མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྱིས་དྲགས་པའི་གླེང་སློང་།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་ཞེས་པའི་མིང་བསྒྱུར་ན་མི་འགྲིག་ཟེར་བ་འདི་འཕྱིས་དྲགས་པ་རེད།

ཀིརྟི་སྐྱབས་ཀྱིས།

༄༅།།བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་གཏོང་བཞིན་པའི་ཁྲོད། ༸གོང་ས་མཆོག་གི་སྐུ་དབང་རྣམས་བཀའ་ཁྲི་སོགས་ཆེས་མཐོའི་དབུ་ཁྲིད་རྣམས་ལ་ཆ་བགོས་གནང་བས་དབུ་ཁྲིད་རྣམ་པའི་འགན་དབང་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ནའང་། གཞུང་གི་མིང་དང་ལས་རྟགས་སོགས་ཀྱི་ངོ་བོ་དང་རྣམ་པ། ནུས་པ་གང་ཐད་ནས་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཆེ་ཆུང་གི་འགལ་འདུ་འདིའི་ངོས་རེ་རེ་བཞིན་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་རེ་ཡིན་ཞིང་། རྒྱ་ནག་དང་བཅས་པའི་འཛམ་གླིང་ཡུལ་ཁག་ཚང་མས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། བོད་ཕྱི་ནང་གི་བོད་མི་ཚོས་དེ་བས་ཀྱང་དོ་སྣང་དང་བསམ་འཆར་འདྲ་མིན་འདོན་བཞིན་ཡོད།

བཙན་བྱོལ་བོད་གཞུང་འདི་ལ་ངོ་བོ་གཉིས་ལྡན་ཡོད། གཅིག་ནས་སྔ་མོའི་བོད་རང་བཙན་སྐབས་ཀྱི་སྲིད་གཞུང་དེའི་རྒྱུན་ཡིན་པས་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་ཡིན། གཉིས་ནས་བཙན་བྱོལ་དུ་གྱར་བའི་བོད་མི་རྣམས་ཀྱི་འཛིན་སྐྱོང་གི་སྒྲིག་འཛུགས་ལྟེ་བ་དེ་ཡིན།  སྔ་མ་ནི་བོད་མི་རང་ཉིད་མ་གཏོགས་འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་ཁས་ལེན་གྱི་མེད་ནའང་བོད་མི་ཚོས་དེར་ངོས་འཛིན་ཆ་ཚང་བྱེད་ཀྱི་ཡོད། ཕྱི་མ་ནི་རྒྱལ་ཁབ་མང་པོས་ཁས་ལེན་གྱི་ཡོད་ཅིང་། ལྷག་པར་གནས་ཡུལ་རྒྱ་གར་གཞུང་གིས་ཁས་ལེན་ཆ་ཚང་ཡོད་པའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཡིན། ད་བར་དུ་བཙན་བྱོལ་བོད་གཞུང་གིས་ཕྱོགས་དེ་གཉིས་ཀའི་ལས་དོན་གནང་དང་གནང་བཞིན་ཡོད་ནའང་ད་ཆ་སྔ་མ་དེ་ལ་འགྱུར་བ་འགྲོ་བཞིན་ཡོད། དཔེར་ན་བོད་གཞུང་ཞེས་པའི་མིང་ཡང་མེད་པར་བཟོ་བཞིན་ཡོད། འདི་ལ་བོད་མི་མང་པོས་མི་འཐད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད་ནའང་། དོན་དངོས་ཐོག་བོད་ཡིག་བོད་སྐད་ནང་མ་གཏོགས་དབྱིན་ཡིག་ནང་མིང་འདི་སྔ་མོ་ནས་མེད་པར་གྱུར་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་འབོད་མུས་ཡིན། འོན་ཀྱང་སྤྱི་འཐུས་ཚོགས་གཙོས་ཁ་སང་ཨ་རིའི་ voa བརྙན་འཕྲིན་བརྒྱུད་གསུངས་པ་ལྟར་མིང་ཙམ་མ་གཏོགས་དོན་ལ་འགྱུར་བ་སོང་མེད་ཅེས་གནད་ཡོད་མི་སྣང་མང་པོས་གསུང་གི་ཡོད།  ཡིན་ནའང་ངས་བལྟས་ན་མིང་ཙམ་མིན་པར་དོན་ལའང་འགྱུར་བ་སོང་ཡོད་ལ། གལ་ཏེ་ད་ཕན་འགྱུར་བ་སོང་མེད་ནའང་མ་འོངས་པར་འགྱུར་བ་འགྲོ་རྒྱུ་ཡིན་སྙམ། དེའི་རྒྱུ་མཚན་ནི།

གཅིག ང་ཚོས་དབུ་མའི་ལམ་ནས་རང་སྲིད་རང་སྐྱོང་རྩོད་པ་ལས་རང་བཙན་མི་རྩོད་རྒྱུ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཐག་བཅད་ཚར་བ་ལྟར་ད་ཆ་གཞུང་གི་སྲིད་བྱུས་དེའི་ཐོག་འགྲོ་བཞིན་ཡོད། རྒྱ་ནག་གཞུང་གིས་འདི་ལ་ངོས་ལེན་བྱས་པའི་ཉིན་མོར་རྒྱ་མིའི་མངའ་འོག་གི་རང་སྲིད་རང་སྐྱོང་ཞིག་ཆགས་པ་ཡིན་པས་དེ་དུས་སྔ་མོའི་བོད་གཞུང་གི་མིང་དོན་གཉིས་ཆ་མེད་པར་ཆགས་ཚར་བ་རེད། འདི་འདྲ་ཞིག་ཆགས་རྒྱུར་ང་ཚོས་མོས་མཐུན་བྱས་ཚར་ཡོད་པས། ད་བོད་གཞུང་ཞེས་པའི་མིང་བསྒྱུར་ན་འགྲིག་གི་མི་འདུག་ཅེས་བསམ་འཆར་བཤད་པ་འདི་འཕྱིས་དྲགས་པ་མ་རེད་དམ།

གཉིས། བཙན་བྱོལ་བོད་གཞུང་ཞེས་པ་འདི་རྒྱལ་ཁབ་སུས་ཀྱང་ཁས་ལེན་གྱི་མེད་པར་མ་ཟད། རྒྱ་གར་གཞུང་གི་ཁྲིམས་ཁང་ནས་མིང་འདི་གཏན་འགོག་བྱེད་རྒྱུའི་ཉེན་ཁ་སླེབས་ཡོད། གཞན་གྱིས་མ་བཀག་གོང་ལ་རང་ངོས་ནས་ཐབས་ཤེས་བྱས་ཏེ་བསྒྱུར་ན་རྗེས་སོར་མ་མཐའ་ཡང་འཛམ་བུ་གླིང་གི་མདུན་དུ་ངོ་ཚ་ཉོ་མི་དགོས་པ་ཞིག་ཡོང་རྒྱུ་འདི་རྣམ་དཔྱོད་ཅན་གྱི་བྱེད་སྟངས་ཤིག་རེད། མ་གཞི་ནས་གོང་དུ་བཤད་པ་ལྟར་བོད་ཡིག་བོད་སྐད་ནང་མ་གཏོགས་དབྱིན་ཡིག་དབྱིན་སྐད་ནང་སྔ་མོ་ནས་བསྒྱུར་ཚར་ཡོད་པ་དེ་རེད།

གསུམ། ༸གོང་ས་མཆོག་གིས་གསུངས་པ་ལྟར་རེ་བ་ཡག་ས་དང་གྲ་སྒྲིག་སྡུག་ས་ལ་བྱེད་དགོས་པས། གལ་སྲིད་ད་དུང་ང་ཚོ་རྒྱ་གར་ནང་དུ་ཡུན་རིང་གནས་དགོས་བྱུང་ཚེ་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པར་བྱས་ཚེ་གནས་ཐུབ་པ་ལས་ཁྲིམས་འགལ་བྱས་ཚེ་གནས་ག་ལ་ཐུབ། ང་ཚོས་འདིར་རྒྱལ་ཁབ་ཅིག་གི་སྲིད་གཞུང་གི་མིང་དང་རྟགས་བཟུང་ན་དེ་རྒྱ་གར་གཞུང་གི་ཁྲིམས་དང་མི་མཐུན་པ་མཁྱེན་གསལ་རེད། ད་ལྟ་བར་དུ་རྒྱ་གར་གཞུང་གིས་མ་མཁྱེན་མདོག་མདོག་བྱས་ཏེ་བཞག་པ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་ལ་བལྟས་པ་ཁོ་ན་རེད། མ་འོངས་པར་སྡུག་ས་ལ་བསམ་བློ་་བཏང་ཚེ་རྒྱ་གར་གཞུང་གིས་མུ་མཐུད་འདི་ལྟར་གནང་རྒྱུ་ཁག་པོ་ཡིན་པས་ད་ལྟ་ནས་གྲ་སྒྲིག་གམ་བསྒྱུར་བཅོས་བཏང་ན་ལེགས་སྙམ།འ

བཞི། གཞུང་གི་མིང་བསྒྱུར་ནའང་ནང་དོན་རང་རེའི་རྩ་དོན་སྒྲུབ་པའི་བྱ་བ་རྣམས་སྔར་བཞིན་སྒྲུབ་ཐུབ་ཀྱི་རེད་གསུང་གི་ཡོད་པ་ལྟར་དེ་ཕལ་ཆེར་ཐུབ་རྒྱུ་རེད། དེ་བྱུང་ན་མིང་ཙམ་ལ་འགྱུར་བ་ཐེབས་ནའང་དེ་ལ་སྐྱོན་ཆེན་པོ་རང་མི་འདུག་སྙམ། སྤྱིར་བཙན་བྱོལ་བ་དང་སྐྱབས་བཅོལ་བ་ཞིག་ཡིན་ཕྱིན་གཞན་དབང་སྟབས་བསྟུན་བྱེད་རྒྱུ་ལ་ནང་ཡང་གཡོལ་ཐབས་མེད་པ་འདི་དངོས་ཡོད་གནས་ཚུལ་ཞིག་ཡིན་ནོ།།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༧ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. གངས་ཆབ། says:
    ལོ་ 15 སྔོན།

    Central Tibetan Administration༽ཞེས་པ་འདིའི་གོ་དོན་ཁག་ནི།
    དབུས་བོད་མིའི་འཛིན་སྐྱོང་དང་།བོད་མིའི་འཛིན་སྐྱོང་ལྟེ་གནས།དེ་ག་ནང་བཞིན་དབུས་བོད་མིའི་ཆབ་སྲིད་འཛིན་སྐྱོང་དང་།བོད་མའི་ཆབ་སྲིད་ལས་འཛིན་སྡེ་ཚན།དབུས་བོད་མིའི་ཆབ་སྲིད་ལས་འཛིན།བོདམིའི་འཛིན་སྐྱོང་སྡེ་ཚན་ལའང་གོ་ཐུབ་ཀྱི་འདུག་པ་ལགས་ན་དྲ་གྲོགས་རྣམས་པ་ལྷན་རྒྱས་ནས་དོག་སྣང་དང་དཔྱད་པ་མང་ཙམ་གནང་བ་ཡིན་ན་དགེ་མཚན་ཆེ་བ་མཐོང་།
    གཞན་སྲིད་གཞུང་དང་སྒྲིག་འཛུགས་ལ་སོགས་པར་གོ་ཐུབ་ཀྱི་ཡོད་པ་ཞིག་མཐོང་གིན་མི་འདུག

    Reply
  2. ཀིརྟི་སྐྱབས། says:
    ལོ་ 15 སྔོན།

    གནས་ཚང་ལ།
    ༼Centre Tibetan Administration༽ ཞེས་པ་འདིའི་དོན་༼བོད་མིའི་དབུས་འཛིན་སྐྱོང་སྲིད་གཞུང༽ཞེས་པ་ཆགས་ཀྱི་མེད། Administration ནི་སྲིད་གཞུང་གི་དོན་དུ་ནམ་ཡང་མི་གོ། དེ་ནི་དོ་དམ་མམ་འཛིན་སྐྱོང་གི་དོན་ཙམ་རེད། སྲིད་གཞུང་ལ Government ཟེར། ༼Centre Tibetan Administration༽ ཞེས་པ་འདི་རྒྱ་སྐད་དུ་བསྒྱུར་ན། 藏人管理中心 ཟེར། འདིའི་དོན་བོད་ནང་གི་བསྒྱུར་སྟངས་ལྟར་བྱས་ན་༼བོད་མིའི་དོ་དམ་ལྟེ་གནས་༽སམ་༼བོད་མིའི་འཛིན་སྐྱོང་ལྟེ་གནས་༽ཟེར། འདི་ཕྱོགས་ཀྱི་བསྒྱུར་སྟངས་ལྟར་བྱས་ན་༼དབུས་བོད་མིའི་སྒྲིག་འཛུགས་༽ཟེར། འདི་དག་ནང་༼བཙན་བྱོལ་༽ཞེས་པའི་དོན་མི་འདུག

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    གཞན་དབང་སྟབས་བསྟུན་ནི་དངོས་ནས་ཡག་པོ་ཡིན་ཡང་། བདེན་པའི་རྩ་དོན་ཆེད་དུ། ཚང་མ་གཞན་གྱི་བཤད་རྗེས་སུ་བགྲེང་བ་ཡིན་ན། བོད་ཟེར་བའི་རྒྱལ་ཁབ་ཞིག་འཛམ་གླིང་འདིར་བྱུང་མ་མྱོང་བར་རྒྱ་ནག་སྲིད་གཞུང་ཤུགས་ཆེན་པོའི་སྒོ་ནས་རྒྱུ་དངོས་སྤྱོར་གསུམ་བཏང་ནས། ད་ལྟའི་འཆར། བོད་ཟེར་བའི་རྒྱལ་ཁབ་ཞིག་རྒྱ་ནག་གི་ཕྱོགས་གཏོགས་རྒྱལ་ཁབ་ཀྱི་ས་ཁྲ་མང་ཤོས་ཤིག་གི་ནང་དུ་བོད་ཟེར་བའི་མིང་འདི་གཏན་ནས་མེད་པ་བཟོས་ཚར་བ་རེད། རྒྱའི་མངའ་ཁུངས་ཀྱི་ལྷ་ས་ཟེར་བ་སོགས་མ་གཏོགས། དེ་སྔ་མཐོང་རྒྱུ་ཡོད་པའི་བོད་ཟེར་བའི་རྒྱལ་ཁབ་དེ་ཡི་མིང་མེད་པ་བཟོས་ཡོད། དེ་ཡི་ཁྲོད་དུ་རྒྱ་གར་གཞུང་གི་ཆབ་སྲིད་པའི་དབུ་ཁྲིད་ཆེས་མི་ཉུང་བ་ཞིག་ཀྱང་འདུ་བ་ཡིན། རྒྱ་གར་གཞུང་གིས་དངོས་ནས་དེ་ལྟར་བོད་གཞུང་ཟེར་བའི་མིང་དེ་ཡང་ཕྱིར་བསྡུ་བྱེད་པའི་ཉིན་མ་ཞིག་ཤར་སོང་བ་ཡིན་ན། ད་གཟོད་བོད་མི་བྱེས་པ་དག་གཉིད་ལས་སད་ཁོ་ཐག་ཡིན་ངེས་རེད། དེ་འདྲ་ཞིག་དགོས་ཀྱི་ཡོད་པ་རེད། ལྷག་དུ་བོད་བྱེས་པ་དག་ལ་གཞན་གྱི་ས་ཐོག་ནས་སྐྱིད་ཉལ་བྱེད་རྒྱུར་གོམ་ཟིན་པའི་གཤིས་ཀ་འདི་འགྱུར་བ་ཞིག་སོང་ན་རེད།

    Reply
  4. གནས་ཚང་། says:
    ལོ་ 15 སྔོན།

    ལེགས་བཤད་ལས། ༼ཙན་དན་གསེར་ལས་རིན་ཆེ་བ། བླུན་པོས་སོལ་བར་བཏང་ལ་ལྟོས༽ཞེས་པ་འདི་ཅིས་མ་བདེན། ད་ལྟ་བར་དབྱིན་ཡིག་ནང་བཀོལ་བཞིན་པ་ནི༼Centre Tibetan Administration༽རེད་ལ། འདི་དག་ཐད་ཀར་བསྒྱུར་བ་ཡིན་ན། ༼བོད་མིའི་དབུས་འཛིན་སྐྱོང་སྲིད་གཞུང༽ཞེས་པ་ཆགས་ཀྱི་ཡོད་པ་རེད་མ་གཏོགས་༼བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས༽ཟེར་བ་ཞིག་གཏན་ནས་ཡོང་ཐབས་ཡོད་པ་མ་རེད།

    གལ་སྲིད་༼བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས༽མུ་མཐུད་དུ་བཀོལ་བ་ཡིན་ན། རྒྱ་ཡིག་ནང་བཙོག་བཤད་ལྟར་ན༼ཏཱ་ལའི་རུ་ཚོགས༽དང་། ཡག་བཤད་ལྟར་ན༼ཡུལ་གྱར་བོད་མིའི་སྒྲིག་འཛུགས༽ཆགས་ཡོད་པས། མིང་དོན་གང་གི་ཆ་ནས་ཀྱང་བཙན་བྱོལ་བོད་མི་ཙམ་མ་གཏོགས་ཐེ་གཏོགས་བྱེད་ས་ལྷག་མེད་ལ། བོད་ནང་གི་བོད་མི་རང་ངོས་ནས་ཐབས་ཤེས་གཞན་ཞིག་མི་བཙལ་རང་བཙལ་སྒང་སླེབས་ཡོད། དེ་དུས་བོད་འཐོར་རྒྱུ་རེད་ལ་ད་ལྟའི་མཐོ་རིམ་མི་སྣ་ཚོའང་ཕྱུག་པོ་ཆགས་ངེས་རེད། ཡིན་ནའི། བཙན་བྱོལ་བོད་མི་ཚོ་ད་དུང་འཕྱིས་ཡོད་པ་མ་རེད། ཤུགས་རྒྱག་མིན་བོད་འདི་ད་དུང་གནས་དགོས་མིན་ལ་ཐུག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese