མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲ་བརྟན་དུ་འགྱུར་ངེས་པའི་གཞོན་ལྷན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་དགའ་བ།

རྒྱ་གཞུང་གིས་དངོས་ཡོད་ལ་བརྟག་ཅིང་མ་དཔྱད་པར་མའོ་ཙེ་ཏུང་གིས་བཤད་པའི་རྫུན་གཅིག་ཐེངས་བརྒྱ་ལབ་ན་བདེན་པ་ཆགས་ཀྱི་རེད་ཅེས་པའི་བདེན་པ་རྫུན་འཕྲོག་དང་། རྫུན་པ་བདེན་བསྒྱུར་གྱི་གཏན་ཚིགས་ལྟར་སྣང་འདིར་ཡིད་ཆེས་ངེས་གཏན་ཀྱིས་བོད་བཙན་བཟུང་བྱས་པ་དེ་ཁྲིམས་མཐུན་རང་བཞིན་དང་། ལུགས་མཐུན་རང་བཞིན་གྱི་ངོ་བོར་བསྒྱུར་ཐབས་སུ་བོད་འདི་རྒྱ་ནག་གི་ཆ་ཤས་བསྙོན་མེད་ཡིན་ཚུལ་དང་།  རྒྱལ་སྤྱི་དང་རྒྱལ་ནག་ནང་ཁུལ་དུ་ལོ་རྒྱུས་ལ་འཁྱོག་བཤད་དང་མི་བདེན་རྫུན་བསྒྲིག་ལ་ཐབས་བརྒྱ་བྱུས་སྟོང་གིས་འབད་སྒྲུབ་བྱས་རུང་། བདེན་ཚབ་རྫུན་གཏམ་གྱིས་བྱེད་ནུས་བྲལ་བ་འདི། དེ་གཉིས་ཀྱི་བྱེད་ལས་རང་བཞིན་དང་ངོ་བོའི་རང་བཞིན་བར་འགལ་བ་ལྟག་སྤྲོད་དུ་གནས་ཡོད་པས་རེད། 

 

རྒྱུ་མཚན་དེ་བས་ན་བོད་ཀྱི་གཞོན་ལྷན་གྱིས་ལོ་རྒྱུས་རང་བཞིན་གྱི་ཕྱོགས་གཉིས་པོའི་མངའ་རིས་དང་བདག་ཐོབ་གཞིར་བཟུང་ཐོག་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྤོབས་སེམས་དང་། ཉེན་མཆོང་གི་སྙིང་སྟོབས་བཅས་ལ་མཐོང་ཆེན་དང་གུས་བརྩི་བྱ་དགོས་པ་ནི། མི་རིགས་ཤིག་གི་རྩ་དོན་གྱི་ངོས་ཐད་ནས་མ་གླེང་རུང་། བདེན་དོན་རང་བཞིན་གྱི་ངོ་བོའི་ཆ་ནས་ཀྱང་གོང་བཀུར་བྱ་དགོས་པ་ཞིག་རེད། དེའི་སྟབས་ཀྱིས་ང་གཞོན་ལྷན་གྱི་ལངས་ཕྱོགས་ལ་མོས་མཐུན་མེད་རུང་ཁོང་རྣམ་པའི་རང་རྒྱལ་དགྲ་སྐྱོབ་ཀྱི་ཆོད་སེམས་དང་ཉེན་མཆོང་གི་སྙིང་སྟོབས་བཅས་ལ་ནམ་ཡང་གོང་བཀུར་དང་བརྩི་མཐོང་བྱེད་བཞིན་ཡོད། 



འདས་པའི་ལོ་ངོ་དེ་དག་རིང་རྒྱ་གཞུང་གིས་སྣང་མེད་དུ་བསྐྱུར་མི་རུང་བའི་སྒྲིག་འཛུགས་དེའང་ཚོགས་མི་ཆིག་ཁྲི་ལྷག་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་རེད་ལ། དོན་དངོས་ཀྱི་ཆ་ནས་ཀྱང་རྩ་དོན་ལ་གྲུབ་འབྲས་གང་ཙམ་ཐོན་ཡོད།  དེ་ལྟ་ནའང་ཆུང་དོར་ཆེ་སྐྱོབ་དང་། སྒེར་འཁོན་སྤྱི་སྤུངས། ཁོག་ཡངས་དཀྱེལ་ཆེ། རྒན་གཞོན་གོ་རིམ། བཀའ་བརྩི་དང་ལེན་སོགས་ཆིག་སྒྲིལ་གྱི་མ་ལག་ཁག་ལ་སྣང་འཇོག་བྱ་རྒྱུ་ལྷོད་གཡེང་དུ་གྱུར་བའི་སྟབས་ཀྱིས། སྤྱི་པའི་སྒྲིག་འཛུགས་ཀྱི་ནུས་སྟོབས་དང་གཟུགས་བརྙན་ལ་རྨ་ཁ་རིམ་པར་བཟོས་ཏེ། མང་ཚོགས་ཀྱིས་གཞོན་ལྷན་ལ་བཅངས་བའི་རེ་བ་དང་། ཡིད་ཆེས་ཀྱི་འདུ་ཤེས་བརྟན་པོ་དེ་དག་ལ། གཞོན་ལྷན་གྱིས་བློ་ཕམ་ཡིད་ཆད་དང་། རེ་བྲལ་ཐབས་ཟད། ཨ་ཆད་ཨུ་ཐུག་ཏུ་གཏད་པ་ཡང་ཉུང་ཉུང་ཞིག་ག་ལ་ཡིན། 



ཉེ་བའི་ཟླ་ཤས་གོང་ང་ལ་རེ་སྐུལ་གནང་བ་བཞིན་གཞོན་ནུའི་ཚོགས་འདུ་ཞིག་གི་ཚོགས་དྲུང་བྱེད་སྐབས། ང་ལ་མྱོང་ཚོར་ཆེན་པོ་ཞིག་བྱུང་བ་ནི་མིང་གྲགས་དང་ཆེ་མཐོང་ཡོད་པའི་གཞོན་ལྷན་འདི་ད་ཆ་འཐོར་ཞིག་ཏུ་འགྱུར་བཞིན་པའི་ཁང་རྙིང་གོག་ཧྲུལ་ཞིག་གི་སྣང་བ་འགོག་མེད་དུ་སྦྱིན་སོང་ལ། རང་ཉིད་ཀྱི་ལྟ་བར་རང་ཉིད་ཡིད་ཆེས་དང་གདེང་སྤོབས་བྲལ་བའི་སྐད་ཆ་འགའ་རེ་ཡིས་ང་ལ་དེ་བས་ཀྱང་སྲོག་བྲལ་བེམ་གཟུགས་ཀྱི་སྣང་བ་ཙམ་ལས་རང་རྒྱལ་དགྲ་སྐྱོབ་ཐུབ་ཀྱི་ནུས་ཤུགས་ལྡན་པའི་ཡིད་ཆེས་ཕྲན་བུ་ཡང་སྤྲད་མ་སོང་། དེ་ལྟ་ནའང་ད་ལྟའི་གཞོན་ལྷན་ཚོགས་གཙོ་དང་ཚོགས་གཞོན་བར་ང་ཆེ་ཁོ་བཙན་དང་། སྒེར་འཁོན་སྤྱི་སྤུངས་ལྟ་བའི་དམ་ཚིག་མི་གཙང་བའི་རྐྱེན་རྩ་མེད་པར་ཕན་ཚུན་གུས་བཀུར་དང་རྒན་གཞོན་གོ་རིམ། མཉམ་གྲོས་ཐག་གཅོད་གཞི་རྐང་དུ་བཟུང་བའི་བྱེད་བབ་དེས། ཁོང་གཉིས་བར་མཉམ་རུབ་མཉམ་ལས་ཀྱི་ནུས་པ་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད། 



ལྷག་པར་དུ་ད་ལྟའི་གཞོན་ལྷན་ཚོགས་གཙོ་ནི་ཆབ་སྲིད་ལ་མཁས་པའི་མི་སྣ་ཞིག་རེད་ལ། ཁོང་གི་ཁོག་ཡངས་དཀྱེལ་ཆེའི་བློ་མིག་འོག རང་དང་ལངས་ཕྱོགས་མི་མཐུན་པའི་གནད་ཡོད་མི་སྣ་ཚོར་ཡང་གོང་བཀུར་བྱེད་སྟངས་དེས་ཁོང་གི་གཟུགས་བརྙན་དེ་བོད་མིའི་སེམས་ཁོང་ན་མཛེས་སྡུག་ཅིག་དང་། དགྲ་ཕྱོགས་ཀྱི་སེམས་ཁམས་ན་ཚེ་སྲོག་གི་གཤེད་མ་ལྟ་བུར་གྱུར་ཡོད་ལ། ནང་ཁུལ་དཀྲུགས་ཏེ་ཆིག་སྒྲིལ་རྩ་གཏོར་གྱི་རེ་ངན་དག་ཀྱང་ནུས་མེད་དུ་བཏང་ཡོད།  དོན་དངོས་ཀྱི་ཆ་ནས་ཀྱང་ཁོང་ཐེངས་གཉིས་བསྟུད་མར་གཞོན་ལྷན་གྱི་ཚོགས་གཙོར་བདམས་ཐོན་བྱུང་བ་དེས་ཁོང་གི་ནུས་པ་གསལ་སྟོན་བྱས་པ་རེད་ལ། ཁོང་གིས་སྣེ་འཁྲིད་པའི་ད་ལྟའི་དབུས་གཞོན་ནུའི་རྒྱུན་ལས་གསུམ་ནས་ངེས་མེད་བཟས་བཅད་ཀྱི་བློས་གཏོང་དང་ཆོད་སེམས་དེས་གཞོན་ལྷན་གྱི་སྒྲིག་འཛུགས་འདི་སླར་ཡང་མང་ཚོགས་ཀྱི་སེམས་ཁམས་སུ་རེ་བ་འཆང་ས་ཞིག་དང་། ཡིད་ཆེས་བྱ་ས་ཞིག་ཏུ་འགྱུར་བཞིན་པ་མ་ཟད། རང་ཉིད་ཀྱི་ལངས་ཕྱོགས་ལ་རང་ཉིད་སོམ་ཉིར་གྱུར་ཞིང་བློ་སྤོབས་དང་ཆོད་སེམས་ཉམས་རྒུད་དུ་འགྲོ་བཞིན་པའི་སྐྱེ་བོ་དག་ལའང་ཚེ་སྲོག་གསར་པ་ཞིག་སྦྱིན་ཡོད་པ་ནི་སྨོས་ཅི་ལ་དགོས། 



ཟས་བཅད་ངོ་རྒོལ་བ་གསུམ་གྱི་ཉེན་མཆོང་གི་སྙིང་སྟོབས་དང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཆོད་སེམས་དེས། རང་ཉིད་ཀྱི་ལངས་ཕྱོགས་ལ་རང་ཡིད་རང་ཆེས་ཇི་ཙམ་ཡོད་མེད་གསལ་སྟོན་བྱས་ཡོད་ལ། འདི་བརྒྱུད་དེ་རྗེས་རབས་པ་ཚོ་ལ་བག་ཆགས་བཟང་པོ་ཞིག་བསྐྲུན་ཡོད་པ་མ་ཟད།  གཞོན་ལྷན་གྱི་སྒྲིག་འཛུགས་སྤྱིའི་ལངས་ཕྱོགས་སྲ་བརྟན་དང་། རང་རྒྱལ་རང་སྐྱོབ་ཀྱི་ལས་འགུལ་ལ་སྔར་ལས་ངར་ཤུགས་ཤིག་བསླངས་ཡོད། ཁ་བཤད་དང་ལག་ལེན་གཉིས་ཀྱི་ནང་ནས་རང་ཉིད་གཞན་ལ་ར་སྤྲོད་བྱ་བྱེད་ནི་ཕྱི་མ་ལས་སྔ་མ་མིན་པའི་གཏན་ཚིགས་དེས་གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་འབྱུང་འགྱུར་གྱི་གཞོན་ནུའི་ཚོགས་གཙོར་གདམ་ཐོན་ཡོང་རྒྱུར་སྔར་ལས་རེ་བ་ཆེ་ཙམ་བསླེབས་ཏེ། གཞོན་ནུའི་སྒྲིག་འཛུགས་འདི་སྲ་བརྟན་རང་བཞིན་ངང་མདུན་བསྐྱོད་ཐུབ་རྒྱུར་ཕན་གྲོགས་སུ་འགྱུར་ཡོད། 



གང་ལགས་ཞེ་ན། ཁོང་གི་ཕྱིའི་སྐད་ཡིག་གི་ཆུ་ཚད་དེ་དེ་སྔོན་གྱི་ཚོགས་གཙོ་དག་ལས་ཧ་ཅང་དམའ་ཡང་། རྒྱལ་ཞེན་སྙིང་སྟོབས་དང་ཞེ་འཁོན་འཐབ་རྒོལ་གྱི་སེམས་ཚོར་དྲག་པ་དག་ནི། ཚོགས་གཙོ་སྔ་མ་དག་ལས་ཧ་ཅང་ཚད་མཐོན་པོར་སོན་ཡོད། དེའི་རྒྱུ་མཚན་ནི་གཅིག་ནས་རྒྱ་དམར་གྱིས་བོད་ཤར་ཕྱོགས་ཁུལ་དུ་གདུག་རྩུབ་རང་བཞིན་གྱི་ཡ་ང་བའི་བྱ་སྤྱོད་སྤེལ་བ་འགའ་རེ་ཁོང་གིས་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་ཙམ་དུ་མ་ཟད།  ཕ་ཡུལ་གྱི་གོམས་སྲོལ་ལྟར། ཉེ་དུ་མང་པོ་ཞིག་རྒྱ་དམར་གྱིས་རྐྱེན་ལམ་དུ་བཏང་བའི་ཞེ་འཁོན་དེས་ཁོང་ལ་གཞན་ལས་འཐབ་རྒོལ་ངར་ཤུགས་ལྡན་ཡོད་ལ། མི་གཤིས་གྲུབ་སྟངས་ཆ་ནས་ཀྱང་རུ་ངར་པོ་དང་ཚོར་ཤུགས་ལྡན་པ་ཞིག་ཡིན་པ་ནི་ཁོང་གི་རྩོམ་གཤིས་ལས་དཔོག་ནུས།  

 

རྒྱུ་མཚན་དེ་བས་ན་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྒྲིག་འཛུགས་སྣེ་ཁྲིད་པ་ཞིག་ལ་ངེས་པར་དུ་ལྡན་དགོས་པའི་ཆ་རྐྱེན་ནི། ལོ་རྒྱུས་རང་བཞིན་གྱི་བདེན་དོན་དག་དཔང་རྟགས་ཁུངས་གསལ་ཐོགས་རང་ཉིད་ལ་ངེས་ཤེས་བརྟན་པོ་ཐོབ་དགོས་པ་རྨང་གཞིའི་ཐོག དུས་སྐབས་གང་དུའང་དགྲ་ཕྱོགས་ལ་ལན་འདེབས་ཐུབ་ནུས་ཀྱིས་གདེང་ཚོད་དང་སྤོབས་སེམས་ལྡན་དགོས་པ་མ་ཟད།  དམངས་སེམས་ལ་གཡོ་འགུལ་དང་ཚོར་ཤུགས་ཀྱི་ངར་ཆ་བསླང་ནུས་ཀྱི་ཁྱད་རྟགས་དང་། ཁ་ལག་གཉིས་དོ་མཉམ་དུ་སྤྱོད་པའི་མི་སྣ་ཞིག་དགོས་པ་སོགས་ནི་ཚོགས་མི་ཡོངས་ཀྱི་རྒྱབ་སྐྱོར་དང་། ནུས་པ། སེམས་ཤུགས་རྒྱ་བསྐྱེད་ཐུབ་བྱེད་ཀྱི་ཆ་རྐྱེན་ཁག་ཡིན་པས་དེ་ལྟའི་ཁྱད་ཆོས་ལྡན་པའི་སྣེ་ཁྲིད་པ་ཞིག་གི་འོག་ནས། ད་གཟོད་སྒྲིག་འཛུགས་ཀྱི་ནུས་པ་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་ཡོང་བ་ཞིག་ཡིན་པས་ན། འབྱུང་འགྱུར་ཁོང་གིས་སྣེ་ཁྲིད་འོག་སྔར་ལས་སྒྲིག་འཛུགས་འདི་སྲ་བརྟན་དུ་འགྱུར་ངེས་རེད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༤ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. ཇ་མ་ says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་སྐྲགས་དགོས་ས་གཙོ་བོ་གཞོན་ནུ་ལྷན་ཚོགས་མ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི་རྒྱ་ནག་གི་ལྷམ་ནང་གི་ཁབ་ངོ་མ་ཡིན་ཟེར།

    Reply
  2. དབྱངས་ཅན་སྒྲོན་མ། says:
    ལོ་ 15 སྔོན།

    ཡིན་ད་ཡིན་ཧ་ཅང་ཡག་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese