མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་བཅད་ངོ་རྒོལ་མཚམས་འཇོག

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་དབུས་བོད་ཀྱི་གཞོན་ནུའི་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་འདུག

ཉེ་སྔོན་རྒྱ་གཞུང་གིས་མདོ་སྨད་རྔ་པ་ཁུལ་དུ་དྲག་གནོན་བྱས་ཏེ། སྐྱ་སེར་མང་པོ་འཛིན་བཟུང་བཙོན་འཇུག་དང་གཅར་རྡུང་དམར་གསོད་བཏང་སྟེ་ཛ་དྲག་གི་གནས་སྟངས་བྱུང་བར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དགོས་འདུན་གཉིས་དང་འབོད་སྐུལ་གཅིག་གི་འོག ཕྱི་ཟླ་ ༤ པའི་ཚེས་ ༢༥ ནས་མགོ་འཛུགས་གནང་སྟེ། དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་དང་། ཟུང་དྲུང་བསྟན་འཛིན་ནོར་བཟང་། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་གསུམ་གྱིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཇན་ངྷར་མན་ངྷར་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། ད་བར་ཉིན་གྲངས་ ༢༤  ཕྱིན་ཡོད།

ཐེངས་འདིའི་ལས་འགུལ་ཁྲོད་ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཏེ་ཛ་དྲག་གི་གནས་སྟངས་བྱུང་ཡོད་སྟབས། ཡུ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་གསུམ་གྱིས་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་བ་ལྟར། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་སྟེ། ལས་འགུལ་བ་གསུམ་སྨན་ཁང་དུ་ཁྲིད་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 14

  1. ཉི་ཟླ་སྐར་གསུམ། says:
    ལོ་ 15 སྔོན།

    ངས་གཞོན་ནུའི་ཕོ་རྒོད་རྣམས་ལ་བསྔགས་བརྗོད་འབུལ་བ་དང་། བོད་མི་རིགས་ཆེད་དུ་ལས་ཀ་བླ་ན་མེད་པ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད་།།

    Reply
  2. བྱམས་རྒྱལ། says:
    ལོ་ 15 སྔོན།

    རྒྱལ་གཅེས་ལྷག་བསམ་གྱིས་ཕྱུགས་པའི་གཞོན་ནུ་རྒྱུན་ལས་རྣམ་པ་གསུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རླབས་ཆེན་གྱི་ལས་འགུལ་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། སྐུ་བཟུགས་གསལ་ཐང་ཡོང་བའི་རེ་སྨོན་ཞུ།

    Reply
  3. GYAMTSO says:
    ལོ་ 15 སྔོན།

    ལྷག་བསམ་སྙིང་སྟོབས་ལྡན་བའི་དབུས་གཞོན་ནུའི་རྒྱུན་ལས་རྣམས་པའི་ཟས་བཅད་ངོ་རྒོལ་འཚམས་འཇོགས་གནང་བ་གཟིགས་བརྗིད་ལྡན་པ་ཆགས་སོང་བས་ཐུགས་རྗེ་ཡང་ཡང་ཆེ་ཞུ་ཞུ་ཞུ་ཞུ། མ་འོངས་པར་ང་་ཚོ་བོད་མིས་འཐད་རྩོད་རྩོད་མཁན་གྱི་འགོ་ཁྲིད་ཁྱེད་རྣམས་པ་ལྷག་པར་དུམཁོ་གལ་ཆེ་བས་སྐུ་གཟུགས་སྔར་ལས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།

    Reply
  4. ནགས་མེ། says:
    ལོ་ 15 སྔོན།

    ལྷག་བསམ་དང་ལར་ཞེན་རུས་རྐང་ལ་ཐིམས་པའི་བོད་ཀྱི་གཞོན་ནུའི་ཕུལ་བྱུང་འཐབ་རྩོད་པ་གསུམ་ལ་སེམས་བསམ་པའི་གཏིང་ནས་གུས་འདུད་དང་བརྩི་བཀུར་བླ་མེད་ཡོད། འདི་ལྟར་མགོ་པ་ཚོས་མགོ་ཁྲིད་དེ་དོན་དངོས་ཀྱི་ལག་ལེན་ནང་ཞུགས་ཐུབ་ན། བོད་རྒྱལ་ཁབ་སླར་གསོ་ཡོང་བར་ཐེ་ཚོམ་མེད། བོད་རྒྱལ་ལོ།།

    Reply
  5. རྟ་བོར་བ། says:
    ལོ་ 15 སྔོན།

    ཟས་བཅད་ངོ་རྒོལ་བྱེད་མཁན་རྣམ་པ་གསུམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    རེ་ཞིག་ལས་འགུལ་འཚམས་འཇོག་བྱས་པ་དགའ་བོ་བྱུང་ཁོང་རྣམ་པར་སྔགས་བརྗོད་དང་འཚམས་འདྲི་ཞུ་ཞུ།

    Reply
  6. རིག་འཛིན། says:
    ལོ་ 15 སྔོན།

    ཡིན་མདོག་དང་ཚུལ་འཆོས་ཀྱིས་མ་གོས་པར་དོན་དངོས་ལྷག་བསམ་དང་སྙིང་སྟོབས་ལྡན་པའི་ཟས་བཅད་ངོ་རྒོལ་བ་གསུམ་གྱིས་མཚམས་འཇོག་བཞག་གནང་འདིར་གུས་འདུད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    རྣམ་པར་གསུམ་གྱི་ཚེ་སྲོག་དང་དཔའ་ངར་དག་ད་དུང་མུ་གནས་ཐུབ་དགོས།

    Reply
  7. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་གསུམ་གྱིས་ཉིན་གྲངས་ཉི་ཤུ་རྩ་ལྔ་དང་་ཆུ་ཚོད་ལྔ་བརྒྱ་བདུན་ཅུ་དྲུག་ལྷག་གི་རིང་དུ་ཟས་བཅད་ངོ་རྒོལ་བྱས་ཡོད་པས་ན། བཀའ་དྲིན་ཆེའོ།།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༢༡༽ ཀརྡོ་རབ་འབྱམས་པ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༠ གི་ཆུ་ཚོད་ ༧ སྐར་མ་ ༠༢

    ཁྱེད་གསུམ་གྱིས་སྤྱི་དོན་དུ་ཟས་བཅད་ངོ་རྒོལ་གནང་བར་བཀའ་དྲིན་ཆེ་ལགས། དུས་ཐོག་ཏུ་མཚམས་འཇོག་གནང་བ་ལ་ཡང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་སོང་ལགས། དགེའོ། དགེའོ། དགེའོ། །

    Reply
  9. ཅང་མེད། says:
    ལོ་ 15 སྔོན།

    སྙིང་སྟོབས་དང་ཤ་ཞེན་གྱི་ལྷག་བསམ་ལ་འགྲན་ཟླ་བྲལ་བའི་རྣམས་པ་གསུམ་ལ་བཀའ་དྲིན་དྲང་མེད་ཞུ།

    Reply
  10. གནས་ཚང་། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། ཡུ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་ཕེབས་ནས་ཐུགས་ཁུར་གནང་བ་དེ་བོད་དོན་གྱི་ཐུགས་ཁུར་ཡིན་པས། ཡང་བསྐྱར་བཙན་བྱོལ་བོད་གཞུང་ངོས་ལེན་གནང་བར་བསྐུལ་འདེད་དུ་འགྱུར་ཐུབ་པའི་སྨོན་ལམ་འདེབས།

    Reply
  11. ཤིང་ལོ། says:
    ལོ་ 15 སྔོན།

    གཟི་བརྗིད་ལྡན་པའི་རྒྱུན་ལས་གསུམ་ལ་འཚམས་འདྲི་དང་། ནུས་པ་ཤུགས་ཆེར་ཐོན་པའི་ཐོག་ལས་འགུལ་མཚམས་འཇོག་གནང་བར་ཐུགས་རྗེ་ཆེ་དང་། སྐུ་ངལ་ཡག་པོ་གསོ་གནང་ཡོང་བའི་འབོད་སྐུལ་ཞུ་ཞུ།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    རྒྱལ་གཅེས་པ་རྣམས་ལ་ཐུགས་རྗེ་ཞུ་བཞིན་ཡོད།

    Reply
  13. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    དཔའ་བོ་ཚོ་ཐུགས་རྗེ་ཆེ། ཁྱེད་རྣམ་འདི་ལྟར་འཆི་མི་རུང་སྟེ། འུ་ཚང་གི་སྲོག་དབུགས་ད་དུང་གནས་དགོས།

    Reply
  14. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    རེད། ཧ་ཅང་ཡག་པོ་རེད། མཚམས་འཇོག་གནང་བ་དེ་ཧ་ཅང་ཡག་པོ་རེད། དེ་ལ་དངོས་གནས་དགའ་སོང་། གུས་པར་འོས་པའི་ཟས་བཅད་ངོ་རྒོལ་བ་གསུམ་ལ་བཅོས་མིན་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཡོ་རུབ་ཀྱི་སྐུ་ཚབ་རྣམ་པ་གསུམ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese