མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡོངས་ཚོཊ་ཆེན་ལ་ཕུལ་བའི་བསམ་འཆར།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

 བསྟན་འཛིན་ཐོས་བསམ།

སྤྱི་ལོ་ ༢༠༡༡ ཟླ་ བ ༥ཚེས་༨ ཉིན་ཨ་རིའི་སྙན་གྲགས་ཅན་གྱི་ཝིར་ཇི་ནི་ཡ་མཐོ་སློབ་ཆེན་མོར་བོད་མི་ཤེས་ཡོན་ཅན་ཁག་ཅིག་གིས་ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་དེ་དང་འབྲེལ་ཡོད་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་པ་ཡིན། སྐབས་འདིའི་ཚོགས་ཞུགས་པ་ཚོས་ཐུགས་ཁུར་བཞེས་ཕྱོགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པར་བརྟེན། ཕྱི་ཚེས་༧ཉིན་གྱི་དགུང་དྲོར་ཁྲིམས་ལུགས་མཁས་དབང་གྲགས་ཅན་དང་སློབ་ཆེན་དེའི་རྩ་ཁྲིམས་གྱི་སློབ་དཔོན་ཆེན་པོ་ཇན་མེ་སི་རོན་ཡན་(James E Ryan)གདན་དྲང་ནས་ཚོགས་ཞུགས་པ་ཚོ་ལ་རྩ་ཁྲིམས་ཀྱི་ངོ་བོ་དང་། བྱེད་ལས།གྲུབ་ཆ་བཅས་ཐད་གསུང་བཤད་གལ་ཆེན་གནང་ཡོད། བགྲོ་གླེང་ནང་དངོས་སུ་མཉམ་ཞུགས་གནང་མཁན་ཨ་རིའི་རྒྱལ་ས་ཝཱ་ཤིན་ཏོན་དང་། ནིའུ་ཡོག་གྲོང་ཁྱེར་ནས་ཕེབས་ཡོད་པར་མ་ཟད། བོད་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་རྒྱ་ནག་སྲིད་དོན་ཁྱད་མཁས་པ་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གཉིས་ཀྱིས་ཀྱང་སྔ་རྗེས་སུ་(Skype)དྲ་བརྙན་བརྒྱུད་དེ་མཉམ་བཞུགས་གནང་ཡོད།

 

ཚོགས་ཞུགས་པ་ཚང་མས་ཉེ་ཆར་བཀའ་སྤྱི་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྙན་ཐོ་ཞིག་གྲོས་ཚོགས་ལ་ཕུལ་བའི་རགས་ཟིན་དེ་ལ་དམིགས་ནས། རིང་མིན་འཚོག་འགྱུར་གྱི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེའི་སྟེང་དུ་འདས་པའི་རྒྱལ་རབས་ལོ་རྒྱུས་ཀྱི་བདེན་དཔང་དང་། མ་འོངས་བོད་ཀྱི་བུ་རབས་ཚ་བརྒྱུད་ལ་འགན་ཁུར་བའི་རྗེས་འབྲས་ཤིག་འདོན་ཕྱིར་རྒྱལ་ཁབ་དང་སྲིད་གཞུང་ཞིག་གི་བླ་སྲོག་ཏུ་གྱུར་པའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་རླབས་ཆེན་དེ་དག་སེམས་སྟེང་དུ་བླངས་ཏེ་གཟུར་གནས་བློ་ཡིས་བགྲོ་གླེང་ལྷུར་པོར་གནང་བའི་དོན་སྙིང་རྣམས་བོད་གཞུང་བཀའ་ཤག་དང་།གྲོས་ཚོགས།གཞན་འབྲེལ་ཡོད་ལས་ཁུངས་ཁག་དང་གནད་ཡོད་མི་སྣ་དག་གིས་ཐུགས་སྣང་ཡོང་ཆེད་དོན་ཚན་དྲུག་དུ་བསྡུས་ཡོད།

དང་པོ།

སྤྱིར་ད་རེབ་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ལས་དོན་དེ་དངོས་འབྲེལ་ཞུས་ན་ལོ་ངོ་འགའ་ཞིག་གི་གོང་རོལ་ནས་ལས་མགོ་རྩོམ་དགོས་པ་ཞིག་རེད། གང་གིས་ཞེ་ན། ༸གོང་ས་མཆོག་གིས་སྐུ་བགྲེས་ཡོལ་དུ་ཕེབས་ཀྱི་ཡིན་ཞེས་གསུངས་ནས་ལོ་མང་ཕྱིན་ཡོད་པ་དང་། ལྷག་པར་དུ་སྔ་ལོའི་ཕྱི་ཟླ་༡༠ནང་༸གོང་ས་མཆོག་ཁེ་ན་ཌ་ལ་ཆིབས་བསྒྱུར་གནང་སྐབས་ད་ལོའི་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས་དང་བསྟུན་མགོན་པོ་གང་ཉིད་ཀྱིས་བགྲེས་ཡོལ་ཆ་ཚང་ལ་ཕེབས་པའི་ཐུགས་དགོངས་ཡོད་ལུགས་གསར་འགྱུར་བརྒྱུད་ལམ་ཁག་ལ་གསལ་པོར་གསུངས་པ་ནི་ཡོངས་གྲགས་ལྟར་རེད། ཚོགས་ཞུགས་པ་ཡོངས་ནས་ཁྲིམས་ཀྱི་དབང་སྒྱུར་ནི་མང་གཙོ་ཡང་དག་ཡིན་མིན་གྱི་ཚད་ཐིག་རྒྱག་ས་ཞིག་ངེས་པར་དུ་ཡིན་བས།ད་རེབ་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་ནི་འདིའི་སྔོན་དུ་ཐེངས་འགའ་ཤས་བྱས་པ་དེ་དག་དང་གཏན་ནས་མི་འདྲ་བར་ཆེས་ཤིན་ཏུ་གལ་འགངས་ཆེ་ཞིང་། མདོར་ན་རྒྱལ་ཁབ་དང་སྲིད་གཞུང་ཞིག་གི་རྩ་དོན་ཞིག་ཏུ་སོང་བས་ཧ་ཅང་གི་བྲེལ་འཚབ་ཆེན་པོའི་ངང་གཏན་འབེབ་མི་གནང་བའི་གསོལ་འདེབས་ཞུ་ཀྱིན་ཡོད༎

གཉིས་པ།

༸གོང་ས་མཆོག་གིས་བོད་གཞུང་གི་ཆབ་སྲིད་འགན་དབང་མ་བཞེས་ནའང་མགོན་པོ་གང་ཉིད་བོད་མིའམ་བོད་རིགས་ཙམ་མ་ཡིན་པར་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་ལུགས་དེ་བཅའ་ཁྲིམས་ཀྱི་གཞི་རྩའི་ལམ་སྟོན་ནང་དུ་བརྗོད་བབ་ཙམ་གྱིས་མི་འགྲིག་པར་༧གོང་ས་མཆོག་ལ་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བླ་ན་མེད་པའི་མཚན་གནས་དེ་ངེས་པར་དུ་ཕུལ་དེ་རྩ་ཁྲིམས་ནང་གསལ།དཔེར་ན། རྒྱབ་ཁབ་ཀྱི་ཁྲིམས་ཡིག་ཐོག་མཚན་རྟགས་འགོད་པ་དང། བཀའ་ཁྲི་དང་བཀའ་བློན་རྣམས་ཀྱི་དམ་བཅའ་འབུལ་ཡུལ་སོགས་ཀྱིས་མཚོན་པའི་ཐུགས་འགན་དང་སྐུ་དབང་ཡང་ཡོད་ཅེས་གསལ་པོར་འགོད་དགོས།

གསུམ་པ།

ཚོགས་ཞུགས་པ་ཚོའི་ཐུན་མོང་གི་ལྟ་ཚུལ་ལ་འཇིག་རྟེན་གོ་ལ་འདིའི་སྟེང་བོད་གཞུང་གཅིག་ལས་མེད་ཅིང་དེ་ནི་ད་ལྟ་བཙན་བྱོལ་དུ་ཡོད་པའི་བོད་གཞུང་འདི་ཉིད་ཡིན་སྟབས།བོད་ཀྱི་ལོ་རྒྱུས་ཀྱི་བདེན་དོན་དང་། བོད་མིའི་མངོན་འདོད་དང་འོས་འཚམ་མེད་པའི་ཐ་སྙད་གསར་བའམ་རང་མཐོང་རང་གིས་བརླགས་པའི་མིང་ཚིག་གསར་པ་ཅི་དགར་བེད་སྤྱོད་བཏང་ན་བོད་མི་ནང་ཁུལ་ཙམ་མ་ཟད། རྒྱལ་སྤྱིའི་ནང་དུའང་བོད་དོན་ཐད་ལ་མགོ་རྨོངས་པར་བྱེད་པ་སོགས་ཤུགས་རྐྱེན་ངན་པ་ཐེབས་ཉེན་ཆེ་བར་འགྱུར། དེ་ནི་འགལ་ཟླར་འགྱུར་བའི་༼ མིང་ཚིག་རེ་ཟུང་ ༽ཙམ་མམ་ཡང་ན་རྒྱ་ནག་གཙོས་པའི་སྲིད་གཞུང་གི་གནོན་ཤུགས་གཏན་མེད་འགྲོ་བའི་གནས་སྐབས་ཀྱི་ཐབས་ཇུས་ཤིག་གི་གནད་དོན་གཏན་ནས་མ་ཡིན་པར།རགས་ཟིན་ནང་འཁོད་པའི་མིང་དང་ཚིག་གསར་བ་དེ་དག་བཅའ་ཁྲིམས་གསར་བ་ནང་ཇི་མ་ཇི་བཞིན་འགོད་འཇུག་བྱས་ཚེ།དོན་དུ་རང་རེའི་གངས་ཅན་པ་རྣམས་ཀྱི་རྒྱུན་རིང་བའི་དངོས་ཡོད་ལོ་རྒྱུས་དེ་དག་སྣང་མེད་གལ་ཆུང་ངང་རྒྱ་དམར་གཞུང་ལ་བསུབ་རོགས་ཞེས་ཕར་རེ་སྐུལ་བྱས་པ་དང་ཆ་མཚུངས་པས་ཚིག་གསར་དེ་ཚོ་གཏན་ནས་མི་འགོད་པའི་འབོད་སྐུལ་ཤུགས་ཆེར་ཞུ།

བཞི་བ།

བཀའ་ཁྲིའི་ལས་ཡུན་དང་བཀའ་བློན་འདེམ་བསྐོ་བྱེད་ཕྱོགས་ཐད་དུའང་བློ་འཚབ་ཡོང་གཞིའི་བསྒྱུར་བཅོས་བཏང་ཡོད་པའི་ནང་། ཚོགས་ཞུགས་པ་ཚོས་བཀའ་ཁྲིའི་ལས་ཡུན་དེ་ལོ་ལྔ་རེ་དང་། མང་ན་སྐབས་གཉིས་ལས་ལྷག་བསྟུད་མར་བསྐྱར་འདེམས་མི་གནང་བའི་རེ་འདོད་ཆེན་པོ་ཡོད་པ་དེ་བཞིན། འབྱུང་འགྱུར་གྱི་བཀའ་བློན་རྣམས་སྔ་མའི་ཁྲིམས་ལུགས་ལྟར་འདེམས་བསྐོ་བྱེད་པ་ལས་བཀའ་ཁྲིས་ཐད་བསྐོ་བྱ་མི་འོས་པའི་ངོས་འཛིན་ཞུ་ཀྱིན་ཡོད།

ལྔ་བ།

སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དེར་ཕྱག་རྟགས་འགོད་རྒྱུ་དེ་ནི་མང་གཙོའི་རྒྱལ་ཁབ་སྤྱིའི་འགྲོ་ལུགས་དང་མི་མཐུན་པས་སྔོན་བཞིན་༸གོང་ས་མཆོག་གིས་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགན་དབང་མ་བཞེས་ཀྱང་ཆེས་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཚན་གནས་དེ་ཐོག་ནས་གནང་བར་ཁྲིམས་ཐོག་ཏུ་གཏན་འབེབ་བྱ་རྒྱུར་འབོད་སྐུལ་ཤུགས་ཆེན་པོ་ཞུ་རྒྱུ།

དྲུག་པ།

ད་ལྟའི་བཅའ་ཁྲིམས་ནང་དུ་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་ངོ་སྤྲོད་བྱེད་སྐབས་ཆོས་སྲིད་ཟུང་འབྲེལ་དེ་རང་འཇགས་བཞག་ཡོད་པ་དེར་ཚོགས་ཞུགས་པ་རྣམས་ཀྱིས་དོ་སྣང་ཆེན་པོའི་སྒོ་ནས་བགྲོ་གླེང་བྱས་པ་དང་། ཚོགས་ཞུགས་པ་ལ་ལས་བསམ་འཆར་བཏོན་དོན་ལ།བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་འགན་དབང་དང་འབྲེལ་བ་དམ་ཟབ་ཡོད་པ་དང་།༸གོང་ས་མཆོག་གིས་དུས་རབས་ཉི་ཤུ་པའི་ལོ་རབས་ ༦༠ མགོ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དེ་མང་གཙོ་ཡག་ཤོས་ཡིན་པར་ཡང་ཡང་གསུངས་པ་ལས།ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་དུས་ཀྱི་འགྱུར་ལྡོག་ལ་མ་བལྟས་པར་རྒྱུན་འཁྱོངས་བྱེད་དགོས་པའི་བཀའ་སློབ་གནང་མེད་པ་དང ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེར་དེང་དུས་རྒྱལ་སྤྱིའི་ཁོར་ཡུག་ནང་རྒྱབ་སྐྱོར་ཐོབ་རྒྱུར་རེ་བ་ཧ་ལམ་མེད་པ་དང་། བཙན་བྱོལ་ནང་སྐྱེས་པའི་མི་རབས་གསར་བ་དང་ལྷག་པར་དུ་དུས་རབས་གོང་མའི་ལོ་རབས་ ༦༠ ཚུན་ཆད་དུ་སྐྱེས་པའི་བོད་ནང་གི་རྒྱ་ཆེའི་མང་ཚོགས་དེ་ཚོའི་མ་འོངས་པའི་ཆབ་སྲིད་ཀྱི་འདོད་མོས་དང་བསམ་བློའི་འཁྱེར་ཕྱོགས་བཅས་ལ་ཡང་ཞིབ་འཇུག་གཟབ་ནན་ཞིག་མ་བྱས་པར་སྔར་ལྟར་རང་འཇགས་བཞག་ན། བོད་ནང་གི་སྤྱི་ཚོགས་ཀྱི་སྐྱིད་སྡུག་གི་འགན་འཁྲི་དང་ལེན་བྱེད་བཞིན་པའི་བོད་མི་དེ་ཚོས་ཆབ་སྲིད་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་པར་ཤིན་ཏུ་དཀའ་བར་མ་ཟད། བཙན་བྱོལ་ཁྲོད་དུ་སྐྱེས་པའི་བོད་མི་ཞིག་ཡིན་ནའང་ལམ་ལུགས་དེ་ཆབ་སྲིད་ཀྱི་ལམ་ལུགས་ཡག་ཤོས་ཤིག་ཏུ་རྩིས་ཏེ་བོད་རང་དབང་སླར་གསོ་བྱེད་པའི་ཆབ་སྲིད་ཀྱི་ལས་འགུལ་ནང་སྤྲོ་སྣང་དང་བཅས་སྤོབས་པ་འཁྱེར་ནས་འཛུལ་འདོད་ཆུང་ཞེས་ཟེར་མཁན་ཐོན་པ་དང་། གཞན་མ་གཞི་ནས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དེ་བོད་བཙན་བྱོལ་མང་གཙོའི་གཞུང་ལ་གནང་བའི་ཉིན་དེ་ནས་བཟུང་ཆོས་སྲིད་ཟུང་འབྲེལ་དེ་བོད་ཀྱི་ཆབ་སྲིད་ཀྱི་ལྟ་གྲུབ་ནང་མུ་མཐུད་དུ་བཞག་པ་དེར་གང་ཟག་སུ་དང་དགོས་དོན་ཅི་ཕྱིར་ཡིན་ཞེས་དྲི་བ་གཏོང་མཁན་ཡང་བྱུང་ངོ་༎

 

གོང་དུ་ཕུལ་བའི་དོན་ཚན་དྲུག་འདི་ནི་ཐེངས་འདིར་མ་སྐུལ་དང་བླང་དུ་ཚོགས་པའི་བགྲོ་གླེང་གི་སྙིང་དོན་ཡིན་པ་དང་། འདི་ནི་ང་ཚོ་བོད་ཀྱི་མི་རིགས་དེ་ཆེས་ཤིན་ཏུ་ཉག་ཕྲ་པོ་ཞིག་གི་སྒང་དུ་སླེབས་ཡོད་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་འདིར།རང་ཉིད་ཀྱིས་བོད་མི་རིགས་ཀྱི་རང་དབང་བདེན་པའི་འཐབ་རྩོད་དེར་རྒྱབ་སྐྱོར་ཞུས་པ་དང་ཆབས་ཅིགརང་འགན་རང་གིས་ཁུར་བའི་མཚོན་རྟགས་ཞིག་ཀྱང་ཡིན་པས།སྙན་ཞུ་འདི་འབུལ་ཡུལ་ཀུན་གྱིས་ཀྱང་ཐུགས་སྣང་དང་རྒྱབ་གཉེར་ཡོང་བའི་རེ་འདུན་དང་བཅས༎

 

༢༠༡༡ ། ༥ ། ༢༥ ཉིན་ཨ་རིའི་མངའ་སྡེ་ཝིར་ཇི་ནི་ཡ་ནས་ཕུལ༎

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 3

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཚོགས་ཆེན་དེ་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ལ་རྩ་གཏོར་དུ་གཏོང་མི་ཉན།
    བཅའ་ཁྲིམས་སྐྱར་བཅོས་བྱེད་པའི་རྒྱུ་མཚན་དྲངས་དུས་དགྱ་གཞུང་གི་ཅིག་ཅིག་ཉོག་ཉོག་ཟེར་གྱི་འདུག་ཞེས་དྲངས་སོང་། འོ་ན་དགྱ་གཞུང་གིས་བརྗོད་ཚད་ངེད་ཚོས་ཁས་ལེན་བྱེད་དགོས་པ་རེད་དམ། ཐབས་ཕྱོགས་གཅིག་གྱུར་གི་འགོ་འཛིན་ཀྲུན་འུ་ཅུན་གྱིས་ཏཱ་ལའི་བླ་མས་འགོ་བཙུགས་པའི་ཡུལ་གྱར་ལོག་སྤྱོད་གཞུང་དེ་ཏཱ་ལའི་བླ་མ་རང་ཉིད་ཀྱིས་གཏོར་དགོས་རེད་ཞེས་པ་དེ་ཚོ་ཡང་ངེད་ཁས་ལེན་དགོས་རེད་དམ།

    ངེད་ཚོའི་འཐབ་རྩོད་ནི་མི་ཆེན་ཁ་ཤས་དང་མི་ཐོག་གི་འཐབ་རྩོད་མིན་ཙང་། ང་ཚོའི་ལོ་རྒྱུས་ཀྱི་དཔང་པོ་མེད་པར་མི་བཟོ་རོགས་ཞེས་ཞུ་འདོད་བྱུང།

    Reply
  2. GYAMTSO says:
    ལོ་ 15 སྔོན།

    ཚོགས་ཆེན་འདིའི་ཐོག་ནས་གོང་ས་སྐྱབས་མགོན་མཆོག་ལ་སྐྱོན་བརྗོད་བྱེད་མཁན་ཨ་མདོ་པ་སོགས་ལ་གནོད་ཤུགས་སྤྲད་ཐུབ་པ་བྱེད་དགོས།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གོང་གི་རྩོམ་ཡིག་དེའི་ཟུར་མཆན།

    ཚོགས་ཞུགས་པ་དག

    ཨ་ཀྱཱ་རིན་པོ་ཆེ་མཆོག་(རྒྱ་ནག་སྲིད་དོན་ཁྱད་མཁས་པ་དང་རྗེ་སྐུ་འབུམ་དགོན་བདག)
    བཀྲས་མཐོང་རྣམ་རྒྱལ་མཆོག(བོད་བཙན་བྱོལ་གཞུང་གི་བཀའ་ཁྲི་ཟུར་བ་)
    ཕུར་བུ་རྡོ་རྗེ་(བོད་གཞུང་ཁྲིམས་ཞིབ་ཁང་གི་ལས་བྱེད་ཟུར་པ་དང་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་གྱི་ཕྱག་འཁྱེར་ཐོབ་མཁན)
    ཀ་བཙན་བླ་མ་སྐྱབས(ཁྲིམས་རྩོད་པ)
    རིན་ཆེན་བཀྲ་ཤིས(རྒྱ་ནག་སྲིད་དོན་ཉམས་ཞིབ་མཁས་པ)
    སྟག་ལྷ་རྒྱལ(བོད་རྒྱ་ཆབ་སྲིད་ཉམས་ཞིབ་པ)
    ངག་དབང་ཐོགས་མེད་(མཐོ་སློབ་ཁྱད་ལས་རིགས་གཅིག་རྐང་འཛིན་པ)
    བློ་བཟང་ཕུན་ཚོགས(བོད་རྒྱ་ཆབ་སྲིད་ཉམས་ཞིབ་པ)
    རྒྱལ་མཚན་བཟང་པོ (བོད་དོན་ཉམས་ཞིབ་དང་ཚོང་ལས་རིགས་གཅིག་རྐང་འཛིན་པ)
    རེབ་གོང་བཀྲ་ཤིས (བོད་དོན་ཉམས་ཞིབ་པ་བོད་ཀྱི་རིག་གནས་རིགས་གཅིག་རྐང་འཛིན་པ)
    རྡོ་རྗེ་དགྲ་འདུལ (མཐོ་སློབ་ལས་བྱེད་དང་བོད་རང་དབང་་དོན གཉེར་བ)
    བསྟན་འཛིན་ཐོས་བསམ(མཐོ་སློབ་ཁྱད་ལས་རིགས་གཅིག་རྐང་འཛིན་པ་དང་བོད་རྒྱ་ཆབ་སྲིད་ཉམས་ཞིབ་པ)

    བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese