མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟིན་བྲིས་པ་དང་ངའི་ལས་དབང་།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp
བསྟན་འཛིན་དགའ་བ།

གནའ་བོའི་རི་གྲོང་གི་ལྷིང་འཇགས་དཀྲོགས་པའི་རྫས་འཕྲུལ་འཕེལ་རྒྱས་ཀྱི་མ་ལག་ཁག་ལ་ངས་ཚད་མཐོའི་གདེང་འཇོག་བྱ་རྒྱུའི་ཡང་དག་པའི་ངེས་ཤེས་ཤིག་གཏན་ནས་མ་རྙེད་མོད། འོན་ཀྱང་བརྡ་འཕྲིན་འཕྲུལ་ལས་མ་ལག་ཁག་གིས་མིའི་རིགས་ལ་བློ་ཡུལ་ལས་འདས་པའི་ཕན་ནུས་དང་། གལ་ཆེའི་མཁོ་ནུས་རང་བཞིན་ཅན་གྱི་རིག་གསར་མ་ལག་གཅིག་ཏུ་དངོས་ར་གསར་སྤྲོད་བྱས་པ་དེས། ངས་ཚན་རྩལ་རིག་པར་འཛིན་པའི་རིན་ཐང་ལྟ་ཚུལ་དང་། འདུ་ཤེས་འཛིན་ཚུལ་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་བྱུང་བ་སོགས་ནི་ང་ཚོའི་བར་གྱི་ཐོག་མའི་འབྲེལ་ལམ་བྱུང་བའི་འཇུག་སྒོ་ལྟ་བུ་དེ་ཡིན།

 

ཟིན་བྲིས་ཀྱི་ཕན་ནུས་དང་བྱེད་ལས་རང་བཞིན་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞོར་དུ་གཅིག་རྗེས་གཉིས་མཐུད་ཀྱིས་ཟིན་བྲིས་ནང་འཚངས་ཏེ། བསམ་བློའི་དམག་འཁྲུག་གི་འཐབ་རྭའི་ཁྲོད་ནས་མཐར་ཐུག་གི་ཐུན་མོང་མངོན་འདོད་འགྲུབ་ཐབས་ལ་ཟིན་བྲིས་པ་ཚོས་གུས་རྟག་གི་བརྩོན་པ་ལྷུར་ལེན་བྱེད་དུས། ང་ས་རྭ་མཐོ་སློབ་ཀྱི་སློབ་གྲྭའི་རྭ་བའི་ནང་ཤེས་བྱའི་མཁའ་དབྱིངས་ཀྱི་དཀྱིལ་འཁོར་ཡངས་པོར་འཕུར་ལྡིང་གི་བང་རྩལ་ལ་འགྲན་བཞིན་ཡོད། 

 

སྐབས་དེར་ངས་ཀྱང་ཁྱེད་ཅག་དང་མཉམ་དུ་བསམ་བློའི་དམག་འཁྲུག་གི་གཡུལ་སའི་ཁྲོད་ནས་རང་མི་རིགས་ཀྱི་ཐུན་མོང་མངོན་འདོད་འགྲུབ་ཐབས་ལ་བརྩོན་ཤུགས་ཀྱི་ནུས་པ་མཉམ་སྤུངས་བྱ་དགོས་བསམ་ཀྱང་།  བསམ་དོན་བཞིན་སྐབས་དེར་ལེགས་འགྲུབ་མ་ཐུབ། འོན་ཀྱང་དངོས་ཡོད་དང་འཚམས་ཤིང་མཁོ་ངེས་ཆེ་བའི་བསམ་ཚུལ་གང་ཞིག་ཡིན་རུང་། བཟང་རྟགས་ངན་རྟགས་ཇི་བྱུང་ལ་མ་ལྟོས་པར་ཚོད་ལྟ་ཞིག་མ་བྱས་ན་བདེ་ལྷོད་བྲལ་བའི་ངའི་མི་གཤིས་གྲུབ་སྟངས་འདིས་རྐྱེན་པས། ངའི་བསམ་ཚུལ་འདི་སློབ་མཐར་མ་ཕྱིན་བར་སེམས་ཁོང་ནས་གཏན་ནས་ཡལ་མ་མྱོང་། 

 

དེའི་སྟབས་ཀྱིས་སློབ་མཐར་ཕྱིན་པ་དང་མཉམ་དུ་ང་ལ་ཆ་རྐྱེན་ཁག་ཀྱང་ལྡན་པར་གྱུར་པས་ང་ཡང་ཟིན་བྲིས་ནང་འཚངས་ཏེ། ཁྱེད་ཅག་དང་ལྷན་དུ་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་གནད་དོན་མཐའ་དག་ལ་བསམ་བློའི་ནུས་པ་མཉམ་སྤུངས་བྱ་དགོས་བསམས་ཏེ་ཟིན་བྲིས་ཁག་ཅིག་བཀླག་མགོ་བརྩམས་པ་ཡིན། དེ་ལྟ་ནའང་ཟིན་བྲིས་པ་ཚོས་མི་རིགས་ཀྱི་ལས་དབང་ལ་འགན་འཁུར་བའི་ཐོག་རང་ནུས་ལྕོགས་ཚོད་ཀྱིས་མིག་རྒྱང་རིང་ཞིང་། བློ་གྲོས་ལྡན་པའི་སྒོ་ནས་ལྟ་ཚུལ་ལྷུག་བརྗོད་གནང་བ་སོགས་ལ་དགའ་གུས་ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་གཏོར་བཞིན་མཆིས་ཀྱང་།  མཉམ་འཇོག་བྱེད་ཁོམ་མ་བྱུང་བའམ་རྒྱུན་འབྱམས་སུ་སོང་བ་གང་ཡིན་ཆ་མ་མཆིས་མོད། 

 

བརྡ་སྤྲོད་གཞུང་ལུགས་དང་མ་མཐུན་པའི་མིང་མཐའ་འདྲེན་ཚུལ་དཔེར་ན་༼ ཡོད་གྱི་ ༽ལྟ་བུ་རྗེས་འཇུག་ད་ཡིག་གི་རྗེས་ཕྲད་ཀྱིའི་ཚབ་ཏུ་གྱི་བྲིས་པ་ཇི་སྙེད་ཅིག་ཡོད་པ་དང་།  དེ་ལས་ཀྱང་ཉེན་ཚབས་ཆེ་བའི་ཐལ་སྤྱོད་གཞན་ཞིག་ནི་ཕ་ཡུལ་གྱི་ཁ་སྐད་འགའ་རེ་བཙན་སྦྱོར་བྱས་པ་དག་རེད།  ངས་རྒྱུན་པར་ཡིག་སྐད་ཀྱི་ཚབ་ཏུ་ཡུལ་སྐད་བཀོལ་སྤྱོད་བྱས་པའམ།  ཡུལ་སྐད་རེ་ཟུང་ཡིག་སྐད་ཀྱི་ཐོག་མཐའ་བར་གསུམ་དུ་བཙན་བཅུག་བྱེད་པ་སོགས་ནི་ཡི་གེ་དག་ནོར་རེ་ཟུང་བྱུང་བ་ལས་ཀྱང་ཡིག་སྐད་ཀྱི་སྤྱི་སྒྲོམ་ལ་གཏོར་སྐྱོན་ཐེབས་ཚད་དེ་ཆེས་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།    

 

 གང་ལགས་ཤེ་ན། སྤྱིར་ཡི་གེའི་དག་ཆ་མ་ནོར་མ་འཆུག་པ་ཞིག་འབྲི་དགོས་པ་ནི་རང་ཉིད་ཀྱི་བརྗོད་དོན་ཇི་བཞིན་གཞན་ལ་འཁྲུལ་མེད་དུ་གོ་བྱེད་ཀྱི་རྨང་གཞིའི་ཆ་རྐྱེན་དེ་ཡིན་པས་ཡིད་གཟབ་དགོས་གལ་ཆེ་ཡང་། ཡི་གེ་དག་ནོར་རེ་ཟུང་བྱུང་བ་ཙམ་གྱིས་འབྲི་བ་པོ་རང་ཉིད་ཀྱི་བརྗོད་དོན་ཇི་བཞིན་གཞན་ལ་མི་གོ་བའི་དཀའ་རྙོག་ཙམ་ལས་ཡིག་སྐད་སྤྱིའི་སྒྲོམ་གཞིར་ཤུགས་རྐྱེན་དེ་ཙམ་ཐེབས་མི་ཐུབ། འོན་ཀྱང་ཁ་སྐད་དམ་ཡུལ་སྐད་བཀོལ་སྤྱོད་བྱས་པ་དེས་ཡིག་སྐད་ཀྱི་གོ་ས་འཕྲོག་བཞིན་པ་མ་ཟད།  གསར་སྣན་སྣ་ཚོགས་ཤིག་ཡོད་པ་དེས་མི་རབས་རིམ་སོང་དང་དུས་ཚོད་རིམ་འདས་ཀྱི་འགྱུར་འགྲོས་འོག སྔོན་གྱི་བརྡ་སྤྲོད་གཞུང་ལུགས་དང་དུས་སྐབས་དེའི་ནང་བཀོལ་སྤྱོད་བྱེད་པའི་ཡི་གེའི་བར་གནམ་ས་ལྟ་བུའི་ཧེ་བག་ཤོར་བའི་སྟབས་ཀྱིས་སྔོན་གྱི་བརྡ་སྤྲོད་གཞུང་ལུགས་ཀྱིས་དུས་སྐབས་དེའི་ཡི་གེའི་རྨང་གཞིར་མི་རུང་སྟབས། དུས་སྐབས་དེའི་ཡི་གེ་དང་འཚམས་པའི་བརྡ་སྤྲོད་གཞུང་ལུགས་ཤིག་བརྩམ་དགོས་པའི་མཐར་ལ་གཏུགས་དུས་ད་ལྟའི་བརྡ་སྤྲོད་གཞུང་ལུགས་དག་ལྟ་ཅི་སྨོས། འཕགས་ཡུལ་ནས་བསྒྱུར་བའི་བཀའ་བསྟན་གྱི་གཞུང་ལུགས་ཁག་དང་། དེའི་དགོངས་འགྲེལ་དང་བཅས་པ་རྒྱ་བོད་མཁས་པ་ནམ་མཁའི་སྐར་ཚོགས་ལྟར་མཆིས་པ་དེ་དག་གིས་བརྩམས་པའི་གཞུང་ལུགས་ཇི་སྙེད་ཅིག་ཡོད་འདི་དག་ཐམས་ཅད་བེད་མེད་དུ་འགྱུར་དུས་མི་རིགས་འདི་ཡང་སྲོག་སྙིང་བྲལ་བའི་རུས་སྒྲོམ་ལྟ་བུ་ཞིག་ཏུ་གྱུར་ཟིན་པས་དེ་དུས་འགྱོད་ཀྱང་བྱ་ཐབས་ཅི་ཞིག་ཡོད།

 

འདས་པའི་ལོ་རྒྱུས་ཐོག་ནས་ཀྱང་ཡིག་སྐད་ལ་ཁ་སྐད་དམ་ཡུལ་སྐད་ཀྱིས་བཙན་འཛུལ་བྱས་འབྲས་སུ་སྤྱི་སྐད་ཀྱི་སྒྲོམ་གཞི་གཏོར་བརླག་ཏུ་གྱུར་ཏེ། ཡུལ་མི་རང་རང་གི་སྐད་དང་ལྷན་དུ་དེ་དང་མཐུན་པའི་བརྡ་སྤྲོད་གཞུང་ལུགས་ཀྱང་རྩོམ་དགོས་པ་ཆགས་ཀྱི་ཡོད་པ་ནི་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའི་འཕེལ་རིམ་འདི་ཁོ་ནས་བདེན་དཔང་བྱེད་ཐུབ། རྒྱུ་མཚན་དེ་བས་ན་ངས་ཆོས་རྒྱལ་ཚོས་དགོངས་པ་ཆེ་བཞེས་ཐོག་ལོ་པཎ་རིམ་བྱོན་རྣམས་ཀྱིས་དཀའ་ཁག་གདོང་གཏད་ཀྱིས།  བཀའ་བསྟན་གཞུང་ལུགས་དྲི་མ་མེད་པ་འདི་དག་ཆོལ་གསུམ་བོད་མི་མཐོ་དམན་དྲག་ཞན་སུ་ཞིག་གིས་བཀླག་ཀྱང་། དཀའ་ཚེགས་མེད་པར་བདེ་བླག་ཏུ་ཀློག་ཐུབ་པའི་རྗེས་འབྲས་རླབས་པོ་ཆེ་འདི་དག་མི་རབས་ཕྱི་མ་ཕྱི་མ་ཚོས་ཀྱང་དེ་དེ་བཞིན་བདེ་བླག་ཏུ་གོ་ཐུབ་ན། མི་རིགས་འདི་ཡང་འཚོ་གནས་ལེགས་པོ་ཞིག་ཡོང་ཐུབ་སྙམ་པའི་ཀུན་སློང་དྭངས་གཙང་ཞིག་གི་བློ་མིག་སྔོན་དུ་བཏང་ནས།  ཡུལ་སྐད་བཙན་སྦྱོར་བྱེད་པ་འདི་ལུགས་མཐུན་མིན་ཚུལ་བརྗོད་པ་ལས་བྱེ་བྲག་པ་ཞིག་ལ་དགའ་མིན་དགའ་མདོག་གིས་དེ་ལྟར་བརྗོད་པ་ནི་གཏན་ནས་མིན།

 

ཡང་གཅིག་བཤད་ན་སྤྱིར་ཆོལ་ཁ་གསུམ་གྱི་ཡུལ་སྐད་མི་འདྲ་བ་རྒྱུན་ཤེས་ཤིག་ཡིན་པ་དང་།  ལྷག་ཏུ་ཆོལ་ཁ་སོ་སོའི་ནང་ལའང་ཡུལ་སྐད་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པའི་གསང་གནད་ཁག་ལ་ཞིབ་བརྟག་གིས་ཤེས་རྟོགས་རྒྱུས་ལོན་གཏིང་ཟབ་བྱ་དགོས་པ་གལ་ཆེར་སྣང་ཡང་། དེ་ལྟར་བརྟག་དཔྱད་སྔོན་དུ་མ་སོང་བས་རང་ཉིད་ཀྱིས་བཙན་སྦྱོར་བྱེད་བཞིན་པའི་ཐ་སྙད་དེ་དག རང་གི་ལུང་པ་རྐྱང་པའི་ཁ་སྐད་ཅིག་ཡིན་པར་རང་བསམ་བདེན་རློམ་གྱིས་རང་ཉིད་ཀྱི་ཁྱད་རྣམ་དང་རྒྱན་དུ་བརྩི་བའི་བྱ་སྤྱོད་ནི་ཐ་སྙད་དེ་དག་ཡུལ་ལུང་གཞན་དང་གཞན་གྱི་མི་སྣས་ཀྱང་། བཀོལ་སྤྱོད་དེ་ལྟར་བྱེད་བཞིན་པ་ཤེས་རྟོགས་རྒྱུས་ལོན་ཐུབ་པའི་མི་སྣ་ཚོའི་མདུན་སར། ཁྱེད་ཀྱིས་གཡག་ཞྭར་གྱིས་རྩྭ་ཟ་ཚུལ་གྱི་སྣང་བརྙན་དེ་ཇི་འདྲའི་ཉམ་ཆུང་ནུས་མེད་ཅིག་རེད་ཨང་། 

 

དེ་བས་ན་རྒྱུན་པར་ཁ་ནས་རྗོད་ཀྱིན་པའི་སྤྱི་དོན་ཞེས་པའང་ཆུང་ས་འདི་རིགས་ནས་སྤྱི་དོན་ལ་སྲུང་སྐྱོབ་དང་འགན་འཁུར་བྱ་དགོས་པ་ལས། རྡོག་རྡོག་རང་མཚན་པ་གཅིག་ལ་སྲུང་སྐྱོབ་བྱ་གཞི་ཞིག་མེད་པས་ན། སྤྱི་དོན་ཞེས་པ་ཆུང་ས་ནས་བསྒྲུབ་རྒྱུ་ལས་གཞན་དུ་མེད་ལ། སྤྱི་དོན་ལ་འགན་སེམས་བྲལ་བའི་བྱ་སྤྱོད་དང་གཏོར་རྒོལ་བཏང་བ་ཞེས་པ་ཡང་ཆུང་ཆུང་འདི་རིགས་ལ་སྣང་མེད་དང་རྡོག་རྫིས་བཏང་བ་ལས་ལོགས་སུ་བརྗོད་དུ་མེད་པས་ན་དགོངས་པ་ཆེ་བཞེས་གནང་དགོས་པ་ནི་སྤྱི་པའི་ཐུན་མོང་གི་མངོན་འདོད་དེའི་སླད་དུའོ།  

 

དེ་ལྟར་ཟིན་བྲིས་པས་བརྡ་སྤྲོད་ཀྱི་ལུགས་དང་འགལ་བའི་མིང་མཐའ་འདྲེན་ཚུལ་དང་ཡུལ་སྐད་བཙན་སྦྱོར་བྱེད་བཞིན་པའི་སྣང་བརྙན་ཡ་མཚན་པ་དེས།  ཟིན་བྲིས་ཀྱི་རྭ་བའི་དཀྱིལ་འཁོར་ནང་འཛུལ་འདོད་ཀྱི་ངའི་ཚོར་ཤུགས་དེ་རི་དྭགས་རྨས་པ་བཞིན་དུ་ཉམས་ཉེས་སུ་གྱུར་སྟབས། ད་གཟོད་ང་དང་ཟིན་བྲིས་པའི་ལས་དབང་དེ་ཁ་ཐག་ཇེ་རིང་དུ་འགྱུར་བཞིན་པ་ནི་ང་ལ་མཚོན་ན་བློ་ཕམ་གྱི་གནས་ཤིག་ལས་མ་འདས།  དེ་ལྟ་ནའང་བཅོས་སུ་ཡོད་པའི་གཏན་ཚིགས་དེས་ང་ཚོའི་བར་གྱི་ལས་དབང་ལའང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་བའི་རེ་བ་ཡོད།། 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    རྒྱབ་སྐྱོར་ཡོད་ཡག་པོ་གསུངས་འདུག་བསྔགས་བརྗོད་ཡོད། དེ་དང་ཆབས་ཅིག་བསམ་ཚུལ་འགའ་ཞིག་ཞུ་རྒྱུར། ཡིག་མཁན་སློབ་དཔོན་ཨ་ནུས་ཐོག་མར་སྐད་ལ་བརྟེན་ནས་ཡི་གེ་བཟོས་པ་ཡིན་པས། དེང་གི་དུས་ཀྱང་སྐད་དང་མཐུན་པའི་ཡི་གེ་བཀོལ་སྤྱོད་བྱས་ན་མི་འགྲིག་པ་ཅང་ཨེ་ཡོད། བོད་ཀྱི་ཆོས་རྒྱལ་ཁྲི་རལ་སྐབས་སུ་སྐད་གསར་བཅད་ཀྱི་གཏན་འབེབ་ལན་མང་མཛད་པ་ལྟར་ད་ལྟའི་ཆར་ཡང་སྐད་ཡིག་གཅིག་འགྱུར་གྱི་ཐོག་ནས་གསར་གཏོད་ཅིག་གནང་ཐུབ་ན། དེང་སྐབས་བོད་ཡིག་ཐོས་བསམ་སློབ་གཉེར་བྱེད་རྒྱུར་དགྲ་ལྟར་ལྟ་བའི་དཀའ་ངལ་དེ་ལས་གྲོལ་ཐུབ་སྙམ། དེ་ལས་གཞན་ང་ཚོས་སྙིང་ཞེན་ཁོ་ན་བྱས་ནས་ལུས་པ་ཡིན་ན། ཁ་སྐད་དང་ཡིག་སྐད་བར་གྱི་བར་ཐག་རིང་པོ་དེ་མཐུད་མི་ཐུབ་ལ་བོད་ཡིག་ལ་དོ་སྣང་དང་དགའ་ཞེན་ཡོད་པ་དེ་དེ་ཡང་ཇེ་ཉུང་ཇེ་ཉུང་དུ་འགྲོ་སྲིད།།

    Reply
  2. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    སྤྱིར་བཏང་རྩོམ་ཡག་པོ་ཞིག་བྲིས་འདུག་ཀྱང་། མིང་མེད་ན་ཨག་རིང་ཇི་ལྟར་བཏབ་རུང་འགྱིག་གི་མི་ཞིག་ལས་ཡིད་ཆེས་བྱེད་ཐུབ་པ་མི་འདུག ཁྱེད་ཀྱིས་སྐད་ཆ་དག་ལ་གནས་ལུགས་དང་རྒྱུ་མཚན་འདུག་པས་མིང་ཡིག་ཅིག་འདིའི་ཐོག་ལ་བཀོད་ན་དགེ་མཚན་ཆེན་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese