མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚན་གནས་གསལ་པོ་ཞིག་འབུལ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཏེ་ཉིན་གཉིས་ལྷག་གི་བགྲོ་གླེང་བརྒྱུད་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་སྔོན་གླེང་ལ་ཚོགས་ཆུང་མང་ཆེ་བས་སྤྱི་མོས་བྱུང་འདུག
ཕྱི་ཚེས་༢༡ཉིན་གྱི་ཕྱི་དྲོ་ནས་བཟུང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་ཞུགས་པ་རྣམས་ཚོགས་ཆུང་བཅུ་རུ་བགོས་ཏེ།བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་ཐོའི་སྔོན་གླེང་དང་དོན་ཚན་དང་པོའི་སྐོར་ལ་ས་གནས་མི་མང་གི་བསམ་ཚུལ་དང་འབྲེལ་བགྲོ་གླེང་གོ་བསྡུར་གནང་ཡོད་པ་ལྟར། དེ་རིང་གསར་འགོད་པས་ཚོགས་ཆུང་ཁག་ཅིག་གི་ནང་གོང་གསལ་དོན་ཚན་ཁག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གནད་དོན་ཐད་ཐག་གཅོད་གང་འདྲ་བྱུང་མིན་དྲིས་པར།
ཚོགས་ཆུང་བདུན་པའི་ཚོགས་གཙོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསུང་དོན།ང་ཚོའི་ཚོགས་ཆུང་ནང་འགྲོ་བཞིན་པའི་བསམ་ཚུལ་མང་ཆེ་བ་ཐག་གཅོད་བྱ་ཐུབ་པ་དེ་འདྲ་མ་རེད།བསམ་ཚུལ་ཤུགས་ཆེ་ཤོས་བཅའ་ཁྲིམས་བསྐྱར་བཅོས་དེ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡིན་སྟབས།ཉིན་གཅིག་གཉིས་ནང་བྲེལ་འཚུབ་བྱ་རྒྱུ་ཞིག་མ་ཡིན་པར་ཉམས་མྱོང་ཅན་དང་ཆེད་མཁས་པ་གདན་ཞུའི་ཐོག་བསྐྱར་བཅོས་གཏོང་དགོས་ཀྱི་འདུག་ཅེས་བསམ་ཚུལ་བཏོན་ཡོང་གི་འདུག  དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་དུ་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བོད་ཀྱི་ལོ་རྒྱུས་སྙིང་བསྡུས་དང་བཙན་བྱོལ་གྱི་ལོ་རྒྱུས་སྙིང་བསྡུས་འཁོད་དགོས་པའི་སྐོར་ནས་བསམ་ཚུལ་བྱུང་སོང་བར་མ་ཟད།བཙན་བྱོལ་བོད་མིའི་གཞུང་དང་བོད་མི་རིགས་ཟེར་བའི་མིང་གི་ཐད་མང་ཆེ་བས་ ‘‘ བཙན་བྱོལ་བོད་གཞུང་། ” དང ‘‘བོད་མི། ” ཞེས་འཇོག་དགོས་པ་དང་།བཀའ་བློན་གྱི་ལས་ཡུན་དང་བཀའ་བློན་ཕྱག་རོགས་འདེམས་པའི་ཐད་སྔོན་མ་ལྟར་རང་སོར་འཇོག་དགོས་པའི་ཐག་གཅོད་བྱུང་སོང།ཞེས་གསུང་བྱུང་།
ཚོགས་ཆུང་དང་པོའི་ཚོགས་མི་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བརྗོད་དོན།  ང་ཚོའི་ཚོགས་ཆུང་ནང་ཉིན་གཉིས་ལྷག་གི་རིང་སྔོན་གླེང་ནང་༸གོང་ས་མཆོག་གི་གསུང་འཕྲིན་འཇོག་དགོས་ཀྱི་འདུག་ཅེས་བརྗོད་མཁན་ཁག་ཅིག་དང་། ༸གོང་ས་མཆོག་གིས་ལུང་དྲངས་པའི་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་བདམས་བཀོད་བྱེད་དགོས་པའི་བསམ་ཚུལ་འདོན་མཁན་ཁག་ཅིག སྔོན་གླེང་འགྲིག་མི་འདུག་ཟེར་མཁན་ཁག་ཅིག་བཅས་བསམ་ཚུལ་མི་འདྲ་བ་གསུམ་བྱུང་སོང་ཡང་སྔོན་གླེང་དགོས་པའི་ཐད་ལ་སྤྱི་མོས་བྱུང་སོང་།བསམ་ཚུལ་ཤུགས་ཆེ་ཤོས་དེ་སྔོན་གླེང་ནང་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་དང་༸གོང་ས་མཆོག་ལ་མི་རིགས་ཀྱི་དབུ་འཛིན་ཟེར་བའི་ཐ་སྙད་གཉིས་བསྒྱུར་བཅོས་བཏང་ཡོད་པའི་སྐོར་ནས་བྱུང་སོང་། མཐའ་མར་བཙན་བྱོལ་བོད་གཞུང་ཞེས་འཇོག་དགོས་པར་སྤྱི་མོས་དང་མི་རིགས་ཀྱི་དབུ་འཛིན་མི་འགྲིག་པར་བསྐྱར་བཅོས་བྱ་དགོས་པར་སྤྱི་མོས་བྱུང་བ་རེད། དོན་ཚན་དང་པོའི་ནང་གསེས་གསུམ་པའི་ནང་གི་སྐུ་ཚབ་དོན་གཅོད་དང་འབྲེལ་བའི་༸གོང་ས་མཆོག་གི་མཚན་གནས་སྐོར་གནས་མིན་བསམ་ཚུལ་མ་འདྲ་བ་གཉིས་བྱུང་མཐར་ཕྱོགས་གཉིས་ཀྱི་བསམ་ཚུལ་ཕུལ་ཡོད་པ་རེད། གཞན།བཀའ་ཁྲིའི་ལས་ཡུན་སྔར་བཞིན་འཇོག་དགོས་པ་དང་བཀའ་བློན་ཕྱག་རོགས་སྤྱི་འཐུས་ལྷན་ཚོགས་ནས་གསང་བའི་འོས་ཤོག་འཕེན་དགོས་པའི་བསམ་ཚུལ་བྱུང་སོང་།ཞེས་བརྗོད་བྱུང་།
ཚོགས་ཆུང་གཉིས་པའི་ཚོགས་མི་བསྟན་རྡོར་ལགས་ཀྱིས་བརྗོད་དོན།ང་ཚོའི་ཚོགས་ཆུང་ནང་བསྐྱར་བཅོས་ཚོགས་ཆུང་གི་ཟིན་ཐོའི་ནང་བཙན་བྱོལ་བོད་གཞུང་གི་མིང་ལ་འགྱུར་བ་བཏང་སྟེ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་བཏགས་པ་དེ་འགྲིག་མེད་པའི་ཐད་དགག་པ་དང་བསམ་ཚུལ་ཤུགས་ཆེན་པོ་བྱུང་སྟེ། མཐའ་མར་ད་ལྟ་ག་རེ་ཡིན་པ་དེ་མུ་མཐུད་སོར་འཇོག་བྱ་དགོས་པའི་ཐད་ལ་སྤྱི་མོས་བྱུང་སོང་།༸གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་དོར་ཏེ་བོད་གཞུང་གི་དབུ་ཁྲིད་གནང་མི་ཐུབ་ཀྱང་།རྒྱལ་སྤྱིའི་འགྲོ་ལུགས་ནང་ཆབ་སྲིད་ཀྱི་དབང་ཆ་དང་འཛིན་སྐྱོང་གི་འགན་འཁྲི་མེད་པར་རྒྱལ་བོ་དང་རྒྱལ་མོའི་མཚན་གནས་ཡོད་པ་ལྟར།ཆབ་སྲིད་ཀྱི་དབང་ཆ་དང་འཛིན་སྐྱོང་གི་འགན་འཁྲི་མེད་པའི་མཚན་གནས་གསལ་པོ་ཞིག་འབུལ་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་བྱུང་བར་མ་ཟད། གཞུང་གི་དབུ་ཁྲིད་མ་གནང་ཡང་རྒྱལ་ཁབ་ཀྱི་དབུ་ཁྲིད་མུ་མཐུད་གནང་དགོས་པའི་ཐད་མང་མོས་བྱུང་སོང་།དཀའ་ངལ་ཆེ་ཤོས་དབྱིན་ཇིའི་ཚིག་དང་བོད་ཡིག་གི་ནང་དུ་ཡོད་པའི་གཞུང་གི་དབུ་ཁྲིད་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་ཚིག་མི་འདྲ་བའི་དབང་གིས་ཚིག་གསར་བ་བཟོ་དགོས་པ་ཆགས་ཡོད་འདུག་ལ།  གཞན་སྤྱི་འཐུས་ཀྱི་ལས་ཡུན་ལ་ཚད་འཛིན་དགོས་པའི་ཐད་ལ་བསམ་ཚུལ་བྱུང་བ་ལས་དུས་ཡུན་ག་ཚོད་ཅིག་གི་རིང་གནང་མིན་དེ་གཏན་འཁེལ་བྱུང་ཐུབ་མ་སོང་། དེ་མིན་ཚོགས་འདུའི་དུས་ཡུན་ཐུང་དྲག་པའི་ཐད་ལའང་བསམ་ཚུལ་མང་པོ་ཞིག་བྱུང་སོང་།ཞེས་བརྗོད་བྱུང་།
 
ཚོགས་ཆུང་བརྒྱད་པའི་ཚོགས་གཙོ་སྤྱི་འཐུས་སྨོན་མཁར་བསོད་ནམས་ཕུན་ཚོགས་ལགས་ཀྱིས་བརྗོད་དོན། ང་ཚོའི་ཚོགས་ཆུང་གི་ངོས་ནས་ཉིན་གཉིས་མ་ཟིན་ཙམ་གྱི་རིང་སྔོན་གླེང་དང་དོན་ཚན་དང་པོའི་ནང་གི་ཚིག་ཁ་ཤས་བསྒྱུར་བཅོས་བཏང་མཐར་སྤྱི་མོས་བྱུང་ཡོད། དེ་ཡང་ཐོག་མར་སྔོན་གླེང་ནང་གི་ཚིག་གི་འབྲུ་དོན་ཐད་བགྲོ་གླེང་གོ་བསྡུར་བྱས་ཏེ་ཚིག་གསར་བར་བསྒྱུར་བཅོས་ཐོག་མང་མོས་བྱུང་བ་དང་། དེ་ནས་རིམ་གྱི་དོན་ཚན་དང་པོའི་ནང་གསེས་རིམ་པའི་ཐོག་གྲོས་བསྡུར་སྦྱང་བཤད་དང་ཚིག་རེ་རེར་བསྡོམས་བརྒྱབ་མཐར་དོན་ཚན་དང་པོར་སྤྱི་མོས་བྱུང་སོང་། བགྲོ་གླེང་ནང་ཤུགས་ཆེ་ཤོས་དེ་ ‘‘ རང་ཆས་སུ་ཡོད་པ། ” ཞེས་པའི་ཚིག་འདིའི་ཐོག་༸གོང་ས་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་བོད་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། བོད་མི་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པའི་དབང་གིས་ཕན་ཚུན་ལ་ལས་སྨོན་གྱི་འབྲེལ་བ་ཡོད་སྟབས། ཕན་ཚུན་འགན་འཁུར་བའི་ཐོག་དང་དབང་བསྐུར་བའི་ཐད་ལ་འགལ་ཟླ་མེད་པ་ཞིག་གནང་བའི་ཐད་གོ་བསྡུར་ལྷུག་པོ་གནང་ཡོད། ཅེས་བརྗོད་བྱུང་།
༥༽ཚོགས་ཆུང་དགུ་བའི་ཚོགས་གཙོ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་བརྗོད་དོན།ང་ཚོའི་ཚོགས་ཆུང་ནང་བཀའ་བསྡུར་གནང་བའི་སྐབས་སུ། སྤྱིར་བཏང་རྒྱ་ཆེན་པོ་ཞིག་གི་ཐོག་ནས་ལྟ་ཚུལ་དང་བསམ་ཚུལ་མང་པོ་བྱུང་བ་དང་མཉམ་དུ་ཚོགས་བཅར་བ་མང་པོ་ཞིག་གིས་ས་གནས་སོ་སོའི་བསམ་འཆར་ཡིག་ཆ་མང་པོ་འཁུར་ཡོད་པ་དེའི་ཐད་ལའང་བགྲོ་གླེང་གནང་བ་རེད།ཉིན་གཉིས་མ་ཟིན་ཙམ་གྱི་རིང་གོ་བསྡུར་གནང་སྐབས་རིགས་གཅིག་གིས།ད་རེེས་ཚོགས་ཆེན་འདིའི་ཐོག་ཉེ་ཆར་སྤྱི་འཐུས་ལྷན་ཚོགས་ཀྱིས་༸གོང་ས་མཆོག་ལ་སྔར་རྒྱུན་ལྟར་མཛད་འགན་བཞེས་དགོས་པའི་གསོལ་འདེབས་ཞུ་དགོས།ཞེས་གླེང་མཁན་འདུག་ལ།མང་པོ་ཞིག་གིས་འཛིན་སྐྱོང་དབུ་ཁྲིད་དེ་མི་མང་གི་འོས་འདེམས་བྱས་པའི་དབུ་ཁྲིད་ཀྱིས་གནང་དགོས་ཀྱང་། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་བོད་མི་མང་གི་དབུ་ཁྲིད་ཀྱི་མཚན་གནས་བཞེས་རོགས་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པའི་སྐོར་ནས་ཀྱང་གླེང་སློང་བྱུང་སོང་།༸གོང་ས་མཆོག་གིས་མཚན་གནས་བཞེས་དགོས་པའི་རྒྱུ་མཚན། ལོ་རྒྱུས་དང་ད་ལྟ་མ་འོངས་གནས་སྟངས་གང་གི་ཆ་ནས་ཀྱང་༸གོང་ས་མཆོག་དང་བོད་མི་རིགས་གཉིས་ཁ་བྲལ་ཐབས་མེད་པ་ཞིག་ཆགས་ཡོད་སྟབས།ནང་གི་གནས་ཚུལ་ཙམ་མིན་པར་ཕྱིའི་རྒྱལ་ཁབ་ཁག་གི་ལྟོས་པ་ཡིན་ནའང་།༸གོང་ས་མཆོག་གི་དབུ་ཁྲིད་པའི་ཐོག་མི་མང་ཤར་བསྐྱོད་བྱ་ཐུབ་པ་ཞིག་དགོས་རྒྱུ་དེ། མིའི་ལྟ་སྟངས་དང་ངོས་འཛིན་ཕྱོགས་གང་ཅིའི་ཐད་ནས་གལ་ཆེན་ཡིན་པ་ཙམ་མ་ཟད། རྒྱ་ཕྱོགས་ནས་ཚུར་བལྟས་པ་ཡིན་ནའང་རྒྱུན་རིང་པོ་ཞིག་གི་འཐབ་རྩོད་ལའང་ཧ་ཅང་གལ་ཆེན་ཆགས་ཡོད་པའི་སྐོར་དང་། གལ་སྲིད། གོང་གསལ་གྱི་གནད་དོན་གཉིས་ཐོག་འགྲོ་མ་ཐུབ་པ་ཡིན་ན། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་ཐོའི་ཐོག་བསམ་བློ་གཏོང་དགོས་པའི་སྐོར་ལ་སྤྱི་མོས་བྱུང་སོང་། ཞེས་བརྗོད་བྱུང།   
ཚོགས་ཆུང་བཅུ་བའི་ཚོགས་མི་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས་བརྗོད་དོན། ང་ཚོའི་ཚོགས་ཆུང་ནང་བགྲོ་གླེང་ཤུགས་ཆེ་ཤོས་དེ་བཅའ་ཁྲིམས་བསྐྱར་ཟིན་བྲིས་ཀྱི་དོན་ཚན་དང་པོའི་ནང་གསེས་གསུམ་པའི་ནང་གི་ཚིག་དོན་བསྐྱར་བཟློས་ཀྱི་རིགས་དང་གནད་འགག་ཆེན་པོ་མེད་པའི་རིགས་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་ན། ཡར་ཞུ་དུས་ཞུ་བདེ་བོ་དང་ཕྱག་ལས་གནང་མཁན་ལའང་གནང་བདེ་བོ་ཡོད་པའི་བསམ་ཚུལ་གཅིག་དང་།ཡང་ཁག་ཅིག་གིས་བཅའ་ཁྲིམས་བསྐྱར་བཅོས་ནང་ཡོད་པ་དེ་རང་སོར་བཞག་བྱེད་དགོས་པའི་སྐོར་བཅས་དགོངས་ཚུལ་གཉིས་བྱུང་སོང་ལ།མཐའ་མར་བཅའ་ཁྲིམས་ཟིན་བྲིས་ནང་ཡོད་པའི་ཚིག་དོན་རེ་འགར་འགྱུར་བ་བྱུང་བ་ཙམ་ལས།བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་རང་སོར་འཇོག་དགོས་པའི་ཐོག་ལ་སྤྱི་མོས་བྱུང་སོང་།དེ་མིན་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ལས་“བཙན་བྱོལ་གཞུང་གི་སྒྲིག་འཛུགས།” ཞེས་འཇོག་དགོས་པ་དང་། བཀའ་བློན་གྱི་ལས་ཡུན་དང་བཀའ་བློན་ཕྱག་རོགས་འདེམས་སྟངས་ཀྱི་ཐད་ནས་སྔོན་མ་ལྟར་བཀའ་བློན་ཁྲི་པ་རང་གི་ཕྱག་རོགས་ཀྱི་མིང་གཞུང་གྲོས་ཚོགས་ནང་ཕུལ་རྗེས་གྲོས་ཚོགས་ནས་ཐག་གཅོད་ཐོག་འདེམས་རྒྱུར་སྤྱི་མོས་བྱུང་སོང་།ཞེས་བརྗོད་བྱུང་།
 
གསར་འགོད་པ།དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 5

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ཕར་རྐྱང་ཚུར་བསྐུམས་ག་རེ་བྱས་ཀྱང་། རྒྱལ་ཁབ་གཅིག་ལ་གཞུང་གཉིས་མི་ཡོང་བ་སོགས་ཀྱི་འགྲེལ་བཤད་སྣ་ཚོགས་ཀྱིས་གཞུང་དེ་སྒྲིག་འཛུགས་སུ་བསྒྱུར་དུས། སྒྲིག་འཛུགས་ཞིག་ལ་སྒྲིག་གཞི་ཡོད་པ་ལས་བཅའ་ཁྲིམས་ཡོད་པ་མ་རེད། དེ་འདྲ་སོང་ཙང་ད་དུང་གནད་འགག་ཆེ་ཤོས་དེ་ལུས་འདུག ད་ནི་བཅའ་ཁྲིམས་བསྐྱར་བཅོས་ཟེར་རྒྱུ་མེད་པར་སྒྲིག་གཞི་བསྐྱར་བཅོས་སམ་ཡང་ན་བཙན་བྱོལ་བོད་མའི་སྒྲིག་གཞི། དེའི་རྗེས་སུ་རིན་པོ་ཆེ་ཞེས་འབོད་ཀྱང་ཆོག མི་འབོད་ཀྱང་ཆོག་གང་ལྟར་སོ་སོའི་བརྗོད་བདེའི་ཐོག་ནས་འབོད་ཆོག འོན་ཀྱང་ད་དུང་བཅའ་ཁྲིམས་ཞེས་འབོད་བསྡད་ན་ཇི་ལྟར་གནད་ལ་འཁེལ་བའི་འགྲེལ་བཤད་རྒྱག་ཐབས་བྲལ་འདུག་

    Reply
  2. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    མཚན་གནས་ཡིན་ནམ་མཚན་ནས་ཡིན། ཕལ་ཆེར་ཕྲན་གྱི་བསམ་ཚུལ་བྱས་ན་དེ་མཚན་གནས་ཡིན་དགོས་པ་ཞིག་འདུག ཅི་སྟེ་དག་ཆ་ནོར་ཡོད་པ་ཡིན་ན། རྗེས་སུ་ཡིད་གཟབ་དགོས་པ་ཡིན། དུས་བབ་ཚང་གི་དེ་དྲའི་ཡིག་ནོར་མང་པོ་ཤོར་བ་ཡིན་ན་།
    སྐད་ཡིག་དང་སྐད་ཡིག་ཞེས་པའི་འབོད་སྒྲ་སྒྲོགས་ནས་དགོས་པ་མེད་པ་ཡིན། ལྷག་པར་བྱེས་ཀྱི་གཞུང་འབྲེལ་མིན་པའི་ཚགས་ཤོག་ཡག་པོ་ཞིག་ཏུ་རྩིས་ཀྱི་ཡོད་པས། མིས་རིན་ཐང་སྤྲོད་དུས་རིན་ཐང་ངོ་ཤེས་དགོས་པ་ཡིན།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    བཅའ་ཁྲིམས་བསྐྱར་བཅོས་ནང་ཐོན་པའི་༼མི་རིགས་ཀྱི་འགན་འཛིན༽ཟེར་བ་དེ་ནི་༼རྣམ་པ་འགྱུར་བའི་སྡེ་སྲིད་༽ཀྱི་དོན་རེད་ལ། དེ་ནི་གོང་ས་མཆོག་གི་བཀའ་གསུང་དྲོན་མོའི་ལྡོག་ཟླ་ཆགས་ཡོད་ཅིང་། དེ་དོན་བཅའ་ཁྲིམས་ཟིན་བྲིས་སྔོན་གླེང་ནས་ཀྱང་གསལ་བོ་ར་འཕྲོད་ཡོད་སྟབས། ངེས་པར་དུ་མེད་པ་བཟོ་དགོས་ཀྱི་འདུག

    Reply
  4. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་སྒོམས་དེ་མཐའ་གཉིས་སུ་མ་ལྷུང་བའི་ལམ་དབུ་མར་བརྒྱུད་མཐར་ཐུག་དགའ་ལྡན་ཕོ་བྲང་གི་གདུལ་བྱའི་ཞིང་ཁམས་གངས་རི་ར་བའི་སྐོར་བའི་ཞིང་ལ་འཁྲིད་བ་དང་མྱུར་དུ་ཁྲིད་པ་དང་མྱུར་ནས་མྱུར་དུདང་གེག་མེད་ཡིད་ལ་རེ་བ་ལྟར་འགྲུབ་ཅིག་ཤོག

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དུས་བབ་ཚང་གི་ལས་ཚོས་དཀའ་ལས་བརྒྱབས་ཏེ་ད་ཐེངས་ཁ་ཐུག་གསར་འགྱུར་ཚ་བོ་རྐྱང་རྐྱང་བཏང་བར་དགའ་བསུ་ཞུ། མི་མང་གིས་དྲ་ངོས་སུ་བལྟས་ནས་ཡོད་ལ་ཉན་ནས་བསྡད་ཡོད་རེད། གཞན་མཚན་ནས་ཞེས་པ་ཕལ་ཆེར་མཚན་གནས་ལ་བསྒྱར་དགོས་རྒྱུ་རེད་བསམ། ཁ་བྱང་དེ་ནོར་བ་ཡིན་ནམ་དཔྱད་པར་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese