མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཚེ་སྲོག་ཅིག་གི་མེ་སྟག

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

སེ་རེ་ཡའི་མང་ཚོགས་ཀྱིས་སྲིད་གཞུང་མགོ་རྟིང་སློག་འདོད་ཀྱི་ཞི་བའི་དམངས་གཙོའི་ལས་འགུལ་ཐད། བྱིས་པ་ཧམ་ཛ་འདས་རྐྱེན་ལས་ངར་ཤུགས་བསླངས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་སེ་རེ་ཡའི་(Syria) ནང་གི་ས་གནས་གང་སར་ཞི་རྒོལ་པ་ཚོས། “ཧམ་ཛ།” “ཧམ་ཛ།” ཞེས་སྐད་འབོད་བྱེད་བཞིན་སྲིད་གཞུང་ལ་ངོ་རྒོལ་གྱི་སྟོབས་ཤུགས་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་འདུག དེ་ནི་རང་ལོ་ ༡༣ ལ་སོན་པ་བུ་ཧམ་ཛ་(Hamza al-Khateeb) ཁོང་ད་ལོའི་ཕྱི་ཟླ་ ༤ པའི་ནང་སེ་རེ་ཡའི་ལྷོ་ཕྱོགས་ཌ་རཱ་(Daraa) གྲོང་ཁྱེར་གྱི་ཟིང་འཁྲུང་ཁྲོད་ཞུགས་སྐབས་ཕ་མ་དང་ཁ་བྲལ་ཏེ་བོར་བརླག་ཏུ་ཕྱིན་ཞིང་། ཉེ་ཆར་ཁོང་གི་ཕུང་པོ་གཞུང་དམག་གིས་ཕྱིར་ནང་མིར་སྤྲད་སྐབས།  ཕུང་པོ་ཡོངས་རྫོགས་མེ་མདའི་རྨ་ཤུལ་དང་། ལུས་ཀྱི་ཡན་ལག་གཅོད་འབྲེག་བཏང་སྟེ། འགྱིག་སྣོད་ཅིག་གིས་བཏུམས་ཡོད་འདུག

ནང་མིའི་ཆོག་མཆན་འོག་རང་དབང་ལས་འགུལ་པ་ཞིག་གིས་ཧམ་ཛའི་ཕུང་པོར་བརྙན་དཔར་བླངས་ཏེ་ཡོ་ཊུབ་(Youtube) ནང་བཞག་རྗེས་གཞུང་གིས་ཤེས་རྟོགས་བྱུང་འཕྲལ་ནང་མི་ཚང་མ་འཛིན་བཟུང་བྱས་པ་མ་ཟད། ཧམ་ཛའི་ཕུང་པོ་ཡང་བཙན་འཁྱེར་བྱས་ཤིང་། རྗེས་སུ་བརྙན་འཕྲིན་བརྒྱུད་སེ་རེ་ཡའི་གཞུང་ཕྱོགས་ནས། སྲིད་འཛིན་ཨ་སཱ་ཌི་ (President Assad) ཡིས་ཧམ་ཛའི་ཕ་མར་ཐུག་འཕྲད་དང་སེམས་གསོ་གཏོང་གི་ཡིན་པས་ཁྲིད་ཚུལ་བསྒྲགས་འདུག

ད་ལྟ་སེ་རེ་ཡའི་ཞི་རྒོལ་མི་མང་གིས། ཧམ་ཛ་ལགས་ནི་ད་སྔ་གཞུང་གིས་མི་མང་ལ་དྲག་གནོན་གདུག་རྩུབ་བཏང་པའི་ཁྲོད་ཀྱི་ཁ་གསལ་ཤོས་དང་། རྒྱལ་སྤྱིའི་སྟེང་དངོས་སུ་སྟོན་ཐུབ་བྱུང་པའི་དཔེ་མཚོན་གཅིག་ཡིན་ཞིང་། ཁོང་ནི་གདུག་རྩུབ་འོག་གནས་པའི་མི་མང་གི་མཚོན་རྟགས་ཤིག་ཡིན་པར་སྒྲོག་བཞིན་ངོ་རྒོལ་ལས་འགུལ་དེ་རྒྱལ་ཡོངས་ལ་ཁྱབ་བཞིན་ཡོད་ཅིང་། ཁ་གཏད་ཕྱོགས་ཁག་གིས་བྱིས་པ་ཆུང་ཆུང་དེ་ཞི་རྒོལ་ནང་དངོས་སུ་ཞུགས་པའི་གོ་རིམ་ཁྲོད་ནས་བོར་བརླག་ཏུ་ཕྱིན་ཡོད་སྟབས། ཁོང་ནི་སེ་རེ་ཡའི་རང་དབང་དང་མི་མང་གི་ཆེད་དུ་ཚེ་སྲོག་ཤོར་མཁན་མི་རིགས་ཀྱི་དཔའ་བོར་ངོས་འཛིན་ཀྱང་བྱས་ཡོད་འདུག

སེ་རེ་ཡའི་གཞུང་ཕྱོགས་ནས་བྱིས་པ་ཧམ་ཛ་ཁོང་སྐབས་དེའི་ཟིང་འཁྲུག་ཁྲོད་མེ་མདའ་ཕོག་སྟེ་ཤི་པ་ཞིག་ཡིན་ཞིང་། གཞུང་དམག་གིས་ཞིབ་བཤེར་བརྒྱུར་ངོ་རྟགས་འཕྲོད་རྗེས་ཕྱིར་ནང་མི་ལ་རྩིས་སྤྲོད་བྱས་པ་ལས། གཞུང་དམག་གིས་མནར་གཅོད་གདུག་རྩུབ་འོག་རྐྱེན་ལམ་དུ་བཏང་བ་ཞིག་མིན་ཚུལ་བཤད་ཡོད་ཀྱང་། ཡར་ལངས་ལས་འགུལ་པ་ཚོས། ཁོང་བོར་བརླག་ཏུ་ཕྱིན་སྐབས་ཀྱི་ཟིང་འཁྲུག་དེ་ཕྱི་ཟླ་ ༤ པའི་ཟླ་མཇུག་ལ་བྱུང་ཡོད་པས་ད་ལྟ་གཞི་ནས་ཕུང་པོ་ཕྱིར་སྤྲོད་ཡོང་ཐབས་མེད་སྐོར་རྗོད་ཀྱི་ཡོད་འདུག

དོན་རྐྱེན་འདིའི་ཐད་ཨ་རིའི་དྲུང་ཆེ་ཧེ་ལཱ་རེ་(Hillary Clinton)ལགས་ཀྱིས། ཧམ་ཛའི་འདས་རྐྱེན་འདི་ནི་སེ་རེ་ཡ་དངོས་སུ་དམངས་གཙོ་ཚད་ལྡན་ཞིག་ཏུ་འཕོ་འགྱུར་འགྲོ་རྒྱུའི་མགོ་བརྩམས་པ་ཞིག་ལ་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད། ཅེས་དང་། ཨོ་སི་ཊི་ལི་ཡའི་ཕྱི་སྲིད་བློན་ཆེན་ཀེ་ཝན་ (Kevin Rudd) ལགས་ཀྱིས་ཀྱང་། དོན་རྐྱེན་འདིའི་ཐད་ནས་སེ་རེ་ཡའི་སྲིད་འཛིན་ཨ་སཱ་ཌི་རྒྱལ་སྤྱིའི་ཉེས་ཅན་ཁྲིམས་ཁང་ལ་སྦྱོར་དགོས་ཞེས་རྒྱལ་ཚོགས་ལ་འབོད་སྐུལ་ཞུས་ཡོད།

དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་ཞིག་བཏོན་པའི་ནང་། སེ་རེ་ཡའི་བདེ་སྲུང་དམག་གིས་རྒྱུད་རིམ་ལྡན་པའི་ངང་ཞི་རྒོལ་བར་མནར་གཅོད་དང་དམར་གསོད་བཏང་པ་དེ་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ལ་རྒོལ་པའི་ཉེས་ཅན་ཆགས་ཡོད། ཅེས་བཀོད་ཡོད་འདུག

ཐེངས་འདིའི་དོན་རྐྱེན་ཐད་རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཚོས། ཧམ་ཛའི་ཤི་རྐྱེན་ནི་དེ་སྔོན་ཊོ་ནའེ་ཤེ་ཡའི་ཤིང་ཏོག་ཚོང་མཁན་མོ་ཧ་མེ་ཌི་(Mohamed Bouazizi) དང་ཨེ་རན་དམངས་གཙོ་དོན་གཉེར་པ་ནེ་ཌ་ (Neda Agha Soltan)སོགས་ལྟར་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱ་རྒྱུར་སྟོབས་ཤུགས་ཀྱི་མེ་སྟག་སྒྲོན་མཁན་ཞིག་ཏུ་འགྱུར་རྒྱུར་ཚོད་དཔག་བྱེད་བཞིན་ཡོད།

གསར་འགོད་པ། བནྡེ་སྐྱབས།

མཆན། 3

  1. བཀྲ་ཤིས། says:
    ལོ་ 12 སྔོན།

    གངས་ཅན་གྱི་དཔའ་ཞིག་གི་གཟུངས་ཁྲག་དེ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་འདུལ་ཞིང་འདིའི་ཆེད་དུ་མཆོད་པ་འབུལ་སོང་།

    Reply
  2. ལྷ་ཆབ་སྦྱིན་པ། says:
    ལོ་ 12 སྔོན།

    རང་རེའི་དཔའ་བོ་ཕུན་ཚོགས་ལགས་དང་ཧམ་ཛཱ་གཉིས་ནི་མི་རིགས་ཀྱིས་དུས་གཏན་ཏུ་བརྗེད་མི་སྲིད་པའི་དཔའ་བོ་རེད།

    Reply
  3. སེར་ཤུལ་རིན་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    རྒྱལ་ཁབ་ཅིག་གི་ནང་ཁུལ་གྱི་ལས་དོན་ཆེ་གྲས་གང་ཡིན་ཡང་རྒྱལ་སྤྱི་དང་རྒྱལ་ཁབ་གཞན་གྱིས་ཤུགས་རྐྱེན་ལ་རག་ལས་པས་རྣམ་འགྱུར་འདི་དག་གིས་བོད་ལའང་རེ་བའི་སྲོག་དབུགས་ཅུང་ཙམ་ཡོད་པ་མཐོང་ངོ་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist