མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༼ བཙན་བྱོལ་བོད་གཞུང་ ༽ཞེས་པའི་མིང་འདི་འཇོག་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་ནང་འདས་པའི་ལོ་རྒྱུས་རགས་བསྡུས་འགོད་རྒྱུ་དང་། བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་འཇོག་རྒྱུ། གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་བོ་དང་། བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་གང་རུང་གི་མཚན་གནས་འབུལ་དགོས་པ་བཅས་ལ་སྤྱི་མོས་བྱུང་ཡོད།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་ཐོག་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་བསྒྲིལ་སོང་། ཐེངས་འདིའི་ཚོགས་ཆེན་སྟེང་ཚོགས་བཅར་བ་རྣམས་ཚོགས་ཆུང་བཅུ་ལ་བགོས་ཏེ། གངས་སྐྱིད་ཁུལ་གྱི་ཚོགས་ཁང་དག་ཏུ་བཅའ་ཁྲིམས་བསྐྱར་བཅོས་ཐོག་ཉིན་ ༣ རིང་གོ་བསྡུར་སྦྱང་བཤད་གནང་ཡོད་ཅིང་། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག ཚོགས་བཅར་བ་ཡོངས་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚང་འཛོམས་ཐོག ཚོགས་ཆུང་ཁག་གི་བསམ་འཆར་སྒྲོག་སྦྱོང་གནང་སོང་།

ཕྱི་དྲོའི་ཆུ་ཚོད་ ༥ སྟེང་ཐེངས་འདིའི་ཚོགས་ཆེན་སྟེང་གི་གྲོས་དོན་གཙོ་བོ་གཉིས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་དང་དོན་ཚན་དང་པོ་གཉིས་ལ་ལེགས་བཅོས་རེ་བྱས་ཏེ་སྤྱི་མོས་ཐོག་གཏན་འབེབས་བྱས་སོང་། 

སྔོན་གླེང་ནང་ད་ལོའི་ཕྱི་ཟླ་གསུམ་པར་༧གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་གཞི་རྩར་བཟུང་སྟེ། བོད་བཙན་པོའི་རྒྱལ་རབས་ཐོག་མ་གཉའ་ཁྲི་བཙན་པོ་ནས་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་དག་ལ་བགོ་འགྲེམས་བྱེད་ཀྱིན་པའི་བར་གྱི་སྲིད་ཕྱོགས་ཀྱི་ལོ་རྒྱུས་རགས་བསྡུས་བཀོད་འདུག 



དེ་མིན། གནད་དོན་གལ་ཆེན་གཞན་འགའ་ཞིག་ཟུར་དུ་བཏོན་འདུག དེ་དག་ནི་དང་པོ། སྔོན་གླེང་ནང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་བོད་གཞུང་ས་གནས་སྲིད་གཞུང་ལྟ་བུར་གྱུར་བའི་ཚིག་བརྗོད་བཀོད་ཡོད་པ་དེ་ཕྱིར་བསྡུ་དགོས་པ་དང་། གཉིས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་༧གོང་ས་མཆོག་གི་གསུང་འཕྲིན་གཞིར་བཟུང་། སྔོན་གླེང་ནང་བོད་རྗེ་གཉའ་ཁྲི་བཙན་པོ་ནས་དགའ་ལྡན་ཕོ་བྲང་བར་གྱི་བྱུང་རབས་གསར་དུ་བསྣན་དགོས་པ། གསུམ་པ། བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་འཇོག་རྒྱུ། བཞི་བ། ༧གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་དང་། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སོགས་ཀྱི་མཚན་གནས་གང་འོས་ཤིག་འབུལ་དགོས་པ། ལྔ་པ། ༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་པོ་དང་རྒྱལ་མོ་ལྟར། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་བཞེས་གནང་ཡོང་བའི་གསོལ་འདེབས་ཞུ་རྒྱུ། བཅས་ལ་སྤྱི་མོས་བྱུང་སོང་།

༧གོང་ས་སྐུ་ཕྲེང་རི་བྱོན་གྱིས་དབྱིན་ཡུལ་གྱི་རྒྱལ་པོ་དང་རྒྱལ་མོ་ལྟར། བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་དམ་མི་རིགས་དབུ་འཁྲིད་ཀྱི་མཛད་འགན་བཞེས་རྒྱུར་ཚོགས་ཆེན་འདིའི་ཐོག་ནས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། དེ་ལ་༧གོང་ས་མཆོག་གིས་ཞལ་བཞེས་མ་གནང་ཚེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཅུང་གིས་བཟོས་པའི་དོན་ཚན་དང་པོ་དེར་ལེགས་བཅོས་ཀྱིས་རྒྱབ་གཉེར་ཞུས་སོང་།

 

ཚོགས་ཆེན་མཇུག་བསྡོམས་སྟེང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གཏམ་བཤད་གནང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་བཀུར་འོས་ཚོགས་གཙོ་ལྷན་རྒྱས་ནས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དེ་ཆེད་འཛུགས་ཚོགས་ཆུང་གི་ངོ་བོར་བསྐོ་བཞག་གནང་བ་དེ་ཁྲིམས་དང་མཐུན་པ་ཞིག་དང་། ཚད་དང་ལྡན་པ་ཞིག་ལ་བཀའ་ཤག་གིས་མཐོང་གི་ཡོད། ཁྲིམས་བཟོ་ལྷན་ཚོགས་ཡོད་པའི་རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ཡང་། ཁྲིམས་བཟོའི་ལས་དོན་དང་ལྷག་པར་དུ་བཅའ་ཁྲིམས་ཀྱི་ཁྲིམས་བཟོའི་ལས་དོན་ཟིན་བྲིས་ཚོགས་ཆུང་དེ་ངེས་པར་དུ་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ཞིག་གིས་གནང་དགོས་པ་འཇིག་རྟེན་སྤྱི་ཚུལ་ལྟ་བུ་ཆགས་ཡོད། ད་རེས་བཀའ་ཤག་གི་ངོས་ནས་ཟིན་བྲིས་ཆེད་འཛུགས་ཚོགས་ཆུང་དེ་སྤྱི་འཐུས་ཁོ་ནའི་གྲུབ་པ་གནང་དགོས་ཞེས་སྙན་སེང་ཞུས་ཀྱང་། ཕྱིས་སུ་བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་བཙུགས་པ་རེད། ཅེས་གསུངས་བྱུང་།

བཀའ་ཁྲི་མཆོག་གིས་མུ་མཐུད་དུ་གསུངས་དོན། ཚོགས་འདུ་དབུ་འཛུགས་སྐབས་བཀའ་ཤག་གི་གཏམ་བཤད་ནང་རྒྱས་ཞིང་རྒྱས་པ་ཞིག་ཞུས་ཡོད་ཀྱང་། ཚོགས་ཆུང་ཁག་གི་དྲི་བ་ཕེབས་སྟངས་དང་ཚོགས་ཆུང་གཞན་པའི་བཀའ་མོལ་སོགས་ལས་ཐུགས་ངལ་ཡོད་པའི་ཚོར་སྣང་ཞིག་བྱུང་སོང་། ད་ལྟ་ང་ཚོས་༸གོང་ས་མཆོག་ལ་གསོལ་བ་བཏབ་པ་དེ་དོན་ཚན་དང་པོ་གསར་འཇོག་བྱས་པ་དེའི་སྐོར་རེད། དོན་ཚན་དང་པོ་གསར་འཇོག་བྱས་པ་དེ་༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དེ་འབུར་དུ་ཐོན་པ་ཙམ་ཞིག་མ་གཏོགས། བཅའ་ཁྲིམས་ཀྱི་ངོས་ནས་༸གོང་ས་མཆོག་ལ་སྐུ་དབང་འབུལ་རྒྱུ་དེ་ཁྲིམས་སུ་བཅས་པ་ཞིག་ཆགས་ཡོད་པ་མ་རེད། ཡིན་ནའང་། བགྲོ་གླེང་ནང་དོན་ཚན་དང་པོ་བཅུག་པ་ཡིན་ན། དེའི་ཐོག་ནས་༸གོང་ས་མཆོག་ལ་བཅའ་ཁྲིམས་ཀྱི་འཆར་ཅན་འོག སྐུ་དབང་གསར་བ་ཞིག་འབུལ་གྱིན་ཡོད་པའི་ངོ་བོ་ལ་ཚང་མས་ཐུགས་ངལ་བྱུང་བསྡད་པ་འདྲ་ཞིག་མཐོང་སོང་། དེའི་གནས་སྟངས་དེ་རང་ཆས་སུ་ཡོད་པ་ཞེས་པའི་ཚིག་དེ་ངེས་པར་དུ་གསལ་བོར་མཁྱེན་དགོས།  

ལྷག་པར་དུ་བསྐྱར་དུ་ཞུ་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། ༸གོང་ས་མཆོག་ལ་བཅའ་ཁྲིམས་ཀྱི་ངོས་ནས་འབུལ་ལམ་ཞུས་པའི་སྐུ་དབང་ཞིག་ཡིན་ན། བཅའ་ཁྲིམས་བསྐྱར་བཅོས་ནང་ཆེད་འཛུགས་བྱས་པ་ཞིག་ཡིན་དགོས། ད་ལྟའི་ང་ཚོའི་དོན་ཚན་དང་པོའི་ནང་བགྲངས་ཡོད་པའི་སྐུ་དབང་དེ་དག་གི་རྒྱུ་མཚན་ཆ་ཚང་བཅའ་ཁྲིམས་ནས་ཕྱིར་འཐེན་བྱས་པ་ཡིན་ནའང་། ༸རྒྱལ་བ་རིན་པོ་ཆེར་སྐུ་དབང་ཞིག་རང་ཆས་སུ་གནས་ཀྱི་རེད། དེ་ལ་འགྱུར་བ་གཞན་པ་ཞིག་བཏང་བ་ཡིན་ནའང་། ༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་ལ་འགྱུར་བ་འགྲོ་བ་མ་རེད། ཅེས་བཀའ་ཤག་གི་གཏམ་བཤད་ནང་གསལ་བོར་ཞུས་ཡོད། ཡིན་ནའང་། དོན་ཚན་དང་པོ་དེ་བཅའ་ཁྲིམས་ཀྱི་ཆ་ཤས་སུ་སོང་བ་ཞིག་ཡིན་སྟབས། དེ་ག་དུས་ཡིན་ཡང་བསྐྱར་བཅོས་དང་ཕྱིར་ཕུད་བྱ་རུང་བ་ཞིག་རེད། ཅེས་གསུངས་སོང་།

 

ཡང་བཀའ་ཁྲི་མཆོག་གིས་ཁྲིམས་ཀྱི་ཡིག་ཆའི་ནང་ལུང་འདྲེན་དང་། བྱུང་རབས་སོགས་འགོད་མི་རུང་བའི་སྐོར་གསུངས་དོན། གནད་འགག་ཅན་གྱི་དགོངས་འཆར་མང་པོའི་ནང་དོན་ཚན་དང་པོ་མི་དགོས་པར་༸གོང་ས་མཆོག་གི་གསུང་འཕྲིན་བཅའ་ཁྲིམས་ནང་འཇུག་དགོས་ཟེར་པའི་དགོངས་འཆར་བྱུང་སོང་། ཁྲིམས་ཀྱི་འགྲོ་སྟངས་ལྟར་བྱས་ན། ༸གོང་ས་མཆོག་གི་བཀའ་གནང་བ་ཞིག་ཐད་ཀར་ཁྲིམས་ཀྱི་ཡིག་ཆའི་ནང་འཇུག་དགོས་པ་བཀའ་རྩ་ཁྱབ་བསྒྲགས་མ་གཏོགས་ཡོད་མ་རེད། བཀའ་རྩ་ཁྱབ་བསྒྲགས་ཡིན་ན། ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་ལམ་སྲོལ་ལྟར་ཁྱབ་བསྒྲགས་གནང་གི་ཡོད་པ་རེད། དེ་གྲོས་ཚོགས་ནང་མོས་མཐུན་བྱུང་བ་ཡིན་ན་ཇི་མ་ཇི་བཞིན་ཁྲིམས་ཡིག་ནང་འཁོད་འགྲོ་བ་རེད། ༸གོང་ས་མཆོག་གིས་གྲོས་ཚོགས་ལ་གསུང་བཤད་དང་གསུང་འཕྲིན་བསྩལ་བའི་བརྒྱུད་རིམ་གཞིར་བཟུང་ཁྲིམས་བསྐྱར་བཅོས་བྱ་དགོས་པ་རེད་མ་གཏོགས། ༸གོང་ས་མཆོག་གི་གསུང་བ་དེ་ཁྲིམས་ཡིག་གི་ཆ་ཤས་ཤིག་ཆགས་རྒྱུ་ཡོད་པ་མ་རེད་ལ། དེའི་ནང་ལ་ལུང་དྲངས་པ་ཡིན་ནའང་འགྲིག་གི་མ་རེད། ཁྲིམས་ཡིག་ནང་ལུང་འདྲེན་བྱེད་པའི་ལུགས་སྲོལ་ཡང་ཡོད་པ་མ་རེད། ཁྲིམས་ཀྱི་ཡིག་ཆ་བཟོ་སྐབས་བྱུང་རབས་དང་ལུང་འདྲེན། རྒྱུ་མཚན་སོགས་མི་དགོས་པའི་ཐོག་ནས་བཟོ་དགོས་པ་ཞིག་རེད། ཅེས་གསུངས་བྱུང་།  

མཐར་བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་གི་སྐུའི་འཚོ་བཞུག་སྐོར་གསུངས་དོན། ཉེ་ཆར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་ཡོངས་རྫོགས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ཁོང་དགུང་ལོ་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་གནང་བྱུང་ལ། དེའི་སྔོན་གྱི་དགའ་ལྡན་ཕོ་བྲང་ལོ་སུམ་བརྒྱ་དྲུག་བཅུ་འཁོར་བའི་དུས་ཆེན་ཐོག་གཞུང་དམངས་བརྟན་བཞུགས་སྐབས་སུ་ཡང་༸གོང་ས་མཆོག་གིས་དགུང་ལོ་  ༡༠༨ བཞུགས་རྒྱུའི་ཞལ་བཞེས་གནང་བ་དེ་གནས་ཆུང་བཀའ་ཕེབས་པ་རེད། ཡིན་ནའང་ཞལ་བཞེས་ཏེ་དོན་ལ་གནས་པ་ཞིག་ཡོང་ཐུབ་དང་མ་ཐུབ་དེ་ཆོས་སྐྱོང་བཀའ་ལུང་གཞིར་བཟུང་བོད་རིགས་མང་ཚོགས་ཀྱི་བྱེད་ཕྱོགས་ལ་རག་ལས་ཡོད་སྟབས།  མ་འོངས་པར་བོད་མི་ཚང་མ་མཐུན་ལམ་གྱི་ཐོག་ནས་བོད་མིའི་བཟང་སྤྱོད་དང་མཐུན་ལམ། ཆོས་དང་ལེགས་བྱང་མི་ཉམས་རྒྱུན་འཛིན་གྱིས་ཕྱོགས་གཅིག་ནས་བོད་པའི་བསོད་ནམས་གོང་མཐོར་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོའི་ངང་གནས་ཐུབ་པ་ཡིན་ན་ཞལ་བཞེས་གནང་བ་ལྟར་འགྲུབ་ཐུབ་ཀྱི་རེད་ལ། འགྲུབ་ཐུབ་པར་ང་རང་ལ་ཡིད་ཆེས་ཡོད། ཅེས་གསུང་བྱུང་།

 

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡༥ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༨ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 18

  1. ཨ་ཁུ་སྟོན་པ། says:
    ལོ་ 15 སྔོན།

    བོད་དེ་རང་བཙན་དེ་ཡང་དབུ་མའི་ལམ་ལ་བསྒྱུར། །
    བོད་གཞུང་མིང་ཚིག་དེ་ཡང་སྒྲིག་འཛུགས་བསྒྱུར། །
    སྒྲིག་འཛུགས་དེ་ཡང་སྐྱིད་སྡུག་ལ་བསྒྱུར་རེ་ཉེན། །
    ཧ་ཧ་ཧི་ཧི་དེ་འདྲ་འགྱུར་བ་དེ་རྒྱ་ལ་གྲོགས་སུ་གྱུར། །
    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། །
    དུས་ད་ལྟ་རྒྱལ་རྒྱུ་ཡོད་ན། རྒྱལ་རྒྱུར་ཅིག །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གངས་ལྗོངས་ རང་དབང་ དམངས་གཙོའི་ སྒྲིག་འཛུགས་ཀྱི་
    ༸གོང་ས་ མཆོག་ རྒྱལ་གྱུར་ ཅིག

    གངས་ལྗོངས་ རང་དབང་གི་
    ཆོས་སྲིད་ དཔལ་གསུམ་ དར་གྱུར་ ཅིག

    དམངས་གཙོའི་ སྒྲིག་འཛུགས་ཀྱིས་
    གཞིས་བྱེས་ བོད་མི་ རྒྱལ་གྱུུར་ ཅིག

    བཟང་སྤྱོད་ སྒྲིག་འཛུགས་ཀྱིས་
    བོད་རིགས་ མི་མང་ རྒྱལ་གྱུར་ ཅིག

    བོད་མིའི་ དམངས་གཙོའི་ སྒྲིག་འཛུགས་ཀྱིས་
    འཛམ་གླིང་ ཞི་བདེ་ལ་ ཕན་པར་ གྱུར་ཅིག །

    བོད་རྒྱལ་ལོ། །དགེའོ། དགེའོོ། དགེའོོོ། །

    Reply
  3. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ཨོ་རེད་མི་འདུག ང་ཕམ་ས་རེད། ༧གོང་ས་མཆོག་གིས་ “གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཚོགས།”དང་”གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།” གང་རུང་བཏག་ན་ང་ཚོ་ལ་བཀའ་གྱེན་ལྡོག་གི་ཕོད་པ་མེད་པས་ངའི་བོད་གཞུང་ད་ཚང་སོང་བ་འདྲ།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ།
    དེ་རིང་ངས་ཀུ་རེ་ཞིག་རྩེ་འདོད། དེ་རིང་ང་ཟམ་གདོང་འགྲན་པའི་རྒྱལ་ཁ་ང་ལ་རག་བྱུང་། ངས་བཙན་བྱོལ་བོད་གཞུང་ཞེས་པ་ཕྱིར་སྡུ་བྱེད་འཆར་གཏམ་གོ་བའི་ཉིན་མོ་དེ་ནས་ཀུན་གླེང་ནང་དུ་དྲི་བ་བཏོན་ནས་མི་རྣམས་འདིའི་ཐོག་དོ་སྣང་བསྣན་པ་དང་། དེ་ནས་ཅང་མ་འགོར་བར་ཁ་བརྡ་དང་དུས་བབ་གཉིས་སུ་དེའི་སྐོར་བསམ་ཚུལ་བཀོད། https://tibettimes.net/wordpress/news.php?cat=5&&id=4359 http://www.khabdha.org/?p=18595 དེའི་རྗེས་ནས་འདིའི་སྐོར་ལ་བགྲོ་གླེང་གི་འུར་སྒྲ་གང་བ་ལྟ་བུ་ཞིག་བྱུང་སོང་བས་ད་ལན་”བཙན་བྱོལ་བོད་གཞུང”་གི་མིང་གི་རྒྱལ་ཁ་འདིའི་ནང་དུ་ངས་བྱས་རྗེས་བཞག་ཡོད་དའ་། ཨ་ལ་མི་ཟེར་ཀུ་རེ་ཡིན། གསར་འགྱུར་གོ་བ་དང་དགའ་སྤྲོ་སྐྱེས་ནས་སྤྲོ་སྐྱིད་ཀྱི་ཆེད་དུ་འདི་ལྟར་བྲིས་པ་ཡིན། གང་ལྟར་འུར་སྒྲ་འདི་སྒྲོག་མཁན་གྱི་སྔོན་མ་ང་རང་ཆགས་སོང་བ་སྤོབས་པ་ཞིག་སྐྱེས་སོང་། བོད་མི་རིགས་ལ་རེ་བ་ཞིག་མཐོང་བྱུང་། དྲ་གྲོགས་མི་རིགས་གསར་བས་གསུང་བ་བཞིན་འདི་ནི་བོད་མི་རིགས་ད་དུང་གསོན་པོ་ཡིན་པའི་རྟགས་རེད། དེ་རིང་ང་དགའ་བྱུང་།

    Reply
  5. རྒྱལ་བསྟན། says:
    ལོ་ 15 སྔོན།

    ཡག་པོ་བྱུང་འདུག ཐུགས་རྗེ་ཆེ། བོད་གཞུང་ཟེར་བའི་ཚིག་འབྲུ་དེ་མེད་པ་བཟོས་ས་རེད་བསམ་ནས་སེམས་འཁྲལ་བྱས་ནས་བསྡད་ཡོད། བོད་གཞུང་ཟེར་བའི་ཡིག་འབྲུ་དེ་རང་འཇག་བཞག་པ་གོ་སྐབས་ཧ་ཅང་དགའ་བྱུང་། ༸གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་དང་། བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་ཞེས་མཚན་གནས་ཕུལ་བ་དེར་ཡང་སྐྱར་ཐུགས་རྗེ་ཆེ་ཞུ།
    བོད་མིའི་བདེན་མཐའ་མྱུར་དུ་གསལ་བར་ཤོག
    བོད་རྒྱལ་ལོ།

    Reply
  6. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    དེ་རིང་གི་ཚོགས་ཆེན་ནི་བྱུང་རབས་ཀྱི་ལོ་རྒྱུུས་ལ་ཁ་སྒྱུར་དང་མ་འོང་འབྱུང་འགྱུར་གྱི་མདུན་ལམ་དང་ལངས་ཕྱོགས་གསལ་ཁ་ཕྱེ་བའི་ཚོགས་ཆེན་ཞིག་ལ་ངོས་འཛིན་བྱེད་ཆོག།
    དེས་ན་དེ་རིང་གི་ཚོགས་ཆེན་ཐོག་མང་མོས་ཀྱི་ཐག་གཅོག་གང་ལེགས་བྱུང་འདུག་སྙམ་པའི་དགའ་ཚོར་དང་ཚོགས་ཆེན་དེ་དགེ་ལེགས་ངང་ལེགས་གྲུབ་བྱུང་ཡོད་པ་ནི་དེ་བས་དགའ་འོས་པ་ཞིག་རེད།
    ཚོགས་ཆེན་དེ་ལ་བརྟེན་ནས་བོད་མི་ཆོལ་གསུམ་གཅིག་སྒྲིལ་གྱི་ནུས་པ་ཇེ་བརྟེན་དུ་སོང་བ་དང་ཇེ་མཐོ་ཏུ་སོང་བའི་རྒྱལ་ཁ་ཐོབ་པ་ཞིག་ཡིན།
    རྒྱལ་དམར་གཞུང་ནས་བོད་མི་རྒྱལ་ཡོང་ཚོགས་ཆེན་ཐོག་འཁྲུག་འཛིང་དང་རྙོགས་གླེང་སོགས་འཕྲད་རྒྱུའི་ཉེན་ཁ་བཟོས་ཡོད་ཀྱང་རེ་བ་སྟོང་ཟད་དང་ནུས་པ་གང་ཡང་ཐོན་མེད་པ་ནི་ང་ཚོའི་རྒྱལ་ཁ་རེད།
    རྒྱ་གཞུང་དཔོན་རིགས་རྣམས་ཀྱི་རེ་ངན་ཁོག་ཏུ་བཅངས་ནས་དུས་རྟག་ཏུ་
    བཙན་བྱོལ་ཁ་འཐོར་འགྲོ་རྒྱུའི་དུས་ཚོད་སྒུག་ནས་བསྡད་ཡོད་མོད་དེ་ལས་ལྡོག་ཏེ་བཙན་བྱོལ་བོད་མིའི་གཅིག་སྒྲིག་གི་ནུས་པ་ཆེརུ་འགྲོ་གིན་ཡོད་པནི་ང་ཚོའི་རྒྱལ་ཁ་རེད།

    Reply
  7. གནས་ཚང་། says:
    ལོ་ 15 སྔོན།

    གང་ལ་གང་འཚམས་ཡག་པོ་བྱུང་འདུག དེ་གལ་ཆེན་རེད། ཡིན་ནའི། མི་རིགས་ཀྱི་འགན་འཛིན་ཟེར་བ་དེའི་ཐད་གླེང་སློང་གནང་མི་འདུག དེ་ནི་རྣམ་པ་འགྱུར་བའི་སྡེ་སྲིད་ཀྱི་དོན་ཡིན་པས། གོང་སའི་དགོངས་གཞིར་མཐུན་གྱི་མེད་ལ། ཅིས་ཀྱང་ཕྱིར་འཐེན་གནང་དགོས་ཀྱི་འདུག

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མིའི་དམངས་གཙོ་དངོས་གནས་ས་བརྟན་ཡོང་བ་ལ། མ་མཐའ་ཡང་སྲིད་དོན་་ཚོགས་པ་གཉིས་ཏེ། དབུ་མའི་ལམ་བཞུགས་པ་དང་། རང་བཙན་ལམ་བཞུགས་པ་གཉིས་བཙུག་རྒྱུའི་དུས་ཚོད་རན་འདུག
    དེ་མིན། དབུས་ལམ་དང་རང་བཙན་གཉིས་གང་གི་ཕྱོགས་སུ་ཡང་མ་བསླེབས་པའི་བཙན་བྱོལ་སྒྲིག་འཛུགས་ཡུན་གནས་ལ་གྱར་ནས་སྡོད་དགོས་པ་དང་།
    གཞིས་ལུས་བོད་མིའི་བསམ་དོན་དེ་བྱེས་པའི་མི་སྒྲུབ་མི་འཚམས་ལ་བསླེབས་མི་སྲིད་པ་མིན་ལགས། དེ་དོན་ཁ་གཏིང་མཚུངས་ན་བྱ་བ་གང་ཡིན་ཡང་རླབས་ཆེ་བ་མ་ཡིན་ནམ། བོད་རྒྱལ་ལོ། དེགེའོ། །

    Reply
  9. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་རྒྱ་ཆེན་ཚོགས་པར་དགའ་བསུ་ཞུ། ད་ཐེངས་ལས་དོན་མང་པོ་ཞིག་འཁྲེག་བཟུང་མ་བྱས་བར་འགྱུར་བ་བཏང་ཡོད་ཚོད་རེད། དེ་ཧ་ཅང་བཟང་པོ་རེད། དེ་མིན་ཚོགས་འདུའི་ཕྱིའི་རྣམ་པ་ལ་བལྟས་ན་ཁྲ་ཁྲ་མ་ཁྲ་ཞིག་རེད། དེ་ནི་ང་ཚོའི་ཆོས་ལུགས་རིས་མེད་དང་ཆོལ་ཁ་རིེས་མེད་ཀྱི་ཚོགས་འདུ་ཡིན་པའི་རྟགས་མཚན་ཨེ་ཡིན་ན། དེ་མིན་འབྲུག་གཞུང་གི་ཚོགས་འདུའི་སྐབས་སུའང་འདི་འདྲའི་ཁྲ་ཁ་ཞིག་རེད།
    ཡང་ན་ང་ཚོའི་ནང་བ་སྤྱིའི་ཆོས་ཀྱི་མཚོན་དོན་ཞིག་ཡིན་ནམ།
    ཡང་ན་བསམ་བློ་རྗེས་ལུས་ཡིན་པ་ཞིག་མཚོན་པ་ཡིན་དོགས་པ་ཆེ། ངོ་མ་དབུས་ལྭ་དང་གྲྭ་ལ་ཨམ་ལྭ་དང་ཁམས་ལྭ་སྣ་ཚོགས་རིས་མེད་རང་རེད།
    རྒྱལ་ཁབ་དང་མི་རིགས་ཡར་རྒྱས་ཆེ་སའི་ཚོགས་འདུ་དག་ལ་བལྟས་ན་ར་འཕྲོད་པ་ཞིག་འདུག
    འདི་ཚོ་ཡང་འགྱུར་བ་གཏོང་དགོས་པ་ཞིག་རེད་བསམ།

    Reply
  10. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་དེ་ལོས་ཕུལ། ཁོང་ཆོས་ཀྱི་རྒྱལ་པོ་མ་ཡིན་ན་གཞན་སུ་ཡིན། དེང་སང་ཐེ་ཝན་འདི་ཚོ་ན་ཁུངས་མེད་ལུང་མེད་ཆོས་རྒྱལ་མིང་ཁུར་བསྡད་མཁན་ཡང་འདུག བོད་གཞུང་ཞེས་པའི་མཚན་བཞག་ལ་དགའ་བསུ་ཡོད། དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མིང་དེ་གང་བྱས་པ་རེད།

    Reply
  11. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ། དགའ་ནས་ཡོད། སྤྱིར་བྱ་བ་གང་ཞིག་བྱས་ཀྱང་འདིད་ཐོག་ལ་ལྟ་རྒྱུགས་བ་བཞིན་མི་ཡོང་བ་ཤེས་དགོས་པ་རེད་་་་་དེར་བརྟན་བོད་མི་ཡོད་དོ་ཅོག་གི་འདོད་པ་ཚུམས་ན་རེད་་་་་་་་གང་ལྟར་ཚོགས་འདི་རྒྱལ་ཁའི་ངང་འཇུག་བསྒྲིལ་པ་དགའ་ནི་ཞིག་རེདརྟེན་འབྲེལ་ཞུ།
    རྟེན་འབྲེལ་ཞུ།རྟེན་འབྲེལ་ཞུ།རྟེན་འབྲེལ་ཞུ།རྟེན་འབྲེལ་ཞུ།རྟེན་འབྲེལ་ཞུ།རྟེན་འབྲེལ་ཞུ།རྟེན་འབྲེལ་ཞུ།

    Reply
  12. དབྱངས་ཅན་སྒྲོན་མ། says:
    ལོ་ 15 སྔོན།

    ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བར་དགའ་བསུ་དང་།
    ད་ཐེངས་ཀྱི་ཚོགས་ཆེན་ཐོག་སྔོན་དང་མ་འདྲ་བའི་བསམ་ཚུལ་དང་སྒྲོ་གླེང་ལྷུག་པོར་བྱུང་བས་ཚོགས་བཅར་བ་ཡོངས་དང་སྤྱི་འཐས་གསར་བ་རྣམས་དང་གཞོན་སྐྱེས་ཚོར་དམིགས་བསལ་ཏུ་ཐུགས་རྗེ་ཆེ་ཞུ་བ་ཡིན། བོད་རྒྱལ་ལོ། དགའ་བཞིན་ཡོད། སྤྲོ་བཞིན་ཡོད། བོད་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  13. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    མདང་དགོངས་ཧ་ཅང་གལ་ཆེན་བསམ་ནས་འདི་ནས་མཚན་དཀྱིལ་དུས་ཚོད་༡༡།༣༠ནས་ཞོག་གའི་དུས་ཚོད་༧བར་བོད་གཞུང་ཐད་གཏོང་བསྙན་འཕྲིན་རྒྱུད་བོད་རྒྱལ་ཡོངས་འཚོགས་ཆེན་ཉིན་ཐ་མ་ཆ་ཚང་བར་བལྟས་ཡིན།
    ཡག་པོ་འདུག་མགུ་གང་སོང་ཐུགས་རྗེ་ཆེ་ཞེས་འཚོགས་ཞུགས་པ་དབུ་ལུས་ལྷན་རྒྱས་ལ།
    ངའི་མཐོང་སྣང་དུ་ཚོགས་ཆུང་ལྔ་བའི་ནང་སྐུ་ངོ་འཇུ་ཆེན་གཙོས་ཚོགས་རྣམས་ནས་ཐག་གཅོད་བྱེད་སྟེང་ཧ་ཅང་ཁྱད་མཚར་འདུག་མང་མོས་དང་སྤྱི་མོས་ཉུང་བ་དགག་བྱ་ཡང་དེ་བཞིན་བར་འདུག་ཧ་ཅང་མང་བ་གནད་དོན་ཡག་གང་གིས་ཐད་ལ་དེ་འདྲ་འདུག་གང་ཤེས།།

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    “བཙན་བྱོལ་བོད་གཞུང་” ལ། “བཙན་བྱོལ་བོད་མིའི་སྒྲིག་འཛུགས་”ཞེས་བཅའ་དགོས་མེད་པ་དང་། “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”གྱི་ཚབ་ལ་”བདེན་པ་ཉིད་རྒྱལ་འགྱུར་ཅིག” དགག་དགོས་མེད་པ་ཨ་ཡིན་ནམ་།
    དང་ཐོག་གཟབ་དོང་རིན་པོ་ཆེ་བཀའ་ཁྲི་ཐེངས་གསུམ་པར་མུ་མཐུད་བསྟུད་མར་མེད་པ་ལ་སེམས་ངལ་བྱས། ཐེངས་གསུམ་་པ་གནང་བ་ལས་ལྷག་པ་རྒྱ་བོད་འབྲེལ་མཐུད་ལ་ཕུག་རྒྱང་རིང་པོའི་ལས་འགུལ་པའི་ཚོགས་པའི་མིང་དང་། ལྟ་བ་དང་མཐུན་པའི་ཟིན་བྲིས་ལ་འདོད་བློ་མ་ཁེངས་ནས་མང་མོས་མ་ཐོབ་པ་མ་རེད་པེ། ད་ངས་ཅང་མེ་ཤེས་ཀྱང་། །དགེའོ། །

    Reply
  15. འཁྱམས་པོ། says:
    ལོ་ 15 སྔོན།

    དེ་ནི་ཡག་པོ་འདུག དགའ་བསུ་ཡོད། ༧གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོའི་མཚན་གནས་གསོལ་པ་དེ་ནི་དེ་ལས་ཡག་པ་འདུག

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བར་དགའ་བསུ་དང་།

    གཞན། ༼གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་བོ་དང་། བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་གང་རུང་གི་མཚན་གནས་འབུལ་དགོས་པ་བཅས་ལ་སྤྱི་མོས་བྱུང་ཡོད། ༽་ཧ་ཅང་བཟང་གི
    ཚོགས་ཞུགས་པ་ཚོས་བསམ་ཚུལ་ལྷུག་གནང་སོང་ཟེར་བ་གོ་བས་དགའ་ཡོད།

    Reply
  17. མི་རབས་གསར་པ་ says:
    ལོ་ 15 སྔོན།

    ལོ་རྒྱུས་ཀྱི་མཚོན་རྟགས་ཙམ་མ་ཡིན་པར་འབྱུང་གྱུར་གྱི་མི་རབ་རྣམས་ལ་
    ༸གོང་ས་༸་མཆོག་ནི་འདས་མ་འོངས་ད་ལྟ་དུས་གསུམ་ནང་ལ་བོད་མི་རིགས་ཀྱི་དབུ་ཁྲིད་བླ་ན་མེད་པ་ཞིག་ཡིན་པར་་དུས་རྟག་ཏུསེམས་ནང་དུ་གནས་དགོས་

    བཙན་བྱོལ་བོད་གཞུང་ཞེས་རང་འཇག་བཞག་པ་ནི་བོད་སྲོན་པོ་གནས་ཡོད་པའི་
    རྟག་མཚན་ཡིན་པས་བོད་རྒྱལ་ལོ།

    བཙན་བྱོལ་བོད་གཞུང་ཕྱོགས་ལས་རྣམས་རྒྱལ་ཞེས་རྒྱལ་རྟགས་ལ་བྲིས་ན་ཆོག

    Reply
  18. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ༼ སྔོན་གླེང་ ༽ འདིའི་ནང་དུ་བོད་རྒྱལ་ཁབ་ཀྱི་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་རགས་བསྡུས་བཀོད་འདུག

    ༼ དོན་ཚན་དང་པོ ༽ འདིའི་ནང་དོན་གཤམ་གསལ་ལྟར་རེད།
    ” བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཆོས་ཀྱི་རྒྱལ་པོ་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་དང་འཇིག་རྟེན་ཞི་བདེ་དེད་དཔོན། བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་དེའི་ཆིག་སྒྲིལ་གྱི་མཚོན་རྟགས། གཞེས་བྱེས་བོད་མི་ཡོངས་ཀྱི་འབོད་སྒྲ་བཅས་ཡིན། གནས་བབ་འདི་དག་ནི་ལོ་གྲངས་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། རིག་གཞུང་། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་མཛད་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད།
    ༡ ༽ བོད་མིའི་བདེ་དོན་དང་བསམ་སྤྱོད་ཡར་རྒྱས། ཆོས་དང་རིག་གཞུང་། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛིགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ།
    ༢ ༽ ༧གོང་ས་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། མགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུ།
    ༣ ༽ བཙན་བྱོལ་བོད་གཞུང་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བོད་ཀྱི་རྩ་དོན་བསྒྲུབ་སླད་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཁག་དུས་ཡུན་རྒྱས་བཅད་དུ་བསྐོ་འཛུགས་གནང་རྒྱུ ”

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese