མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་ལ་འགས་གཏོར་ངོ་རྒོལ་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་དམར་དཔོན་རིགས་ཚོས་མི་དམངས་ཀྱི་དཔའ་འབྱོར་ལྐོག་ཟ་རུལ་སུངས་དང་བཤུ་གཞོག་བྱས་ཏེ་དཔོན་དམངས་བར་དབུལ་ཕྱུག་གི་ཧེ་བག་ཆེན་པོ་བྱུང་པར་བརྟེན། རྒྱ་ནག་མི་དམངས་འུ་ཐུག་ཏེ་དྲག་པོའི་འགས་གཏོར་ལ་བརྟེན་ནས་གཞུང་ལ་ངོ་རྒོལ་བྱེད་པའི་མགོ་བརྩམས་ཡོད་འདུག 
 
ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ་ཙམ་ལ་རྒྱ་ནག་ཅང་ཞི་ཞིང་ཆེན་ཧྥུའུ་གྲོང་ཁྱེར་ཁྲིམས་ཞིབ་ཁང་དང་། ལན་ཁྲོན་ས་གནས་སྲིད་གཞུང་དང་དངོས་ཟོག་ཞིབ་བཤེར་ཁང་བཅས་ཀྱི་ཐོག་ཁང་ལ་སྔ་རྗེས་སུ་འགས་གཏོར་བྱུང་སྟེ། མི་ ༢ ་རྐྱེན་འདས་དང་མི་ ༦ ལ་རྨས་སྐྱོན་ལྕི་མོ་ཕོགས་ཡོད་པ་དང་། ཉེ་འཁོར་གྱི་རླངས་འཁོར་བཅུ་གྲངས་འགར་ཡང་གཏོར་སྐྱོན་ཕོགས་ཡོད་འདུག  འགས་གཏོར་དོན་རྐྱེན་དེ་དག་སྐར་མ་ ༡༠ ནས་ ༡༥ རེ་མཚམས་སུ་བསྟུད་མར་བྱུང་ཡོད་པ་དང་།  རྒྱ་ནག་གི་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་ས་གནས་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་གནས་ཚུལ་ལུང་འདྲེན་བྱས་ཏེ། རང་ལོ་ ༥༢ ཡིན་པའི་འགས་གཏོར་ཁྲོད་རྐྱེན་འདས་སུ་གྱུར་ཡོད་སྐོར་བརྗོད་ཡོད་པ་ཙམ་ལས། འགས་གཏོར་པ་དེའི་མིང་དང་ལས་གནས་སོགས་ཞིབ་ཕྲའི་གནས་ཚུལ་ཅི་ཡང་བཀོད་མེད་པ་རེད།
 
གཞན་ཡང་། རྒྱ་ནག་དྲ་ལམ་ཁག་ཏུ་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་། ཐེངས་འདིའི་འགས་གཏོར་དོན་རྐྱེན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་སྐོར་བརྒྱུད་བསྒྲགས་བྱས་ཡོད་ནའང་། འགས་གཏོར་དོན་རྐྱེན་དེའི་ཐད་ལ་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཤུགས་ཆེན་བྱས་པར་བརྟེན། རྗེས་སུ་ཞིན་ཧྭ་གསར་ཁང་གཙོས་པའི་དང་པའོ་ཞོན་དྲ་བ། ཞིན་ལང་དྲ་བ་སོགས་རྒྱ་ནག་དྲ་བ་ཁག་གིས་བཀོད་ཟིན་པའི་གནས་ཚུལ་ཚང་མ་བསུབ་ཡོད་པར་མ་ཟད།   རྒྱ་གཞུང་གིས་འགས་གཏོར་དོན་རྐྱེན་སྐོར་གྱི་གནས་ཚུལ་ཚང་མར་བཀག་སྡོམ་བྱས་ཏེ་དྲ་ཐོག་ནས་འཚོལ་བཤེར་མི་ཐུབ་པ་བཟོས་ཡོད་འདུག ཡིན་ནའང་། བའེ་པའོ་དྲ་བའི་སྟེང་དེའི་སྐོར་གྱི་གནས་ཚུལ་དང་སྦྱར་བྱང་མུ་མཐུད་ཐོན་ཡོད་པ་དང་། སྦྱར་བྱང་མང་ཆེ་བའི་ནང་དོན་ནི་མང་ཚོགས་རྣམས་དབུལ་ཕོངས་དཀའ་སྡུག་གི་གནས་སུ་ལྷུང་བར་བརྟེན། འུ་ཐུག་ཏེ་དྲག་པོའི་ཐབས་ལམ་སྤྱད་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མགོ་བརྩམས་པ་ཞིག་ཡིན་སྐོར་བཀོད་ཡོད་འདུག
 ཕྱིའི་རྒྱལ་ཁབ་ཀྱི་ཉམས་ཞིབ་པ་དག་གིས་རྒྱ་གཞུང་གིས་འགས་གཏོར་དོན་རྐྱེན་སྐོར་གྱི་གནས་ཚུལ་གློ་བུར་དུ་ཕྱིར་བསྡུ་དང་བཀག་འགོག་བྱས་པ་དེ་ནི། རྒྱ་ནག་མང་ཚོགས་ཁྲོད་བརྒྱུད་སྐུལ་དང་སྤྱི་ཚོགས་ཟིང་ཟིང་འབྱུང་བར་བློ་དོགས་སྐྱེས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད། 
 

ཉེ་བའི་ལོ་འགའི་རིང་རྒྱ་ནག་ནང་མི་མང་འུ་ཐུག་ཏེ་རང་ཤི་རྒྱག་པ་དང་། སློབ་མ་དམར་གསོད་གཏོང་བ། གཞུང་འབྲེལ་ཐོག་ཁང་མེར་བསྲེགས་དང་འགས་གཏོར་གཏོང་བ་སོགས་དྲག་པོའི་ཐབས་ལམ་སྤྱད་དེ་གཞུང་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་མང་པོ་རིམ་པར་བྱུང་མགོ་བརྩམས་ཡོད་པ་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

 
 
 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 12

  1. ཇ་མ་ says:
    ལོ་ 15 སྔོན།

    རྒྱ་མི་དཔའ་རྒོད་འདིའི་མིང་ལ་ཆན་མེན་ཆས་ཟེར། ངོ་མ་དཔའ་བོ་ཟེར་ནོ་རེད། བོད་ནང་དུ་བོད་མི་འདི་འདྲ་ཞིག་ཡོང་བའི་སྨོན་ལམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཟབ་གདོང་བླ་མའི་མཚན་འགས་གཏོར་ནང་ལ་འཁྱེར་མ་ཡོང་རོགས་གནོངས་ཐུགས་རྗེས་གཟིགས། །

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    ཟམ་གདོང་བླ་མས་༸གོང་ས་མཆོག་གི་བཀའ་བཞིན་སྒྲུབ་པ་ལས་༸གོང་ས་མཆོག་ལ་ལག་པ་ཕྱི་ས་བྱས་མེད་པ་ནི་གསལ་པོ་རེད་ལ། ལྷག་པར་ད་རེད་བོད་གཞུང་ཞེས་པའི་མིང་ཚིག་དེ་མེད་པར་གཟོས་པ་ཡང་༸གོང་ས་མཆོག་གི་བཀའ་དགོང་ཡིན་པ་གསལ་པོ་ཆག་སོང་། དེས་ན་སྐད་ཆ་སོམ་ནས་ཤོད། རྩམ་པ་ལྡད་ནས་མིག

    Reply
  4. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    དགོངས་པ་མ་འཚོམས་རོགས་དེ་རིང་ངའི་གློག་ཀླད་ཀྱི་འཛུབ་གནོན་འཕྲོ་བརླག་ཏུ་སོང་འདུག་མཆན་རང་བཞིན་གྱི་ཤོར་འགྲོ་གི་འདུག་

    Reply
  5. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    སྨར་ཀླུང་དཔལ་ལགས། ག་དུས་ཡིན་ཡང་སྐྱབས་སུ་འཆི་ཞེས་བསྡད་ན། བཙུན་གཟུགས་ཅན་ཐམས་བཅད་ལ་སྐྱབས་སུ་འགྲོ་བ་ག་ལ་ཡིན།ངས་གཟན་གཤམ་དུ་སྒྲིལ་བའི་རྡུལ་མཚོན་ཞེས་བསམ་བཞིན་དུ་སྙོན་འཛུགས་དང་ཚིག་ངན་བེད་སྤྱོད་བྱས་པ་མ་རེད་ལ་ཁྱོད་རང་བགད་མོ་ཤོར་དགོས་དོན་མེད། ཁྱེད་འདྲ་བའི་མགོ་བདེ་བ་ཁ་ཤས་ཀྱིས་ག་དུས་ཡིན་ཡང་༸གོང་ས་མཆོག་གི་གཅིག་དང་༸གོང་ས་མཆོག་གི་གཉིས་ཞེས་རང་ལ་འགན་མེད་པའི་ཚིག་ཀྱང་བེད་སྤྱོད་ཀྱི་འདུག་ན་ཉུང་ཙམ་འབྲི་རོགས།རང་རྐྱ་འཕེར་བའི་བསམ་ཚུལ་ཙམ་ཡང་བཤད་མ་ཕོད་པར་རང་གིས་བཟོས་པའི་ནག་ཉེས་ཐམས་བཅད་༸གོང་ས་མཆོག་གི་སྟེང་དུ་གཡུགས་པ་ཡིན་ན་དེ་དད་པ་རྫུན་མ་རེད། ཁྱེད་རང་མི་ཆུང་ཞིག་གིས་༸གོང་ས་མཆོག་འཕྱིས་རས་སུ་བེད་སྤྱད་པ་རེད། ཟམ་གདོང་གི་བྱ་བཞག་ཡིནའང་བྱ་ངན་ཡིནའང་གང་ལྟར་མཐོང་ཆོས་སུ་གྱུར་བའི་ཚོགས་ཆེན་དེ་རེད། ༸གོང་ས་མཆོག་གིས་བགྲེས་ཡོལ་ཞུ་རྒྱུའི་བཀའ་ལོ་གཉིས་གསུམ་གྱི་གོང་ནས་གསལ་པོ་་གསུངས་ཚར་བ་རེད། འོན་ཀྱང་ཟམ་གདོང་གི་དབུ་ཁྲིད་པའི་གཞུང་འཛིན་པ་ཚོས་གོང་ས་མཆོག་བགྲེལ་ཡོལ་དུ་ཕེབས་ན་ཇི་བྱ་དགོས་པའི་འཆར་གཞི་ཙམ་ཡང་མེད་པར་གནས་སྟངས་འདི་འདྲ་ཞིག་ཏུ་གྱུར་བ་དེ་ང་ལྟ་བུའི་ཆབ་འབངས་རྣམས་ཀྱི་ནོར་བ་རེད་པས། སྨར་ཀླུང་ལགས།
    དེ་ནི་རྒྱ་གཞུང་གི་མདུན་དུ་ངོ་ཚ་དགོས་པ་རེད་ཀྱང་ཟམ་གདོང་གི་རང་གི་དམིགས་ཡུལ་མ་བསྒྲུབ་པར་བརྟེན་གོང་ས་མཆོག་བགྲེས་ཡོལ་ཞུ་རྒྱུའི་གོ་སྐབས་བླངས་ཏེ་༼སྒྲིག་འཛུགས་༽དང་བདེན་པ་ཉིད་རྒྱལ་རྒྱུ༽་སོགས་རྒྱ་མི་ཙམ་མ་ཟད་རྒྱལ་སྤྱིའི་མི་དམངས་མདུན་དུ་ང་ཚོའི་གཞུང་འདིར་དམིགས་ཡུལ་གཅིག་ཀྱང་མེད་ཞེས་གསལ་བྱས་པ་རང་རེད།གང་ལྟར་ཱཕྱི་ཟླ་དགུ་པ་ནས་ཟམ་གདོང་གྲྭ་ཆས་ཕུད་དེ་དམག་ཆས་གྱོན་པའི་ངེས་པའང་མཆིས།
    ད་ནི་འཇིགས་ཡེར་བ་ཞིག་ཏེ་ཡང་སྲིད་ཀྱི་སྐོར་དེ་རེད།

    Reply
  6. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    སྨར་ཀླུང་དཔལ་ལགས། ག་དུས་ཡིན་ཡང་སྐྱབས་སུ་འཆི་ཞེས་བསྡད་ན། བཙུ་གཟུགས་ཅན་ཐམས་བཅད་ལ་སྐྱབས་སུ་འགྲོ་བ་ག་ལ་ཡིན།ངས་གཟན་གཤམ་དུ་སྒྲིལ་བའི་རྡུལ་མཚོན་ཞེས་བསམ་བཞིན་དུ་སྙོན་འཛུགས་དང་ཚིག་ངན་བེད་སྤྱོད་བྱས་པ་མ་རེད་ལ་ག་དུས་ཡིན་ཡང་༸གོང་ས་མཆོག་གི་གཅིག་དང་༸གོང་ས་མཆོག་གི་གཉིས་ཞེས་རང་ལ་འགན་མེད་པའི་ཚིག་ཉུང་ཙམ་འབྲི་རོགས།རང་རྐྱ་འཕེར་བའི་བསམ་ཚུལ་ཙམ་ཡང་བཤད་མ་ཕོད་པར་ཐམས་ཅད་རང་གིས་བཟོས་པའི་ནག་ཉེས་ཐམས་བཅད་༸གོང་ས་མཆོག་གི་སྟེང་དུ་གཡུགས་ན་དེ་དད་པ་ངོ་མ་མ་རེད། ཁྱེད་རང་གིས་༸གོང་ས་མཆོག་ལག་ཆ་ཙམ་དུ་བེད་སྤྱོད་བྱས་པ་རེད། ད་ཟམ་གདོང་གིས་བྱ་བཞག་ཡིན་ནའང་རེད།

    Reply
  7. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    སྨར་ཀླུང་ག་དུས་ཡིན་ཡང་སྐྱབས་སུ་འཆི་བཤད་བསྡད་ན་གྲྭ་གཟན་བསྣམས་པའི་བཙུན་པ་ཐམས་བཅད་ལ་སྐྱབས་སུ་འགྲོ་བ་མ་རེད། དཔེར་ན། རྡ་སར་ཁྱམས་པའི་གྲྭ་བཙུན་འདི་ཚོར་གཟིགས་དང་། ཟམ་གདོང་ལ་ངས་ཁུངས་མེད་ཀྱི་གཏམ་འཆལ་བཟོས་པ་མ་རེད།

    Reply
  8. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    དེང་གི་ཕོ་སར་ཚོ་ལ་གུས་པ་ནི་གད་མོ་ཤོར་གི་འདུག དྲག་པོའི་དཔུང་ཤུག་ཅིག་གི་དགའ་རབ་བྱེད་རྒྱུ་ཡོད་པའི་ཚོར་སྣང་མངར་མོ་ཞིག་རྒྱུན་ཆད་མེད་པར་ཤོད་ཀྱི་འདུག་པ་འདི་ཚོ་ནི་གློད་མ་ཕབས་པའི་དར་མའི་སྐད་ཆ་འབའ་ཞིག་ཏུ་མངོན། འདི་ཐམས་ཅད་ནི། ར་རང་གི་བཟོས་པའི་འུར་རྡོ་དེ། ར་རང་གི་མགོ་བོ་བཅོག་ས་རེད་ཟེར་བ་བཞིན། དྲག་པོའི་ཐབས་ལམ་ཇི་ཙམ་སྤྱད་ཀྱང་རང་ཆུས་བརླག་པ་ཞིག་ལས་ཁེ་ཐན་ཏིལ་འབྲུ་ཙམ་ཞིག་མེད་པ་མ་ཡིན་ནམ། ༧གོང་ས་མཆོག་གིས་རྒྱ་གར་གཞུང་གི་བཀའ་ཤག་སྒོ་བརྒྱབ་དགོས་ལབ་ན་ཁྱོད་རང་ཚོས་འགན་ཁུར་ཐུབ་ཀྱི་རེད་པས? ང་གཅིག་པོས་འགན་ལྗིད་པོ་འདི་ཁེར་ཐུབ་ཀྱི་མི་འདུག་ཅེས་གསུང་པ་འདི་ག་རེ་གསུངས་པ་རེད་འདི་རང་མགོ་གཏོར་བའི་འབར་རྫས་ཨེ་རེད། ད་ལྟའི་ཆར་ཟམ་གདོང་རིན་པོ་ཆེས་གཞུང་གཏོར་བཞག་པ་དང་རྩ་མེད་བཏང་བཞག་པ་ཞིག་ཨེ་རེད། ལེགས་པར་སོམ་ཞིག སྨད་དགོས་ས་ལ་རང་གཞན་ཀུན་གྱི་སྨད་དགོས་པ་ལས་འགན་ཡིན་ན་ཡང་།

    སྐྱེས་སྟོབས་ཀྱི་སྐུ་ཡོན་དང་ལྷག་བསམ་ལྡན་པའི་བྱང་སེམས་ཆེན་པོ། རིགས་ཆོལ་སོགས་ཀྱི་འཐེན་ཁྱེར་མེད་པའི་མཁས་དབང་དང་བཙུན་པ་ཆེན་པོ། བོད་མི་ཡོངས་ཀྱི་ནང་ནས་རང་དབང་གི་འོས་འདེམས་ཀྱིས་སྒོ་ནས་གདམ་པའི་བཀའ་ཁྲི་ཆེན་པོ་ལ་མ་རུང་བ་དང་འཁོ་མེད་ཀྱི་ཚིག་ངན་བད་སྤྱོད་བྱེད་རྐྱང་འདི་ཚོ་ཉམས་ཕབ་ནས་གཞིག་ན།

    བོད་ཀྱི་གཏམ་དཔེར།
    ཁྱི་ཉམས་སྤྲང་པོས་ལོན་ནས་རྒྱུག་པ་སྐེད་གཟེར། ཆུ་ཉམས་མཉན་པས་ལོན་ནས་ཀོ་བ་འཕྲེད་གཅོད། ཟེར་བ་འདི་ངོ་མ་རེད་སྙམས།

    འདི་ནི་ཡུལ་གྱར་བ་ཁྲིམས་ཀྱི་རྒྱབ་ལྗོངས་ལ་སྐྲག་སྣང་གང་ཡང་མི་དགོས་པའི། རྔ་མས་མགོ་ལ་ཡར་བཟློག པུས་མོ་བྲང་དང་ཐད་ཐད། ངོ་མ་ཡིད་ཐང་ཆད་ཀྱི་འདུག བོད་མི་བཙན་བྱོལ་བ་ནང་ལ་ཟམ་གདོང་རིན་པོ་ཆེ་ལས་ཡག་པ་ཞིག་དང་འཇོན་པ་ཞིག་ཡོད་ན་དགའ་བ་ལ་རེ་སྒུག་བྱེད་ནས་སྡོད་ཡོད། སངས་རྒྱས་ཀྱིས་ཀྱང་ཐམས་ཅད་མགུ་བར་དཀའ་བས་མི་དེ་འདྲ་ནི་སྲིད་མཐའ་ཙམ།
    མདོར་ན།
    སྐྱོན་འཛུགས་རེས་བྱེད་མ་སྡོད་ནས་གཞོན་ལྷན་ལང་པ་བཞིན་རང་ནུས་བད་སྤྱོད་བཏང་རོག་རྗེས་སུ་ཡི་རང་ཡོད།།།།།།།།།།།།།།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་གཞུང་ལ་འགས་གཏོར་འདིས་དོན་དམ་ལ་རྒྱ་ནག་་ནང་ལ་ཞི་བདེ་མེད་པ་མཚོན་པ་རེད།

    Reply
  10. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    དེ་ནི་གནད་དོན་ཆུང་ངུ་ཞིག་རེད། འོན་ཏེ་བཙན་བྱོལ་བཀའ་ཤག་གིས་རང་གི་སྲིད་གཞུང་ལ་འབར་རྫས་གཡུགས་པ་འདིས་མི་ཇི་ཙམ་གྱི་སེམས་ཡོད་མེད་ཚོད་དཔག་དཀའ།
    དེའི་སྐོར་ལ་ངས་༼གཟན་གཤམ་ནང་སྒྲིལ་བའི་རྡུལ་མཚོན་ཞེས་༽མཆན་ལ་བཀོད་ཀྱང་དུས་བབ་ནས་སྤེལ་མ་སོང་བས་བློ་ཕམ་ཆེ། གང་ལྟར་གནས་ཚུལ་དངོས་ཡོད་ཟམ་གདོང་གི་ལོ་ངོ་བཅུའི་བྱ་བཞག་དེའི་སྐོར་རེད།

    Reply
  11. གནས་ཚང་། says:
    ལོ་ 15 སྔོན།

    རྒྱ་ནས་འགས་གཏོར་བཀད་དུས།
    བོད་འདིས་རང་ཉིད་གཏོར་ཐལ།
    བློ་མཐུན་ཆགས་ན་མ་གཏོགས།
    བོད་ལ་བློ་ཞིག་མི་འདུག

    Reply
  12. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    འུ་ཐུག་ཐབས་ཟད་ཀྱི་དྲག་པོའི་འབར་རྫས་འགས་གཏོར་བཏང་པ་འདི་ཕོ་ཁྱོ་བའི་གཟི་བརྫིད་ཡིན་ལ། རྒྱ་ནག་ནང་དྲག་པོའི་ལས་འགུལ་སྤེལ་བའི་སྔོན་རྟགས་ཞིག་ཀྱང་ཡིན། རྒྱ་ནག་པོའི་དཔོན་ངན་ཚོར་དམངས་ཀྱིས་དྲག་པོའི་ཐོག་ལས་འགུལ་སྤེལ་བའི་བརྡ་ལན་ཐེངས་དང་པོ་དེ་བསློགས་པ་ཡིན། དེ་ནི་རྒྱ་ཡི་དཔོན་རིགས་ཚོས་དཔྱད་གཞི་བྱ་དགོས་པའི་དོ་སྣང་གསར་བ་ཞིག་དང་མི་མང་ཚོར་སྨྲས་བརྗོད་རང་དབང་དང་འགྲོ་བ་མི་ཐོབ་ཐང་ལ་རྡོག་རྡོལ་བཏང་དང་གཏོང་བཞིན་པའི་དཔོན་རིགས་ཚོར་དྲག་པོའི་ལས་འགུལ་གྱི་མགྲོན་བརྡ་བཏང་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese