དང་ལྟོ་གོས་ཀྱི་ཆེད་དུ་དེ་ལྟར་མྱོང་ག་ལ་དགོས། ་ང་ཚོའི་མི་རིགས་འདི་དང་རྒྱལ་ཁབ་འདིའི་ཆེད་དུ་མུན་ནག་གི་ཡུལ་ནས་ངུ་སྐད་དང་འོ་དོད་རྒྱུན་ཆད་ཀྱིན་མེད་པ་རེད། དེ་བས་ངས་ད་ཐེངས་ཀྱི་འགྲན་བསྡུར་དང་མཛད་སྒོ་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།་་་་་་་སྤྱིར་སྟངས་ནས་ཕོ་གསར་སྐྲ་རིང་འདི་ལ་བཅོས་རྒྱུ་མང་གི་་་་རང་གཅིག་གོ་མ་གཏོགས་གཞུང་སྒེར་གྱི་བདེ་སྡུག་ལ་ཚོར་བ་་ཁྱོན་ནས་མི་འདུག་

    Reply
  8. lobsang says:
    ལོ་ 12 སྔོན།

    མཛེས་མ་དང་མཛངས་མ་འགྲན་འདུར་བྱས་ན་མི་འགྲིགས་པ་མེད་སྙམ།སྤྲོ་སྐྱིད་མ་རེད་མོ།

    Reply
  9. རྡོ་རྗེ་ཚེ་རིང་། says:
    ལོ་ 12 སྔོན།

    ད་ཐེངས་གི་འགྲན་བསྡུར་དེ་ཁོ་ཚོ་བཅུ་ཡི་ནང་ནས་མཛངས་མ་གཅིག་གདམ་དགོས་ཀྱི་འདུག

    Reply
  10. སྟོང་བཙན་མགར་བུ། says:
    ལོ་ 12 སྔོན།

    གང་ལྟར། བསམ་བློའི་འཁྱེར་སྟངས་ལ་དཔག་པའི་དགའ་སྐྱོ་ཆགས་སྡང་སྣ་ཚོགས་ཡོད་པ་བཞིན། སྐད་ཆའང་དེ་ལྟར་བཤད་གྱིན་ཡོད། འོན་ཀྱང། གཞུང་སྒེར་སྒྲིག་འཛུགས་གང་ཡིན་ཡང་སྣང་མེད་དུ་བཏང་ནས་སྐྱོན་རྐྱང་རྐྱང་གི་ཡིག་ཚོགས་ལས། སོ་སོའི་འཇོན་ཐང་དང་རན་པའི་ལས་དོན་རེ་སྒྲུབ་ན་མི་དགའ་སམ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་ཀྱི་མཛེས་མའི་འགྲན་བསྡུར་གྱིས། བོད་ཀྱི་ཕོ་མོ་འདྲ་མཉམ་ཡོང་བར་ཕན་སྲིད་པ་རེད་སྙམ། བུད་མེད་རྣམས་རྒྱལ་འགྱུར་ཅིག །བོད་ཀྱི་བུད་མེད་རྣམས་རྒྱལ་འགྱུར་ཅིག །

    Reply
  12. བྱམས་པ་བསྟན་འཛིན says:
    ལོ་ 12 སྔོན།

    མཛེས་ཤོས་བཀྲིས་དབྱངས་ཅན་རེད

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    ད་བར་གྱི་མཛངས་མའི་ཁྲོད། སྤྱི་ཚོགས་ནང་ཕན་འདོགས་ཆེ་ཤོས་ཚེ་རིང་སྐྱིད་རེད་ཅེས་བརྗོད་ཀྱང་ཕལ་ཆེར་ཆོག་པ་ཞིག་རེད།
    འོན་ཀྱང་མཛངས་མ་འདེམས་དོན་གྱི་བྱ་གཞག་འདི་ཡིས། བོད་སྤྱི་པར་ཕན་འབྲས་གང་ཡང་བྱུང་མ་སོང་།
    མཛངས་མ་ཡིན་མིན་ཤེས་དཀའ་ཡང་མཛེས་མ་དགུ་ཡི་ནང་ནས་མཛེས་ཤོས་བསྟན་འཛིན་ཆོས་འཛོམས་རེད་འདུག ཧ་ཧ་ཧ།།

    Reply
  14. ཅང་མེད། says:
    ལོ་ 12 སྔོན།

    སྤྱིར་བཤད་ན་ཡག་པོ་འདུག་དགོས་ཡ་ཞིག་རེད། ཡིན་ན་ཡང་དེང་སང་གཞིས་ལུས་མི་དམངས་ཀྱི་གནས་སྟང་ལ་བལྟ་མི་དགོསའམ།
    ཕྱོགས་གཅིག་ནས་སྨྲེ་ངག་འདོན། ཕྱོགས་གཞན་ཞིག་ནས་སྒེག་ཉམས་ཀྱི་འགྲན་བསྡུར་བྱས་ན་ལེགས་པོ་རེད་འདུག་བེ།
    བོད་པ་ཡིས་བདེ་སྡུག མེ་མདའི་ཁའི་ཚེ་སྲོག
    སྒེག་ཉམས་ཀྱི་འགྲན་རྩོད། བོད་པ་ཚང་གི་སྤྱི་ཚོགས།
    ངི་ངོ་ཚ་གི་འདུག ངོ་ཚཚཚཚཚཚཚཚཚཚཚཚཚཚཚ།

    Reply
  15. མཁས་བཙུན། says:
    ལོ་ 12 སྔོན།

    བོད་ཀྱི་མཛངས་མ་ལོ་བཅུ་་་་ཐེངས་བཅུ་་་་་ང་ནི་ཧ་ཅང་དགའ་སྐྱོ་ཟུང་གི་ཚོར་ཤུགས་ཤིག་གིས་ཁ་བྱང་འདིའི་ཐོག་ཏུ་ལྟ་རོལ་ཞིག་བྱེད་འདོད་ངང་གིས་བྱུང་། དེ་ནི་ང་མཛངས་པ་ལ་དགའ་སོང་བས་མ་རེད་ལ། ང་མཛངས་མ་དུང་སོང་བས་དེ་བས་མ་རེད། དེ་ནི་བོད་ཀྱི་མཛངས་མ་ལོ་བཅུ་སོན་པ་ཞེས་པའི་འགོ་རྗོད་འདི་མཐོང་དུས། ལོ་བཅུ་ལས་མ་སོང་བའི་བུ་མོ་ཞིག་བོད་ཀྱི་མཛངས་མ་བདམས་པར་བསམས་སོང།
    མི་བུ་མང་པོ་ཞིག་དུས་བབ་ཚང་ལ་ངམ་ངམ་ཤུགས་ཤུགས་ཀྱིས་ཉིན་དང་ཉིན་བསྟུད་ནས་ལྟ་ཀློག་བྱེད་ཀྱི་གདའ་མོད། ཁྱེད་ཚང་གིས་རྒྱུན་དུ་དག་ནོར་དང་དོན་ནོར་གྱི་འཕེལ་འཚམས་ད་དུང་མ་བཞག་ན། ངེད་ཚང་གི་ཀ་མད་སུམ་ཅུ་དང་དབྱངས་ཡིག་བཞི་ཡི་བདག་ཉིད་ཅན་གྱི་ཡི་གེ་འདིའི་ངོ་གདོང་ལ་མཆིལ་མ་བཏབ་པ་མ་རེད་དམ། ཀཱ་ལི་དང་ཨཱ་ལིའི་འགག་རྡོ་ཆེན་པོ་ཞིག་བཟོས་པ་མ་རེད་དམ། །

    གཟབ་གཟབ་བྱེད་རོགས། འགན་ཞིག་ཡོད་པ་འགན་ལ་བརྩིས་ནས་འགན་ཁུར་བཞེས་རོགས།

    Reply
  16. གནས་ཚང་། says:
    ལོ་ 12 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད།

    Reply
  17. མངའ་རིས་བུ། says:
    ལོ་ 12 སྔོན།

    ཚེ་རིང་སྐྱིད་ངོ་མའི་མཛེས་མ་མཛངས་མ་རེད་འདུག་དེ་མིན་ཁ་ཤས་མཐོང་བ་ཙམ་གྱིས་མཇེ་ཁོག་ལང་རྒྱུ་ཕར་ཟད་རེད་ཤི་འགྲོ་ཡོང་གི་འདུག
    ཡིད་མི་ཆེས་ན་ཁྱེད་རང་ཚོས་ཡག་པོ་བྱེད་དེ་ལྟོས་དང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist