མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམ་པ་ཞིག་དགོངས་པ་རྫོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ཟླ་ ༥ ཚེས ༡ ཉིན་ཁམས་ཏྲེ་ཧོར་བྲག་མགོ་དགོན་པའི་སློབ་དཔོན་བློ་བཟང་དོན་གྲུབ་མཆོག་དགོངས་པ་རྫོགས་ཡོད་འདུག  

དམ་པ་དེ་ཉིད་སྐུ་མྱ་ངན་ལས་འདས་མ་ཐག བོད་ཕྱི་ནང་དུ་ཡོད་པའི་བྲག་མགོ་དགོན་པའི་སེར་སྐྱ་ཡོངས་ཀྱིས་སྐྱོ་གདུང་དྲག་པོས་བསྔོ་བ་སྨོན་ལམ་ཚོགས་ཡོད་པ་མ་ཟད། བྲག་མགོ་རྫོང་སྲིད་གཞུང་གི་བོད་རིགས་ལས་བྱེད་རྣམས་གཙོས་བྲག་མགོ་ཁུལ་གྱི་སེར་སྐྱ་མི་མང་དམ་པ་དེ་ཉིད་ཀྱི་གཟིམ་ཤག་ཏུ་ཆེད་བཅར་ཏེ། སྐུ་གདུང་ལ་ཕྱག་མཆོད་དང་མཇལ་དར་བསྒྲོན་འབུལ་ཞུས་ཡོད་པ་མ་ཟད། ཉིན་དེར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་དང་སློབ་མ་ ༧༠༠ ཙམ་གྱིས་སློབ་དཔོན་དམ་པ་དེ་ཉིད་ཀྱི་སྐུ་པར་སློབ་གྲྭའི་ར་བར་གདན་དྲངས་ཏེ། རང་རང་གི་དད་གུས་མཚོན་པའི་མཇལ་དར་བསྒྲོན་འབུལ་དང་བསྔོ་བ་སྨོན་ལམ་ཚོགས་ཡོད་འདུག མཇུག་ཏུ་དགེ་རྒན་ཆེན་མོ་ཚེ་དབང་འགྱུར་མེད་ཀྱིས་སློབ་མ་རྣམས་ལ་དམ་པ་དེ་ཉིད་ཀྱི་རླབས་ཆེན་གྱི་མཛད་རྗེས་རགས་བསྡུས་ངོ་སྤྲོད་དང་སྦྲགས་ཚང་མས་སློབ་དཔོན་ཉིད་ཀྱི་མཛད་རྗེས་ལ་ཁ་མིག་ཡར་བལྟས་ཀྱིས་བོད་མི་རིགས་དང་། བོད་པའི་གཞུང་ལ་དམ་པ་དེ་ཉིད་ལྟར་ཕྱག་རྗེས་འཇོག་ཐུབ་པའི་སློབ་གསོ་གནང་ཡོད་འདུག

མདོ་ཁམས་ཕྱོགས་སུ་བསྟན་པའི་མེ་རོ་སླར་གསོའི་ཕྱག་རྗེས་བླ་མེད་དུ་འཇོག་གནང་མཛད་མཁན་སློབ་དཔོན་བློ་བཟང་དོན་གྲུབ་མཆོག་དགུང་གྲངས་ ༨༦ ལ་ཕེབས་ཏེ། དགུང་ལོ་བགྲེས་པས་སྐུ་གཟུགས་ཉོབ་སྣང་གི་རྣམ་པ་མངོན་པ་ལས་གཞན་སྙུང་གཞིའི་རྐྱེན་ཚབས་ཆེན་གང་ཡང་མ་བསྟན་པར་དགོངས་པ་ཆོས་དབྱིངས་སུ་ཐིམས་རྗེས། བདུན་ཕྲག་གཅིག་རིང་ལ་ཐུགས་དམ་དུ་བཞུགས་ཤིང་མཐར་ཐུགས་དམ་ལས་བཞེངས་མ་ཐག་སྐུ་གདུང་རིན་པོ་ཆེ་གནའ་བོའི་དགོན་རྙིང་གི་དུར་ཁྲོད་དུ་ཞུགས་འབུལ་བྱས་ཡོད་འདུག  སྐུ་གདུང་ཞུགས་འབུལ་གྱི་ཉིན་དེར་དགོན་པའི་མཁན་ཁྲི་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐོ་སློབ་ཀྱི་སློབ་དཔོན་འཕྲིན་ལས་དོན་གྲུབ་སོགས་གཙོས། བྲག་མགོ་ཁུལ་གྱི་དགོན་ཁག་གཞན་དང་། གསེར་རྟ་བླ་རུང་སྒར་གྱི་སྐུ་ཚབ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམ་པ། བྲག་མགོ་རྫོང་སྲིད་གཞུང་གི་བོད་རིགས་ལས་བྱེད་སོགས་འདུ་འཛོམས་གནང་ཡོད་འདུག 

དམ་པ་བློ་བཟང་དོན་གྲུབ་མཆོག་ནི། ཕྱི་ལོ་ ༡༩༢༤ ལོར་ཁམས་བྲག་མགོ་ནོར་པ་གཡང་སྡེ་རུ་སྐུ་འཁྲུངས་ཤིང་། རང་ལོ་བཅུ་གཅིག་སྟེང་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་ལ་བསླབས་ཤིང་། ཕྱི་ལོ་ ༡༩༤༡ ལོར་ལྷ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་འཛུལ་ཞུགས་ཀྱིས་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་ཚེ་དབང་ནོར་བུ་དང་། ཚུལ་ཁང་མཁན་ཟུར་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ། བྲག་མགོ་དགེ་བཤེས་ཡེ་ལོ་སོགས་ཀྱི་མདུན་ནས་དབུ་ཕར་འདུལ་མཛོད་ཚད་མ་བཅས་ལ་བསླབ་པ་ཚུལ་བཞིན་གནང་སྟེ། ཀུན་གྱིས་གཙུག་ཏུ་བཀུར་བའི་མཁས་པའི་མཚན་སྙན་རྒྱས་ཡོད་འདུག

ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་བཙན་འཛུལ་གྱི་དུས་ཟིང་དེར་རང་ཡུལ་བྲག་མགོ་དགོན་དུ་ཕེབས་དགོས་བྱུང་ཞིང་། རེ་ཞིག་སློབ་མ་གསོ་སྐྱོང་དང་སློབ་ཁྲིད་ཀྱི་མཛད་འཕྲིན་སྐྱོང་མ་ཐུབ་པར་བཞུགས། ཕྱིས་རིག་གནས་གསར་བརྗེ་རླུང་འཚུབ་ཆེན་པོའི་སྐབས་དམ་པ་དེ་ཉིད་ཀྱང་འཐབ་འཛིང་སྣ་ཚོགས་ཀྱིས་བགྲང་བྱ་གཅིག་གི་རིང་བཙོན་ཁང་དུ་ཚུད་ཅིང་། ཕྱི་ལོ་ ༡༩༨༡ ལོར་རིག་གནས་གསར་བརྗེའི་དུས་ཟིང་ལྷིང་འཇགས་བྱུང་རྗེས་མི་ཉག་པའི་མཁས་པ་ཐུབ་བསྟན་ཉི་མ་སོགས་ཀྱིས་སྡེ་དགེ་རྫོགས་ཆེན་གྱི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་གདན་ཞུས་ལྟར་ཚད་མ་རིག་པའི་དགེ་རྒན་དུ་ཕེབས། ཕྱི་ལོ་ ༡༩༨༤  ནས་སྔ་ཕྱིར་ལོ་ ༡༣ རིང་བྲག་མགོ་དགོན་པའི་མཁན་པོ་དང་མཁན་ཟུར། ཚོགས་ཆེན་ཁྲི་ལ་མངའ་གསོལ་བ་དང་ཆབས་ཅིག གྲྭ་མང་ཡོངས་ལ་གཞུང་པོ་ཏི་ལྔའི་ཕྱག་དཔེ་སློབ་ཁྲིད་མཛད།

ཕྱི་ལོ་ ༡༩༨༥ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བྲག་མགོ་ཁུལ་དུ་གཟིགས་སྐོར་ཕེབས་སྐབས་མཁས་མཆོག་དེ་ཉིད་ཀྱི་ལུང་རིགས་ཀྱི་རྟགས་བསལ་ལ་ཐུགས་ཡིད་ཤིན་ཏུ་དགྱེས་པའི་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་མྱོང་ཞིང་། ཕྱི་ལོ་ ༡༩༨༧ ལོར་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གྲྭར་གདན་ཞུས་ལྟར་མི་ཉག་དཔལ་ལྷ་སྒང་དུ་ཕེབས་ཏེ་རིས་མེད་གྲུབ་མཐའ་ཁག་གི་སློབ་མ་རྣམས་ལ་ཚད་མ་རིག་པའིི་སློབ་ཁྲིད་གནང་། ཕྱི་ལོ་ ༡༩༩༥ ལོར་བྲག་འགོ་དགོན་པའི་བཤད་གྲྭ་དངོས་སུ་འགོ་ཚུགས་པ་དང་མཁས་མཆོག་དམ་པ་དེ་ཉིད་ཀྱིས་དགེ་རྒན་དང་དབུ་འཛིན་གཅིག་ལྕོག་གནང་སྟེ་ད་ལྟའི་བར་དཔེ་ཁྲིད་གནང་ཡོད་འདུག  

 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༤ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བདུན་ཕྲག་གཅིག་རིང་ལ་ཐུགས་དམ་དུ་བཞུགས་པ་ནི། རྗེས་སུ་ཡི་རང་ངོ་། །དགེའོ། །

    Reply
  2. བསྟན་འཛིན་ཆོས་འཕེལ། says:
    ལོ་ 15 སྔོན།

    དངོས་གནས་སློབ་དཔོན་བློ་བཟང་དོན་གྲུབ་མཆོག་ནི་བྲག་འགོ་ཙམ་དུ་མ་ཟད། མི་ཉག་དང་། གསེར་རྟ། དཀར་མཛེས་སོགས་སུ་ཡོངས་གྲགས་ཀྱི་མཁས་པ་རླབས་ཆེན་ཞིག་ཡིན་ལ།
    ཁམས་ཁུལ་ནས་བོད་བརྒྱུད་ནང་བསྟན་གྱི་མེ་རོ་སླར་གསོ་ཡོང་བ་ལ་དུས་ཐོག་ཆར་པ་བཞིན་དུ་འགྲོ་དོན་རླབས་ཆེན་མཛད་གནང་མཁན་ཞིག་རེད། ད་རེས་སློབ་དཔོན་ཁོང་དགོངས་པ་རྫོགས་པ་དེ་ནི་བོད་མི་བསམ་ཡོད་ཀུན་གྱི་ཡིད་སྐྱོ་དགོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese