མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་བཀའ་དང་མི་མང་གི་མངོན་འདོད་གཉིས་ཀ་བསྒྲུབ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མའི་སྟེང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་རིགས་བསྐྱར་བཅོས་བྱས་ཡོད་པ་དེ་དག་གཏན་འབེབས་བྱ་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པར་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དངོས་སུ་དབུ་འཛུགས་གནང་ཡོད་ཅིང་། ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་གསལ་བསྒྲགས་གནང་རྗེས། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་གནང་ཡོད་ལ། ཚོགས་གཙོའི་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་བཞག་གནང་གྲུབ་རྗེས། གཞུང་འབྲེལ་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་འདས་གྲོངས་སུ་ཕྱིན་པར་མྱ་ངན་དང་བཅས་སྐུ་གཤེགས་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། དམ་མ་དེ་ཉིད་ཀྱི་བཀའ་དྲིན་བརྗེད་མེད་སྙིང་བཅངས་ངང་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་རེག་པའི་སྨོན་འདུན་ཞུས་ཤིང་། ཤུལ་ལུས་ནང་མི་དང་འབྲེལ་ཡོད་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་འཚམས་འདྲི་གནང་སོང་།   

ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་འཕར་མ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་སྟེང་༸གོང་ས་མཆོག་གིས་གྲོས་ཚོགས་ལ་ཕེབས་པའི་གསུང་འཕྲིན་ཐད་བཞག་པའི་གྲོས་ཆོད་ཀྱི་དགོངས་དོན་ལྟར།  ཟླ་འདིའི་ཚེས་ ༢༡ ནས་ ༢༤ བར་གྱི་ཉིན་བཞིའི་རིང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཏེ་ཁ་སང་ཚོགས་བཅར་བ་ཡོངས་ལ་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་སོགས་ཀྱི་ལས་རིམ་མཇུག་སྒྲིལ་ཟིན་པ་རེད།



ད་ལྟའི་གནས་སྐབས་སུ་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་དང་འབྲེལ་ཡོད་སྟབས། དེ་དང་མཐུན་པའི་ལས་རིམ་དེ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བསྐུར་བའི་ལས་འགན་ཁག་ཅིག་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་པའི་ཐོག་ནས་ཚང་མའི་འདོད་པ་ཁེངས་པ་ཞིག་དང་། གྲུབ་འབྲས་ཡང་གཟི་བརྗིད་དང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་བྱུང་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། དེ་ནི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ལས་འགན་གྱི་ཆ་ཤས་ཤིག་འགྲུབ་ཟིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།  སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ལ་དེ་རིང་བརྩིས་པའི་ཉིན་བཞི་མ་གཏོགས་ལྷག་མེད། ཉིན་བཞིའི་རིང་ལས་དོན་གང་འགྲུབ་ཐུབ་མིན་གྱི་གནས་སྟངས་དེ་རིང་ཕྱི་དྲོ་གསལ་བོ་ཆགས་ཀྱི་རེད། ཅེས་གསུངས་སོང་།



ཁོང་གིས་མུ་མཐུད་དུ་གསུངས་དོན། གལ་སྲིད། སྐབས་བཅུ་བཞི་པའི་གྲོས་ཚོགས་རང་དུ་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་གཏན་འབེབས་བྱ་དགོས་པའི་གནས་སྟངས་ཡོད་ཚེ། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྟེང་མང་ཚོགས་ཀྱི་བསམ་ཚུལ་བསྡུས་ཡོད་པ་ལྟར། ཕྱོགས་གཅིག་ནས་མང་ཚོགས་ཀྱི་མངོན་འདོད་དང་རེ་བ་གཞིར་བཟུང་ལྟར་འགྲོ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་བསྒྲུབ་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། གལ་སྲིད། སྐབས་བཅུ་བཞི་པའི་ཐོག་གཏན་འབེབས་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། སྐབས་བཅོ་ལྔ་བས་གཏན་འབེབས་བྱ་དགོས་སྟབས། སྐབས་བཅོ་ལྔ་བའི་སྤྱི་འཐུས་རྣམ་པའི་གྲོས་ཆོད་གཞིར་བཟུང་འགན་འཁུར་རྒྱུ་དང་ད་ལྟ་བར་དུ་འགྲོ་བཞིན་པའི་ལས་རིམ་ནང་བཞིན་འགྲོ་ཐུབ་པའི་རེ་བ་ཞུ་བཞིན་ཡོད།



ཁ་སང་༸གོང་ས་མཆོག་གི་བཀའ་སློབ་ནང་ཚོགས་ཆེན་ཀྱིས་བཞག་པའི་གྲོས་ཆོད་དང་པོ་༸གོང་ས་མཆོག་གིས་རྒྱལ་ཁབ་དབུ་ཁྲིད་ཀྱི་མཛད་འགན་མུ་མཐུད་བཞེས་དགོས་པའི་སྤྱི་མོས་གཏན་འབེབས་དེ་སྙན་སེང་ཞུས་སྐབས། ༸གོང་ས་མཆོག་གིས་དེ་རྩ་བ་ཉིད་ནས་ཡོང་ཡ་མེད་པའི་ཞལ་བཞེས་གནང་ཚར་བ་རེད། ༸གོང་ས་མཆོག་ལ་སྔོན་མ་ནས་དགོངས་གཞི་གང་ཡོད་པ་དེ་ང་ཚོས་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་། ཞུས་པ་དེ་ཡང་བོད་གཞིས་བྱེས་གཉིས་ཀྱི་མི་མང་གི་མངོན་འདོད་ནང་ཡོད་པ་ལྟར་ཞུས་པ་ཞིག་ལ་ངོས་འཛིན་བྱ་དགོས་པ་རེད། དེ་མིན་གྱི་བཅའ་ཁྲིམས་ཀྱི་སྔོན་གླེང་དང་དོན་ཚན་དང་པོ་གསར་དུ་བཅུག་པའི་ཐོག་ནས་སྔོན་གླེང་ཞལ་བཞེས་གནང་བ་རང་ལ་ངོས་འཛིན་དང་། སྔོན་གླེང་ནང་ཐ་སྙད་བེད་སྤྱོད་བྱེད་སྟངས་ཀྱི་ཐོག་ལ་བཀའ་གསལ་བོ་ཞིག་ཕེབས་ཡོད་སྟབས། ཚང་མས་དགོངས་པར་འཇགས་དགོས་པའི་གནས་སྟངས་ཆགས་ཡོད། དོན་ཚན་དང་པོའི་ནང་གསེས་དང་པོ་དང་གཉིས་པ་༸གོང་ས་མཆོག་གིས་ཞལ་བཞེས་གནང་ཚར་བ་རེད། ནང་གསེས་གསུམ་པའི་ཐོག་༸གོང་ས་མཆོག་གིས་འགྲེལ་བཤད་བསྐྱོན་ཡོད་པ་ལྟར། ད་རེས་ང་ཚོའི་ངོས་ནས་ཀྱང་གསལ་བོ་བཟོ་དགོས་པའི་གནས་སྟངས་ཆགས་ཡོད། ཅེས་གསུང་བྱུང་།



ཡང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ནང་གི་བོད་མི་ཚོར་གསུངས་དོན། ད་ལྟའི་ཆར་ཡང་བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་འོག་ལྷག་ཡོད་པ་དང་། ལྷག་པར་དུ་རྔ་པ་ཀིརྟི་དགོན་པའི་ནང་ད་ལྟའི་ཆར་ཡང་སྔར་བཞིན་ཛ་དྲག་གནས་མུས་རེད། ཡིན་ནའང་། བོད་ནང་གི་བོད་མི་ཚོས་སེམས་ཁྲལ་བྱ་མི་དགོས་པར། ༸གོང་ས་མཆོག་གིས་དེ་སྔོན་བཀའ་སློབ་གནང་བ་ལྟར། ཁོང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་སྤྱི་བའི་ལས་འགན་མུ་མཐུད་བཞེས་རྒྱུ་ཡིན་ཞེས་གསུངས་བསྡད་ཡོད་པ་དང་། ང་ཚོ་རང་དབང་ལུང་པའི་ནང་དམངས་གཙོའི་འགྲོ་ལུགས་དང་མཐུན་པའི་འོས་འདེམས་ཀྱི་ལམ་ནས་མི་མང་གི་དབུ་ཁྲིད་བསླེབས་བསྡད་པ་དག་གིས་བོད་གཞིས་བྱེས་གཉིས་ཀྱི་རེ་བ་བསྐང་ཐུབ་པའི་ཐད་ལ་འབད་བརྩོན་བྱ་རྒྱུའི་ཆོད་སེམས་ཡོད་པ་དེར་བོད་ནང་གི་བོད་མི་ཚང་མས་ཤེས་པར་བྱ་དགོས། ང་ཚོས་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པ་ལ་བརྟེན་ཏེ། ང་ཚོའི་ནུས་པ་ཉམ་པ་དང་། གཅིག་སྒྲིལ་གྱི་ནུས་པ་འཐོར་བའི་རྣམ་པ་མེད་པའི་ཐོག་ནས་ད་ལྟའི་དུས་ཚོད་འདིར་ང་ཚོའི་ནུས་པ་གཅིག་ཏུ་སྤུངས་ཡོད་པ་ལྟར། མ་འོངས་པར་ཡང་མུ་མཐུད་གཅིག་སྒྲིལ་གྱི་ནུས་པ་གོང་མཐོར་དང་འཕེལ་རྒྱས་གཏོང་དགོས་པ་རེད། དེའི་ཐད་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚང་མས་འགན་འཁུར་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་བྱུང་།



བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མ་དེ་དེ་རིང་ཕྱི་ཚེས་ ༢༦ ནས་ ༢༨ བར་གྱི་ཉིན་གྲངས་གསུམ་རིང་ཚོགས་ཚོགས་གཏན་འཁེལ་ཡོད་པ་ལྟར། དེ་རིང་ཚོགས་གཙོ་མཆོག་ནས་སྤྱི་འཐུས་ཀ་རྨ་ཆོས་འཕེལ་དང་རྒྱ་རོང་ཟླ་བ་ཚེ་རིང་། སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་བཅས་གསུམ་ཚོགས་གཙོའི་ལས་ཚབ་དང་། སྤྱི་འཐུས་བསོད་ནམས་དགྲ་འདུལ་དང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་ཚེ་བརྟན་ནོར་བུ་བཅས་ལས་རིམ་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་གནང་སོང་ལ།  ཐེངས་འདིའི་གྲོས་ཚོགས་ཚོགས་དུས་འཕར་མའི་སྟེང་དགོངས་པ་ཞུ་མཁན་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་དང་སྡེ་བ་ཚང་རྡོ་རྗེ་དབང་འདུས། དགེ་ལུགས་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། མདོ་སྨད་སྤྱི་འཐུས་སྲས་བསྟན་འཛིན་མཁས་གྲུབ་བཅས་བཞི་ཕུད་པའི་སྤྱི་འཐུས་ ༣༩ ཚོགས་ཞུགས་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༨ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 10

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཀརྨ་རྡོ་རྗེ་ལགས།
    དེ་རིང་སྐུ་སྒེར་ཡིག་ཚང་ནས་སྤྱི་འཐུས་ལ་གནང་བའི་ཡིག་ཆ་དེའི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བཀོད་ཡོད་པ་ཁྱེད་ཀྱི་མིག་ཆུང་ཙང་མཐོང་ཐུབ་མི་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས”གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས”ཞེས་བསྒྱུར་ན་ལེགས་པའི་ལམ་སྟོན་བཀའ་སློབ་གནང་འདུག་པ་འདི་ད་ཡོད་སྤྱི་འཐུས་པ་ཚོས་མི་བརྗེད་པ་གནོངས་རོགས། དགེའོ། །

    Reply
  3. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་གཞུངཟེར་བ་བཅོས་བསྒྱུར་བྱེད་པ་ནི་མ་འོངས་རྒྱང་གཟིགས་མཛད་པའི་བྱ་བ་རླབས་ཆེན་ཞིག་རེད། དེ་ནི་རང་དབང་ཞེས་པ་འདི་རྩོད་ལེན་བྱེད་པར་ང་ཚོ་ད་དུང་གཞན་གྱི་ས་ཁ་ས་ཐོག་ན་སྡོད་དགོས་ན། དེ་དག་གིས་ངོས་ལེན་ཡོད་པ་ཞིག་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པ་ནི་སྨྲོས་མེད་རེད། བོད་གཞུང་ཟེར་བ་འདི་ང་ཚོའི་སེམས་ངོས་ནས་འགྱུར་མི་སྲིད་ལ། ལོ་རྒྱུས་ཀྱི་དེབ་ཐེར་ནས་ཀྱང་འགྱུར་ག་ལ་སྲིད། ཡིན་ནའང་ཡིན་བཞིན་ནོར་བུས་མུན་ནག་གི་རྒྱ་ལས་སྒྲོལ་བར་འདི་ལྟར་བྱས་ན་དགེ་མཚན་ཆེ་བར་དགོངས་པས་རེད་སྙམ། སྤྱི་འཐུས་ལྷན་ཚོགས་ཀྱིས་མ་མང་གི་མངོན་འདོད་བཞིན་དུ་མ་འོང་ནའང། ༸རྒྱལ་བའི་ལམ་སྟོན་ཇི་བཞིན་ཤར་བསྐྱོད་བྱ་ཐུབ་རེ་བ་ཞུ་བཞིན་ཡོད།

    Reply
  4. གཟི་མིག་༣པ says:
    ལོ་ 15 སྔོན།

    ཇི་ལྟར་ཡང་དུས་རབས་ཉེར་ཅིག་ནང་ལ་བོད་རྒྱལ་ཁབ་ཆེན་པོའི་མིང་དེ་མངའ་སྡེ་དང་ལུང་ཆུང་གཅིག་གི་་མིང་དུ་གྱུར་ཉེན་འདུག་དེ་ནི་བོད་ཀྱི་ལོ་རྒྱུས་ལ་སྐྱོན་ཆག་ཤིག་ལ་ངོས་འཛིན་ཆོག་་ད་བར་བོད་ནང་དང་བཙན་བྱོལ་ནང་ལ་རྒྱལ་ཁབ་དོན་དུ་ཚེ་སྲོག་ཤོར་བ་རྣམས་དང་ད་ཆ་ཤོར་བཞིན་པ་རྣམས་ལ་ང་ཚོས་ཇི་ལྟར་འབྲེལ་བརྗོད་བྱ་དགོས་བོད་མི་ཚོས་དགོངས་པ་ཆེ་ཙམ་ཞེས་དགོས་༸གོང་ས་མཆོག་ནི་རྒྱལ་ཁབ་གཞན་གྱི་སྲིད་དབང་འགན་འཛིན་དང་དགོངས་པ་ཞེས་དངས་དང་ཀུན་སློང་འཁྱེར་ཕྱོགས་ཐ་ཐད་ཡིན་པས་ཁོང་ནི་ནང་པ་སངས་རྒྱས་པའི་རབ་བྱུང་ཡ་རབ་ཤིག་ཡིན་པ་ང་ཚོ་ཚང་མ་ཤེས་དགོས་

    Reply
  5. གཟི་མིག་༣པ says:
    ལོ་ 15 སྔོན།

    ཐོགས་མར་ཚང་མ་ལ་འཚམས་འདྲི་ཞུ་བཞིན་ཡོད་ཚོགས་ཆེན་གྱི་མིང་ནི་ཧང་སང་ཡད་འཛིགས་པོ་དང་རྒྱལ་ཁབ་གཅིག་གི་ངོ་བོ་མཚོན་ཐུབ་ཀྱི་འདུག་འོན་ཀྱང་ཚོགས་མི་མང་ཆེ་བའི་མངོན་འདོད་དམ་བསམ་བློའི་འཁྱེར་སོ་ནི་ཚོགས་ཆེན་གྱི་མིང་དང་མཐུན་བཞིན་འདུག་ཁ་ཤས་ཤིག་ནི་དྲན་པ་མཐོར་ནས་བསྡད་འདུག་ ངས་ལྟས་ན་ཚོགས་མི་ཕལ་ཆེ་བས་བོད་རྒྱལ་ཁབ་ཀྱི་འགན་ཡག་པོ་ཞེས་སོང་འོན་ཀྱང་༸གོང་ས་མཆོག་གི་དགོངས་གཞི་འདི་མིན་ཁོང་གི་དགོངས་གཞི་ནི་བོད་འདི་རྒྱ་ནག་རྒྱལ་ཁབ་ནང་གི་ཞིང་ཆེན་ནམ་ཧོང་ཀོང་བལྟ་བུར་ཡོང་བའི་དགོངས་པ་ཞེས་བཞིན་ཡོད་པས་ཚོགས་ཆེན་གྱི་གྲོས་ཆོད་དང་ནང་འགལ་ཡིན་གང་ལ་ཞེས་ན་ཚོགས་ཆེན་གྱི་ཚོགས་མི་བརྒྱ་ཅ་དགུ་བཅུ་གོ་དགུས་རྒྱལ་ཁབ་གཅིག་གི་ངོ་བོར་སེམས་ནས་བསམ་ཚུལ་སྟོན་ཡོད་དེ་ནི་༸གོང་ས་མཆོག་གི་དགོངས་གཞི་དང་ཐ་ཐད་ཡིན་པས་༸གོང་ས་མཆོན་ནས་དེ་ལ་ངོས་ལེན་ནམ་ཡང་གནང་གི་མ་རེད་

    Reply
  6. ལུང་རྟོགས། says:
    ལོ་ 15 སྔོན།

    “༸གོང་ས་མཆོག་གིས་རྒྱལ་ཁབ་དབུ་ཁྲིད་ཀྱི་མཛད་འགན་མུ་མཐུད་བཞེས་དགོས་པའི་སྤྱི་མོས་གཏན་འབེབས་དེ་སྙན་སེང་ཞུས་སྐབས། ༸གོང་ས་མཆོག་གིས་དེ་རྩ་བ་ཉིད་ནས་ཡོང་ཡ་མེད་པའི་ཞལ་བཞེས་གནང་ཚར་བ་རེད།”འདི་གསར་འགོད་པས་ནོར་བ་མིན་ན་ཚོགས་གཙོའི་སྐད་ཆ་བཤད་སྟངས་འདི་ཁྱད་མཚར་རེད། གོང་གི་ཚིག་དེ་ལ་བལྟས་ན་རྒྱལ་ཁབ་ཀྱི་དབུ་ཁྲིད་གནང་དགོས་པའི་གསོལ་འདེབ་ཞུས་པ་ལྟ་བུ་དང་། འོག་གི་ཚིག་དེ་ལ་བལྟས་ན་རྒྱལ་ཁབ་ཀྱི་དབུ་ཁྲིད་མ་གནང་རོགས་ཞེས་གསོལ་འདེབ་ཞུས་པ་ལྟ་བུ་ཞིག་མི་འདུག་གམ།

    Reply
  7. དབྱངས་ཅན་སྒྲོན་མ། says:
    ལོ་ 15 སྔོན།

    གྲོས་ཚོགས་འཕར་མ་འདི་ནང་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དམིགས་བསལ་ཚོགས་འདུ་ཚོགས་ཞིག་རེད། དོན་དག་དེ་ཡག་སྡུག་ག་འདྲ་བཟོ་ན་སྤྱི་འཐུས་ཚོའི་ལག་པ་ཡོད་རེད། དེའི་ཐོག་ལ་གཟབ་གཟབ་བྱེད་རྒྱུ་ཧ་ཅ་གལ་ཆེན་པོ་ཞིག་རེད། ཡིན་ནའང་སྤྱི་འཐུས་ལྷན་ཚོགས་ངོས་ནས་བསམ་བློ་བཏང་དགོས་པ་ཞིག་ལ་ད་ཐེངས་བོད་རྒྱལ་ཡོངས་ཐོག་མི་དམངས་ཀྱི་བསམ་ཚུལ་དང་རེ་བ་གང་ཡོད་པ་རྣམས་བསྲེགས་བཆད་བདར་གསུམ་བྱས་ཞིག་རེད་དེ་ཚོ་ཆུད་ཟོས་སུ་་མི་གཏོང་བར་སྤྱི་འཐུས་མི་རེ་ངོ་རེ་ནས་སོ་སོའི་རྣམ་དཔྱོད་ཤེས་རྩལ་སྟོན་རྒྱུར་དྲང་མོ་དྲང་བཞག་བྱ་རྒྱུ་གལ་ཆེན་རེད་སྙམས།

    Reply
  8. སློབ་དཔོན། says:
    ལོ་ 15 སྔོན།

    བོད་མི་ཡོངས་ཀྱི་སྤྱི་མོས་ལྟར་བཙན་བྱོལ་བོད་གཞུང་ཞེས་རང་སོར་འཇོག་རྒྱུར་༧གོང་ས་མཆོག་གིས་བཀའ་ལན་གསལ་བོར་གནང་ཡོད་པ་རེད། ཉིན་འདིར་༧གོང་ས་མཆོག་གིས”གངས་ལྗོངས་རང་དབང་མང་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས”ཞེས་བསྒྱུར་ན་ལེགས་པའི་ལམ་སྟོན་བཀའ་སློབ་གནང་འདུག ཕྲན་གྱིས་བལྟས་ན་མཚན་བྱང་འདིའི་ཐ་མའི་ལྷན་ཁང་དང་སྒྲིག་འཛུགས་ཞེས་བཏགས་ཚེ་ཁྱབ་ཆུང་བའི་ཚོགས་སྡེ་ག་གེ་མོའི་ལས་ཁུངས་ལྟ་བུ་ཞིག་ལས་རྒྱལ་ཁབ་ཅིག་གི་ངོ་མཚོན་མི་ཐུབ་པས་ན། ”གངས་ལྗོངས་མང་གཙོ་ཕྱོགས་ལས་རྣམ་རྒྱལ”་ཞེས་བསྒྱུར་དགོས་པར་མཐོང་། དེ་ལྟར་བྱས་ན་ད་ལྟར་བཀོད་འོས་པ་མ་ཟད་མ་འོངས་པའི་བོད་མིའི་རྒྱལ་ཁབ་སླར་གསོའི་སྐབས་ཀྱང་རང་སོར་བཞག་ཆོག་པའི་ཁྱད་པར་འདུག་སྙམ་སོང་། དེ་བཞིན་ཚང་མས་གླེང་སློང་གནང་རོགས།

    Reply
  9. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    གྲོས་ཚོགས་འཕར་མ་འདི་ནང་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དོན་དག་སྒྲུབ་རྒྱུར་དཀའ་ལས་ཁག་པོ་རེད་འདུག ཡིན་ནའང་སྤྱི་འཐུས་ལྷན་ཚོགས་ངོས་ནས་མི་དམངས་ཀྱི་རེ་བ་ཆུ་ཟད་དུ་མི་གཏོང་བ་སྤྱི་འཐུས་མི་རེ་ངོ་རེ་ནས་སོ་སོའི་རྣམ་དཔྱོད་ཤེས་རྩལ་སྟོན་རྒྱུར་གལ་ཆེན་ཡིན་པ་སྨོས་མི་དགོས།

    Reply
  10. གནས་ཚང་། says:
    ལོ་ 15 སྔོན།

    འདི་ན་བོད་ནང་གི་བོད་མི་ཞིག་གི་ལྟ་ཚུལ་ཞིག་འདུག མང་ཆེ་བ་རྒྱ་མིའི་གཞུང་གི་ལྟ་ཚུལ་རེད་དེ། དེའི་ནང་དུ་གོ་རྒྱུ་ཅན་གྱི་གཏམ་ཁ་ཤས་ཀྱང་འདུག འདི་ནི་ཚང་མ་ལོས་ཀློག་འོས་པ་ཞིག་རེད།

    http://new.21ccom.net/plus/view.php?aid=35663&pageno=3

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese