མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་མཚན་སྲིད་སྐྱོང་དུ་བསྒྱུར་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

བསོད་ནམས་དབང་ལྡན།

སྐབས་འདི་ནི་རང་རེའི་མང་གཙོའི་གཞུང་དང་ཁྱད་པར་དུའང་བོད་ཀྱི་ལོ་རྒྱུས་ནང་གནད་འགག་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་ཡིན་སྟབས། མི་རེ་ངོ་རེ་ནས་འགན་ཁུར་ཏེ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྐོར་བསམ་བློ་གཏོང་རྒྱུ་དང་བགྲོ་གླེང་ལྷུག་པོ་བྱེད་དགོས་ངེས་ཡིན། དེས་ན་ཕྲན་གྱིས་ཀྱང་ཅུང་ཟད་ཞུ་ན། སྤྱིར་རང་རེའི་མང་གཙོའི་འཕེལ་རིམ་ལ་ཕྱིར་བལྟས་བྱེད་ན་དུས་ཡུན་ཐུང་ངུ་ཞིག་གི་ནང་འཕེལ་ཚད་ལེགས་པོ་བྱུང་ཡོད་པའང་གཙོ་ཆེར་༸གོང་ས་མཆོག་གི་ཐུགས་རྗེ་དང་སྐུ་དྲིན་ཉག་གཅིག་ཡིན་པ་བརྗེད་མི་ཉན། དེ་སྔ་ ༡༩༦༠ ལོར་༸གོང་ས་མཆོག་གིས་དམངས་གཙོ་གསོལ་རས་གནང་བ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ནང་ལེའུ་གསར་པ་ཞིག་དབུ་འཛུགས་གནང་བ་དང་། ༡༩༦༣ ལོར་བཅའ་ཁྲིམས་གཏན་འབེབས་གནང་བ། ༡༩༩༡ ལོར་སྤྱི་འཐུས་ཀྱི་གྲངས་འབོར་སྤར་བ། ༢༠༠༡ ལོར་མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་འོས་འདེམས་བྱས་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་དུས་སྐབས་ལ་འགྱུར་བ་ཤུགས་ཆེན་ཞིག་བཏང་གནང་བའི་འགྲེལ་བརྗོད་རྒྱལ་དབང་དོན་གྱི་བདག་པོས་ཡང་ཡང་གནང་བ་ལྟར་ལགས། ཁྱད་པར་དུའང་ད་ལོ་ ༢༠༡༡ ལོར་དོན་གྱི་བདག་པོ་རང་གི་ཞལ་ནས་ཐུགས་ཐག་གཙང་བཅད་ཀྱི་རྡོ་རྗེའི་བཀའ་ལུང་ནན་པོ་ཕེབས་པ་ལ་བརྟེན་ནས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་དུས་སྐབས་ནི་རྒྱལ་ཁའི་ངང་ནས་མཇུག་ལེགས་པར་གྲུབ་ཟིན་པ་ཀུན་གསལ་ལྟར་ཡིན།

འོན་ཀྱང་བྱུང་བ་ལ་ཉམས་ཀྱིས་བལྟས་ན། མང་གཙོའི་ལམ་ལུགས་ལ་སྲིད་འཛིན་ལམ་ལུགས་དང་སྲིད་བློན་ལམ་ལུགས་གཉིས་ཡོད་རབས་འདུག་པ་ལས། དེ་སྔའི་བོད་ཀྱི་མང་གཙོ་ནི་ ༡༩༦༠ ནས་ ༢༠༠༠ བར་དུ་སྲིད་འཛིན་ལམ་ལུགས་ལྟ་བུ་དང་། ༢༠༠༡ ལོར་བཀའ་ཁྲིས་སྲིད་ཕྱོགས་ཀྱི་འགན་ཕལ་མོ་ཆེ་གཙང་བཞེས་གནང་སྟེ། དོན་གྱི་བདག་པོ་མཆོག་གིས་སྲིད་ཕྱོགས་ཀྱི་ཕྱག་ལས་མང་པོ་རྒྱུན་པར་གནང་མི་དགོས་པར་སྲིད་འཛིན་གྱི་མཚན་གནས་བཞེས་པ་ལྟ་བུས་ཕྱེད་བགྲེས་ཡོལ་ཚུལ་དུ་བཞུགས་པ་ནས་བཟུང་ ༢༠༡༠ བར་སྲིད་བློན་ལམ་ལུགས་ལྟ་བུ་ཆགས་ཡོད།

ད་ལོར་༸གོང་ས་མཆོག་གི་བཀའ་དགོངས་མཐར་ཐུག་ཡོངས་རྫོགས་བགྲེས་ཡོལ་གནང་བ་ནས་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་༼འོས་འཚམས་ཅན་ཐམས་ཅད་༽བཀའ་ཁྲི་ལ་གནང་སྟབས། ད་ནི་སླར་ཡང་རང་རེའི་མང་གཙོ་འདི་སྲིད་འཛིན་ལམ་ལུགས་སུ་འགྱུར་བ་ཡིན་པས། བཀའ་བློན་ཁྲི་པའི་མཚན་ལ་སྲིད་སྐྱོང་ངམ་སྲིད་འཛིན་ཞེས་ངེས་པར་དུ་བསྒྱུར་དགོས་ཏེ། བཀའ་བློན་ཞེས་པས་བློན་པོར་གོ་ཞིང་། བློན་པོ་ཡིན་ན་དེའི་གོང་དུ་སྲིད་ཕྱོགས་ནས་གཞན་ཞིག་ཡོད་དགོས་པ་ལས་མེད་པའི་ཕྱིར་རོ།། གལ་ཏེ་མི་བསྒྱུར་ན་ནི་དེའི་གོང་དུ་སྲིད་འཛིན་ལྟ་བུ་ཞིག་བསྐོ་དགོས་པ་ལས་ དེའང་ལས་ལྷག་ཡིན་པས། དགོས་མེད་རེད་སྙམ།

འགའ་ཞིག་གིས་ད་བར་བཀའ་ཁྲི་རིམ་པ་མང་དུ་བྱོན་ཚར་བ་རྒྱུ་མཚན་དུ་བགྲངས་ནས་བཀའ་ཁྲིའི་མཚན་བརྗེ་མི་རུང་ཟེར་བ་དང་། བརྗེ་ན་ནི་སྲིད་སྐྱོང་དང་པོ་གཞི་ནས་བརྩི་སྟེ་བཀའ་ཁྲིའི་བྱ་གཞག་མཇུག་བསྡུ་དགོས་པ་དོན་མེད་ཟེར་ཡང་། དེ་ནི་མ་བརྟག་པ་ཡིན་ཏེ། བོད་གཞུང་དགའ་ལྡན་ཕོ་བྲང་ཡང་འགྱུར་བའི་དུས་ལ་བསླེབས་ཟིན་པ་ཡིན་ན། བཀའ་ཁྲིའི་མཚན་ཙམ་བསྒྱུར་མི་རུང་བ་ཅི་ཡོད། ཡང་ཁོ་རང་གིས་བཀའ་ཁྲི་གསར་པ་ལ་སྲིད་བློན་གྱི་མཚན་གནས་ཕུལ་ན་ཡག་པོ་འདུག་ཟེར་ཡང་། དེ་ནི་ནང་འགལ་ཡིན་པར་མ་ཟད། གོང་སྨྲོས་ལྟར་གྱི་སྐྱོན་ཡོད་ལ། བོད་ཀྱི་རྒྱལ་པོའི་ལམ་ལུགས་དང་མང་གཙོའི་ལམ་ལུགས་གཉིས་ཀ་མཉམ་གནས་བྱེད་ཐབས་ཟེར་བ་ནི་རྨི་ལམ་ཙམ་སྟེ། དོན་གྱི་བདག་པོ་མཆོག་གིས་ཉེ་ཆར་དུས་རབས་འདིར་རྒྱལ་པོའི་ལམ་ལུགས་སོགས་མཇུག་བསྒྲིལ་ཟིན་པའི་བཀའ་གསལ་པོ་ཕེབས་པ་ཙམ་དུ་མ་ཟད། དངོས་སུ་ཕྱག་བསྟར་གནང་སྟེ་སུས་ཀྱང་བཙན་ཤད་མ་ཞུས་པར་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ལ་གསོལ་རས་གནང་ཟིན་པས། ད་རྒྱལ་པོའི་ལམ་ལུགས་རྒྱུན་གནས་བྱེད་ན། རྒྱལ་པོ་གང་ནས་འཚོལ་རྒྱུ་ཡིན་ལགས། དེས་ན་ངའི་བསམ་པར་བཀའ་བློན་ཁྲི་པའི་མཚན་དེ་སྲིད་སྐྱོང་དུ་བསྒྱུར་ན་འོས་འཚམ་ཅན་དུ་མཐོང་ངོ་། །

ཡང་བཀའ་ཁྲི་ལ་དུས་ཡུན་ངེས་ཅན་ཡོད་པ་ལྟར་སྤྱི་འཐུས་ལའང་ཡོད་དགོས་ཟེར་བ་ནི། གནད་འགག་མ་རྟོགས་པའི་རིགས་འགྲེ་ཐལ་ཆེས་པ་ཞིག་རེད། རྒྱུ་མཚན་ནི་སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཡིན་གཤིས། ཁྲིམས་བཟོ་བ་རྣམས་ལ་ཅི་ཙམ་ལོ་མང་གི་ཉམས་མྱོང་ལྡན་པ་དེ་ཙམ་གྱིས་བཅའ་ཁྲིམས་བཟོ་རྒྱུ་དང་བཅོས་རྒྱུ་སོགས་ལ་ཕན་ཐོགས་ཆེ་བས། དུས་ཡུན་ངེས་ཅན་མེད་པ་ཉིད་ལེགས་པ་ཡིན་སྟབས། སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱིས་ཀྱང་གྲོས་ཚོགས་ཚོགས་མི་ལ་དུས་ཡུན་ངེས་ཅན་བཟོས་མེད་པར་མ་ཟད། འགའ་ཤས་ཀྱིས་མི་ལོ་སུམ་ཅུ་བཞི་བཅུ་བར་གྲོས་ཚོགས་ཚོགས་མི་བྱས་པའི་སྙན་གྲགས་དང་བྱ་དགའ་ཡང་གནང་སྲོལ་ཡོད་རབས་འདུག་གོ །

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༧ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 6

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དགོད་བྲོ་བ་རང་རེད།
    སྤྱི་འཐུས་ཚོའི་རྣམ་དཔྱོད་བཅའ་ཁྲིམས་སྐྱར་བཅོས་དང་འབྲེལ་བ་མེད་ན།
    སུ་དང་བཅའ་ཁྲིམས་སྐྱར་བཅོས་འབྲེལ་བ་ཡོད་དམ།

    སྤྱི་འཐུས་དེ་ཚོ་ཡང་བཀའ་ཁྲི་ལྟར་ཐེངས་གཉིས་ལས་བསྟུད་མར་བྱས་མི་ཆོག་པ་བཟོས་ན་དགེ་མཚན་ཆེ་བར་མངོན།

    Reply
  2. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 15 སྔོན།

    ཕྲན་གྱི་རྩོམ་འདི་མདུན་ངོས་སུ་བཀོད་གནང་བས། དུས་བབ་རྩོམ་སྒྲིག་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཞིང་། དྲ་གྲོགས་ཚོས་དགོངས་ཚུལ་གསུངས་པར་ཡང་ཐུགས་རྗེ་ཆེ།

    སྤྱི་འཐུས་དུས་ཡུན་ངེས་ཅན་བཟོ་དགོས་ཟེར་བ་ནི་གོང་དུ་རྩོམ་ནང་བྲིས་ཡོད་པ་ལྟར་མི་རུངབ་ཞིག་རེད། ད་ལྟའི་སྤྱི་འཐུས་ཚོ་ལ་ཤེས་འཇོན་མེད་རབས་བཤད་པ་ནི་་་་་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བ་དེ་ཙམ་མེད། རྒྱུ་མཚན་ནི། བཅའ་ཁྲིམས་ཞེས་པ་ནི་མི་ལོ་མང་པོའི་བར་དུ་ལས་དོན་གྱི་གཞི་འཛིན་ས་ཡིན་པས། གང་ཟག་བྱེ་བྲག་པ་དང་། ཡུལ་དུས་བྱེ་བྲག་པ་ཁོ་ན་ལ་དམིགས་ནས་བཟོ་མི་རུང་། སྔ་ཕྱིའི་དུས་ཚོད་མང་པོ་ལ་བསམ་བློ་ཞིབ་ཚགས་གཏང་དགོས་ངེས་ཡིན།

    བཀའ་ཁྲིའི་མཚན་ལ་སྲིད་འཛིན་ནམ་སྲིད་སྐྱོང་གང་དགའ་གང་འོས་ཤིག་འདོགས་ཆོག་ཅིང་། འདོགས་དགོས་པར་སེམས་ཏེ། རྒྱ་ཆེའི་ཀློག་པ་པོ་རྣམ་པས་དགོངས་ཚུལ་གང་མང་གསུང་རོགས་ཞུ།

    Reply
  3. མཁས་བཙུན། says:
    ལོ་ 15 སྔོན།

    སྲིད་སྐྱོང་ལས་སྲིད་འཛིན་ཡག་པ་འདུག གང་གིས་ན། སྲིད་སྐྱོང་ཞེས་པའི་ཐ་སྙད་དེ་དེ་སྔོན་བླ་རྒྱུད་དབང་འཛིན་པའི་སྐབས་སུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་དགུང་ན་ཕྲ་སྐབས་དེའི་སྐུ་ཚབ་ཏུ་སྲིད་སྐྱོང་བར་བསྐོས་པའི་མི་དེ་དག་ལ་གོ་བ་དང་། ང་ཚོས་རྒྱལ་ཁབ་ཚང་མའི་འགོ་འཛིན་ལ་སྲིད་འཛིན་ཞེས་འབོད་པ་ལས་སྲིད་སྐྱོང་ཞེས་ཐ་སྙད་གང་ལའང་འཇུག་མྱོང་མེད་པས། དགོས་མེད་དཀའ་རྙོག་ཙམ་དུ་ལགས་སོ།

    Reply
  4. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    སྤུན་གྲོགས་ཚོའི་བསམ་ཚུལ་སྟོན་གནང་བ་དགའ་བསུ་ཞུ་།

    Reply
  5. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་་བར་དགའ་བསུ་ཡོད་ཡིན་ནའང་བཅའ་ཁྲིམས་བསྐྱར་བཅོས་བགྲོ་གླེང་ལྷུག་པོ་དང་གྲོས་ཆོད་རྣམས་ཀྱང་ཁ་བཤད་ལག་བསྟར་ཡོ་བར་ མཁྱེན་ མ ཁྱེན།

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཆོས་སྲིད་འབྲེལ་གྱི་ལམ་ལུགས་དེ་འཇུག་སྒྲིལ་དགོས་པ་དེ་དངོས་གནས་ཕྱི་གྲགས་ན་མ་གཏོགས་སྔ་རྩ་བ་ནས་ཉིད་ནས་གྲགས་མེད།

    སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་གྲོ་ཚོགས་ཀྱི་ཚོགས་མི་རྣམས་ལ་རིག་པའི་གཞུང་ལུགས་ཀྱི་ཁྲིམས་ལུགས་ཐོག་ལ་སྦྱངས་བརྩོན་མི་དམན་པ་ཡོད་ཤ་སྟག་རེད།
    ངེད་ཚོའི་གྲོས་ཚོགས་ཀྱི་ཚོགས་མི་བརྒྱ་ཆ་དགུ་གོ་དགུར་རིག་པའི་གཞུང་ལུགས་ཀྱི་ཁྲིམས་ལུགས་ཐོགས་ལ་སྦྱངས་བརྩོན་རྩ་བ་ནས་མེད།

    བཀའ་ཁྲི་དུས་ཡུན་ངེས་ཅན་ཡོད་པ་ལྟར་སྤྱི་འཐུས་ལའང་ཡོད་དགོས། སྤྱི་འཐུས་འགའ་རེ་དུས་ཡུན་རིང་པོ་ཇི་ཙམ་སོང་ཡང་རིག་པའི་གཞུང་ལུགས་ཀྱི་ཐོག་ལ་སྦྱངས་བརྩོན་མེད་ཙང་གྲོས་ཚོགས་ནང་ས་མིག་བཀག་པ་ཙམ་ལས་དོན་འབྲས་སྨིན་པའི་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese