མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་རྩིས་ལ་བག་ཆཊ་འཇོག་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གསོ་རིག་མཐོ་སློབ་ཚན་ལྡན་ཞིག་གང་མགྱོགས་འཛུགས་བསྐྲུན་བྱ་ཐུབ་རྒྱུ་དང་། དེ་འདྲའི་སློབ་གཉེར་ཁང་དེར་ལོ་ལྟར་སྨན་རམས་པ་བརྒྱ་ཕྲག་ཁ་ཤས་ཐོན་ཐུབ་པ་ཡིན་ན། རིག་གནས་སྲུང་སྐྱོབ་དང་སྤྱི་ཚོགས་ཞབས་ཞུ། བོད་པའི་མཚོན་དོན་སོགས་ཕྱོགས་ཚང་མར་ཐུགས་ཕན་སོས་པ་ཞིག་ཡོང་གི་ཡོད་པས། དེ་ལག་ལེན་འཁེལ་བར་སྐོམ་པ་ཆུ་འདོད་བཞིན་བསྒུག་རྒྱུ་ཡིན། ཅེས་བཀའ་ཁྲི་མཆོག་གིས་གསུངས།  

དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་གངས་སྐྱིད་བོད་མིའི་སྒྲིག་འཛུགས་སྨན་རྩིས་ཁང་དུ། བོད་ཀྱི་སྨན་རྩིས་མཐོ་སློབ་དབུ་བརྙེས་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྒྲུབ་རྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གཙོས་པའི། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་འགན་འཛིན། བཀའ་ཟུར་རྣམ་པ། ཝ་ཎ་མཐོ་སློབ་དང་འབྲེལ་ཡོད་སྨན་པ། སྨན་རྩིས་ཁང་གི་ལས་བྱེད་དང་སློབ་ཕྲུག་སོགས་ཁྱོན་མི་ ༣༠༠ ཙམ་འདུ་འཛོམས་བྱུང་ཡོད།



ཐོག་མར་བོད་མིའི་སྒྲིག་འཛུགས་སྨན་རྩིས་ཁང་གི་འགན་འཛིན་སྐུའི་བླ་སྨན་རྟ་མགྲིན་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་དོན། དེ་རིང་ནི་བོད་གཞུང་སྨན་རྩིས་ཁང་བཙུགས་ཏེ་མི་ལོ་ ༥༠ འཁོར་བའི་ཉིན་མ་རེད། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས། ༡༩༦༢ ལོའི་ཕྱི་ཟླ་ ༦ པའི་ཚེས་ ༢ ཉིན་སྨན་རྩིས་ཁང་གསར་འཛུགས་གནང་ཡོད་ཅིང་། སྐབས་དང་པོའི་སྨན་སློབ་འཛིན་གྲྭའི་ནང་སློབ་མ་ ༨ དང་། སྐར་རྩིས་སློབ་མ་ ༥ བཅས་བསྡུས་ཏེ། ད་བར་སྨན་སློབ་སྐབས་ ༡༤ དང་རྩིས་སློབ་སྐབས་ ༧ བར་སློབ་མ་ ༣༣༣  སྐྱེད་སྲིང་བྱས་ཡོད། ཅེས་དང་། བོད་གཞུང་སྨན་རྩིས་ཁང་ལ་དམིཊ་ཡུལ་དང་ལས་འགན་ཆེན་པོ་གསུམ་ཡོད་པ་ནི། གཅིག ༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་། གཉིས། བོད་ཀྱི་གསོ་བ་རིག་པའི་ཆེད་ལས་མི་སྣ་གསོ་སྐྱོང་བྱ་རྒྱུ། གསུམ། བོད་ཀྱི་གསོ་བ་རིག་པའི་ཁྱད་ཡོན་ལ་བརྟེན་ནས་མིའི་སྤྱི་ཚོགས་ཀྱི་བདེ་རྩ་དང་ཡར་རྒྱས། འཕྲོད་བསྟེན་བཅས་ལ་ཕན་པ་བསྒྲུབ་རྒྱུ་བཅས་ཡིན། དམིགས་ཡུལ་མངོན་འགྱུར་བྱ་ཆེད་སྨན་རྩིས་ཁང་དུ་སྡེ་ཚན་ཁག་ ༡༦ དང་ཡན་ལག་ཁག་སྨན་ཁང་ ༥༤ གསར་འཛུགས་གནང་ཡོད། ཅེས་བརྗོད་བྱུང་།  

ཁོང་གིས་མུ་མཐུད་དུ་གསུངས་དོན། སྨན་སློབ་སྐབས་བཅོ་ལྔ་ནས་འཛིན་རིམ་ ༡༢ ཐོན་པ་རྐྱང་བསྡུ་ལེན་བྱེད་ཀྱིན་ཡོད་ལ། སློབ་ཁྲིད་བྱེད་སྟངས་ལ་མཚོན་ན་སྔོན་དང་མི་འདྲ་བར་བདེ་ལེགས་སྨན་ཁང་དང་ཉམས་མྱོང་བརྗེ་རེས་བྱས་ཏེ། ལག་ལེན་དང་ཉམས་མྱོང་གཉིས་ཀ་ཟུང་འབྲེལ་ཐོག་འགྲོ་ཐུབ་ཀྱི་ཡོད་པ་མ་ཟད། མི་འགྱང་བར་ཚན་རིག་དང་རྒྱ་གར་ཚེ་རིག་བྱེད་དགེ་རྒན་སོགས་གདན་ཞུ་བྱ་འཆར་ཡོད། ༧གོང་ས་མཆོག་གི་ལམ་སྟོན་བཞིན། སྨན་རྩིས་ཁང་གིས་གང་ཐུབ་ཀྱིས་མཐོ་སློབ་འདི་རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་དང་མཚན་སྙན་གཅིག་མཚུངས་ཡོང་ཐབས་དང་། ཕྱི་རྒྱལ་ཁག་ཏུ་ལས་དོན་དང་སློབ་སྦྱོང་བཅས་ལ་སྐྱོད་སྐབས། གཙུག་ལག་སློབ་གྲྭ་ཚོར་ངོས་ལེན་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།  



དེའི་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་རྒྱ་གར་དུ་བསླེབས་ཏེ་མི་ལོ་ལྔ་བཅུ་ལྷག་ཕྱིན་པའི་རིང་། རྒྱ་གར་ཚེ་རིག་བྱེད་དང་བོད་ཀྱི་གསོ་རིག་གཉིས་རིག་གནས་ཐ་ཐད་ཡིན་པ་བཟོ་མ་ཐུབ་པར་ཡུན་རིང་ལྷག་པ་རེད། འདས་པའི་ལོ་ཤས་ནང་ཝ་ཎ་མཐོ་སློབ་ཀྱིས་གཙོ་འགན་འཁུར་པ་ལྟར། རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་མཐུན་འགྱུར་གནང་སྟབས། ཁྲིམས་མཐུན་ཐོག་རྒྱ་གར་ལ་ཁུངས་གཏུགས་ཀྱང་། རྒྱ་གར་ཚེ་རིག་བྱེད་དང་གཅིག་གྱུར་མིན་པ་ཟུར་དུ་ངོས་འཛིན་ཐོབ་པ་དེ། རྒྱལ་སྤྱིའི་ནང་བོད་ཀྱི་གསོ་རིག་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་བྱུང་བ་རེད་བསམ་གྱི་ཡོད། གལ་སྲིད། ཁྲིམས་མཐུན་ངོས་འཛིན་ཐོབ་མེད་ན། བོད་ནང་གསོ་རིག་སློབ་སྦྱོང་དར་ཁྱབ་ཆེན་པོ་ཡོད་ཀྱང་། བོད་ནང་བོད་པའི་རིག་གནས་ཀྱི་ངོ་བོར་མ་གནས་པར་རྒྱ་མིའི་རིག་གནས་ངོ་བོར་བརྩི་བ་དང་། རྒྱལ་སྤྱིའི་ཐོག་ལའང་རྒྱ་སྨན་གྱི་ཁྱབ་ཁོངས་འོག་འགྲོ་བཞིན་བའི་གནས་སྟངས་ཤིག་ཆགས་ཡོད་དུས། རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་ཀྱི་གསོ་རིག་ལ་ཐུན་མོང་མ་ཡིན་པའི་ངོས་འཛིན་ཐོབ་པ་དེ། ལེགས་བྱང་སྲུང་སྐྱོབ་དང་རིག་གནས་འདི་རྒྱ་ནག་གི་རིག་གནས་མ་ཡིན་པར་བོད་པའི་ཐུན་མིན་རིག་གནས་ཤིག་ཡིན་པ་གསལ་པོ་ཆགས་པ་དེ། ཆབ་སྲིད་ཀྱི་དོན་སྙིང་ལྡན་པ་ཞིག་བྱུང་ཡོད་པ་རེད། ང་ཚོས་ངོས་འཛིན་འདི་འདྲ་ཞིག་ཐོབ་པའི་སྐབས་དང་བསྟུན། ཕྱོགས་གཅིག་ནས་རིག་གནས་རྒྱུན་འཛིན་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་ནང་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཆེན་པོ་ཞིག་འགྲོ་རྒྱུའི་ཆེད་དུ། རིག་གནས་འདིའི་ཐོག་སྦྱངས་བའི་ཆེད་ལས་པ་མང་པོ་ཐོན་དགོས་པ་ཧ་ཅང་གལ་ཆེན་ཆགས་ཡོད། ཅེས་གསུངས།



སྨན་རྩིས་མཐོ་སློབ་གསར་འཛུགས་སྐོར་ལ། སྨན་རྩིས་ཁང་གི་མཛད་སྒོ་སྐབས་༧གོང་ས་མཆོག་གིས་ང་ཚོར་སྨན་པ་སྟོང་ཕྲག་ལྷག་དགོས་ཞེས་གསུངས་བ་བཞིན། དེ་རིང་གི་ལས་བསྡོམས་ནང་འདས་པའི་ལོ་ ༥༠ ནང་སྨན་རམས་པ་ ༢༠༠ ལྷག་བྱུང་ཡོད་ཅེས་གསུངས་སོང་། ཕྱོགས་གཅིག་ནས་བལྟས་ན། མི་ཉིས་བརྒྱ་ལབ་ན་གྲངས་ཀ་མང་པོ་ཡིན་སྲིད་ཀྱང་། ལོ་ལྔ་བཅུར་བགོ་བཤའ་བརྒྱབ་ན་ཧ་ཅང་ཉུང་ཉུང་ཆགས་ཡོད། དངོས་ཡོད་ཐོག་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ཏུ་སྨན་རྩིས་ཁང་གི་སྨན་པས་ཁྱབ་མ་ཐུབ་པ་དང་། རྒྱལ་སྤྱིའི་ཐོག་དགོས་མཁོ་ཡོད་པའི་ས་གནས་ཁག་ཏུ་སྨན་པ་མཁོ་གཏོང་ཐུབ་ཀྱི་མེད་སྟབས། ལས་བསྡོམས་ནང་གསུངས་བ་བཞིན། བོད་ཀྱི་གསོ་རིག་མཐོ་སློབ་ཚན་ལྡན་ཞིག་གང་མགྱོགས་འཛུགས་བསྐྲུན་བྱ་ཐུབ་རྒྱུ་དང་། དེ་འདྲའི་སློབ་གཉེར་ཁང་དེར་ལོ་ལྟར་སྨན་རམས་པ་བརྒྱ་ཕྲག་ཁ་ཤས་ཐོན་ཐུབ་པ་ཡིན་ན། རིག་གནས་སྲུང་སྐྱོབ་དང་སྤྱི་ཚོགས་ཞབས་ཞུ། བོད་པའི་མཚོན་དོན་སོགས་ཕྱོགས་ཚང་མར་ཐུགས་ཕན་སོས་པ་ཞིག་ཡོང་གི་ཡོད་པས། དེ་ལག་ལེན་འཁེལ་བར་སྐོམ་པ་ཆུ་འདོད་བཞིན་བསྒུག་རྒྱུ་ཡིན། ཞེས་དང་།

མཐའ་མར་ཁོང་གིས། ང་ཚོས་ངེས་པར་དུ་དགོངས་པ་བཞེས་དགོས་རྒྱུ་ཞིག་ལ། ད་ཆ་རྒྱ་གར་ཁྲིམས་ཐོག་ཏུ་བོད་ཀྱི་གསོ་རིག་ལ་ངོས་འཛིན་ཐོབ་ཡོད་སྟབས། སྨན་རྩིས་མཐོ་སློབ་འདི་ཡང་རྒྱ་གར་གཙུག་ལག་སློབ་གྲྭ་ཁག་གི་སྒྲིག་འཛུགས་ནང་ངོས་འཛིན་ཡོད་པ་ཞིག་དང་། མཐོ་སློབ་འདི་ནས་ཐོན་པའི་སྨན་པའི་ལག་འཁྱེར་དེ། རྒྱ་གར་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཁག་གི་སྒྲིག་འཛུགས་ཀྱི་ངོས་འཛིན་ཡོད་པའི་ལག་འཁྱེར་གནང་རྒྱུ་དེ་གལ་ཆེན་པོ་རེད། དེ་མ་གནང་བ་ཡིན་ན། ཁྲིམས་མཐུན་ཐོག་ངོས་ལེན་བྱུང་བའི་དགོས་མཁོ་ཆ་ཚང་ཞིག་ང་ཚོས་བེད་སྤྱོད་གཏོང་མ་ཐུབ་པ་རེད། ཅེས་གསུངས་བྱུང་།



མཇུག་ཏུ་སྐུ་མགྲོན་གཙོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་དོན། ༧གོང་ས་མཆོག་གིས་སྨན་རྩིས་མཐོ་སློབ་འདིར་སྨན་པ་བརྒྱ་ཕྲག་ཙམ་དུ་མ་ཟད། སྟོང་ཕྲག་ལྷག་འཐོན་དགོས་པ་དང་། གང་ཐོན་པ་དེ་ཚོ་ཡང་ཚད་དང་ལྡན་པ་ཞིག་ཡོང་དགོས་ཞེས་གསུངས་པ་ལྟར་དེ་ཚོ་ཧ་ཅང་གནད་འགག་ཅིག་ཆགས་ཡོད་པ་རེད། མཐོ་སློབ་འདི་བཙུགས་པའི་ཐོག་མའི་དམིགས་ཡུལ་ནི་སློབ་མ་སྐྱེད་སྲིང་བྱ་རྒྱུ་དེ་རེད། ང་ཚོས་མི་ལོ་ལྔ་བཅུའི་ནང་སློབ་མ་ཅི་ཙམ་སྐྱེད་སྲིང་བྱས་ཡོད་མེད་དང་། དེ་ཚོས་རང་གཞན་ལ་ཕན་ཐོགས་ཅི་ཙམ་བྱུང་ཡོད་མེད་ཐད་ཕྱིར་མིག་ལྟ་སྐབས། རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་དང་སྤོབས་པ་སྐྱེས་དགོས་པ་ཞིག་རེད། ཅེས་དང་།  

ཡང་ཁོང་གིས་མུ་མཐུད་དོན། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད་སྟབས། ང་ཚོར་བློ་འཚབ་ཆེ་རུ་འགྲོ་དགོས་པ་ཞིག་དང་། ལས་ཀའི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ་ཤུགས་སྣོན་རྒྱག་དགོས་ཀྱི་འདུག ཁ་སྔོན་སྨན་རྩིས་མཐོ་སློབ་སློབ་མ་ཚོ་རྒྱུད་སྟོད་ལ་ཡོང་བ་རེད། སྐབས་དེར། ངས་སློབ་མ་ཚོའི་གནས་སྟངས་དྲིས་སྐབས་རྩིས་སློབ་ལྔ་དྲུག་ལས་མི་འདུག་ལ། སློབ་མ་མང་པོ་ཞིག་གིས་རྩིས་ཀྱི་ཕན་ཡོན་སྐོར་ཤེས་ཀྱི་ཡོད་ཚོད་མི་འདུག ངས་བལྟས་ཡོང་ན་ཁག་ཅིག་གིས་སློབ་སྦྱོང་ནི་ལས་ཀ་རག་མིན་དང་འཚོ་བ་ཇི་ལྟར་རོལ་རྒྱུ། སྒོིར་མོ་གང་འདྲ་བཙལ་རྒྱུ་སོགས་ཀྱི་དོན་དུ་ཡིན་ནམ་སྙམ་པའི་དོགས་པ་ཡོང་འདུག ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། ཀརྨ་པ་སྐུ་ཕྲེང་རིམ་བྱོན་ལ་མཚོན་ན་ལོ་རྒྱུས་ཐོག་སྨན་རྩིས་སྐོར་མཁྱེན་རྟོགས་ལྡན་པ་ཞིག་ཡིན་སྟབས། སོ་སོ་རང་ཉིད་ཀྱང་ངོ་གནོང་དགོས་པ་ཞིག་ཆགས་སོང་། གལ་སྲིད་རང་ཉིད་ལ་མ་འོངས་པར་མི་ཚེ་བསྐྱལ་རྒྱུའི་གོ་སྐབས་རིང་པོ་ཤར་ཚེ། སྨན་རྩིས་གཞུང་ལུཊ་ལ་བག་ཆགས་འཇོག་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ངས་སྨན་སྦྱངས་ཏེ་མཁས་པ་ཆགས་རྒྱུ་རེད་དྲན་གྱི་མེད་ཀྱང་། དེ་ལྟར་བྱས་ན་སྨན་རྩིས་ཀྱི་བསྟན་པར་ཞབས་འདེགས་དང་། སྨན་རྩིས་བྱ་བར་ཕྱག་ལས་གནང་མཁན་ཚོར་སེམས་ཤུགས་འཕར་རྒྱུའི་ཆ་རྐྱེན་དུ་འགྲོ་བ་རེད་དྲན་གྱི་ཡོད། ཅེས་གསུངས་སོིང་།     

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 9

  1. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཀརྨ་བཀའ་བརྒྱུད་ཀྱི་མི་ཞིག་ནས་རེ་བ་ལ་ཀརྨ་པའི་མཚན་གྱི་འགོར་༸ རྟགས་འདི་རྒྱག་རོགས་ཞེས་བསྐུལ་བཞིན་འདུག བླ་མ་གུས་ཞབས་བྱེད་རོགས་གྱིས་ཞེས་རེ་བ་རྒྱག་སྲོལ་མེད། རྟགས་དེ་མེད་ན་ཀརྨ་པ་ཆུང་དུ་འགྲོ་ཀི་མ་རེད། སེམས་ཁྲལ་མ་བྱེད། བུ་ལ་ཡོན་ཏན་ཡོད་ན་ནམ་ཞིག་གསེར་ས་འོག་ལ་ཡོད་ཀྱང་འོད་ནམ་མཁར་ཞེས་པ་ལྟར་རེད། དཀོན་མཆོག་མཁྱེན་ནམ་ཞིག་མིང་ཚང་མས་ང་ཚོ་བོད་པ་ཚང་གི་བླ་མ་གྲྭ་པ་ལ་ཕྱག་འཚལ་རོགས། དངུལ་མང་ཙམ་ཕུལ་རོགས། བོད་ཀྱི་བླ་གྲྭ་ལ་ཤོག་དངུལ་ཕུལ་ན་ཚོགས་ཞེ་དྲག་བསགས་ངེས་རེད། དམྱལ་བ་ནང་འགྲོ་མི་འདོད་མཁན་ཚོས་བོད་ཀྱི་བླ་མ་དང་གྲྭ་པ་ལ་དངུལ་ཕུལ་ཤོག །

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    དེ་ཉིན་ང་ཡང་མཛད་སྒོར་ཕྱིན་པ་ཡིན། དེ་སྐབས་མཐོ་སློབ་ཀྱི་སློབ་ཕྲུག་མང་དག་ཞིག་ལ་རྩོམ་རིགས་བྱ་དགའ་སོགས་གནང་སོང་ལ་དེ་དག་ནང་སློབ་ཕྲུག་བུ་ལས་བུ་མོ་གཅིག་ཀྱང་མི་འདུག་པ་དེ་ལས་ངའི་སེམས་ལ་བོད་མིའི་ཁྲོད་ད་དུང་ཕོ་མོ་འདྲ་མཉམས་ཀྱི་ཐོབ་ཐང་རྩོད་པའི་སྐབས་རེད་མི་འདུག་བསམ་བྱུང།
    དེ་མིན་དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་སླད་མར་སྨན་རྩིས་ཐོག་སློབ་གཉེར་གནང་རྒྱུའི་དམ་བཅའ་ཡང་གནང་སོང། །

    Reply
  3. ཚང་སར་ཕྲིན་ལས། says:
    ལོ་ 15 སྔོན།

    གནས་ཚུལ་ཁྱབ་བསྒྲགས་བྱེད་མཁན་གྱི་འབྲེལ་ཡོད་ལས་བྱེད་ཐུན་མོང་ལ་རེ་བསྐུལ་ཅིག་ཞུ་ཡ་ཡོད། རེ་བསྐུལ་དེ་ནི་༧དཔལ་རྒྱལ་བ་མཆོག་གི་མཚན་སྨོས་སྐབས་མཚན་གྱི་འགོ་ལ་༧་འདི་ངེས་པ་ཅན་རྒྱག་རོགས་གནང་། ཁྱེད་རྣམས་ཀྱི་ཕར་ཆེར་བརྗེད་སོང་བ་འདྲ།

    Reply
  4. བོད་པ་ says:
    ལོ་ 15 སྔོན།

    དམར་ཕྱོགས་ཀྱི་དྲ་འབུ་ཚོས་ཅི་བཤད་ལ་ཉན་མི་དགོས། རེ་བ་ཞིག་ཡོད་པ་ནི་སྨན་རྩིས་ཁང་གིས་རྒྱང་ཤེལ་སོགས་བརྟག་དཔྱད་ཡོ་ཆས་ཡོད་པའི་གནམ་རིག་བརྟག་དཔྱད་ཁང་ཞིག་འཛུགས་དགོས་རྒྱུ་དེ་རེད། ང་ཚོས་མིས་བཟོས་འཁོར་སྐར་དང་འཕུར་གྲུ་སོགས་བཟོ་བའི་དངུལ་མེད་པ་སྐྱོན་མི་འདུག ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བོད་པས་ཐལ་ལའི་ནང་བརྩིས་བརྒྱབས་ནས་གཟའ་བདུན་གྱི་དཀྱིལ་འཁོར་དང་བྱེ་བ་ཕྲག་བརྒྱའི་འཇིག་རྟེན། ད་དུང་སྟོང་རྡུལ་དང་ཁྱིམ་བརྒྱུད་ཀྱི་ཐོག་མ་ཉི་མ་སྐྱེས་བ་སོགས་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཚོས་ཚན་རིག་གིས་ངོ་འཕྲོད་ཡོང་གི་འདུག

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    སྨན་ལ་སྦྱོང་བརྡར་བྱས་ན་ཁྱད་མེད། རྩིས་ལ་མང་པོ་མ་སྦྱང་མ་གཏོགས། བོད་ཀྱི་གཏམ་དཔེར། རྩིས་པ་འགྲོ་སའི་ལམ་མི་བརྙེད་ཟེར་བའི་དཔེ་ལྟར། ད་བོད་གཞུང་ནི་མེད། རྒྱ་ནག་གཞུང་གིས་བྱེད་སྟངས་ནི་ངན། རང་རེ་བོད་མི་རྣམས་རྩིས་ལ་བརྟེན་ནས་རྣམ་རྟོག་མང་པོ་མ་བཟོ་མ་གཏོགས་འགྲོ་སའི་ལམ་བུ་རག་རྒྱུ་ཁག་པོ་ཡིན་འགྲོ། བསམ་བློ་ཡག་པོ་ཐོངས།

    Reply
  6. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    བོད་ཀྱི་གསོ་བ་རིག་པ་ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོ་ལ་བཀྲ་ཤིས་སྨོན་འདུན་ཞུ། །
    ད་དུང་ཡང་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་སྨན་རྩིས་ཁང་ནང་བོད་ཀྱི་གསོ་བ་རིག་པའི་ཐོག་སློབ་མ་དར་སྤེལ་འགྲོ་བར་ང་ཡང་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་བྱས་ནས་བསྡད་ཡོད། །
    རང་ཉིད་བློ་ཕམ་པ་ཞིག་ལ་བོད་ནས་གསར་དུ་འབྱོར་མཁན་ཞིག་ཡིན་ཡང་བོད་ཀྱི་གསོ་བ་རིག་པའི་སློབ་མ་ཁོངས་སུ་འཛུལ་འདོད་དང་རེ་བ་ཆེན་པོ་བྱས་པ་ཡིན། །
    ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་ཤེས་རབ་དགའ་ཚལ་སློབ་གླིང་ནས་ཐོན་པའི་ལག་འཁྱེར་མ་གཏོགས་གཞན་གང་ཡང་ཁྱེར་རྒྱུ་མེད། །
    དེ་ལ་ངོ་ལན་བྱེད་ཀྱི་མི་འདུག
    ངས་ཨུ་ཚུགས་བརྒྱབ་ནས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྨན་རྩིས་ཁང་དྲུང་ཆེ་ལ་སྙན་ཞུ་རྒྱག་སྐབས་འགན་འཛིན་དྲུང་དུ་སོང་ནས་རང་ཉིད་གནས་ལུགས་རྒྱུ་མཚན་རྣམས་ཀྱང་གསལ་བཤད་བྱས་པ་ཡིན།
    འགན་འཛིན་མཆོག་གིས་ཞལ་བཞེས་ཐོབ་བྱུང་ལ་དྲུང་ཆེ་མཆོག་ནས་ཞལ་བཞེས་གནང་མ་བྱུང་།
    གང་ལྟར་ཀྱང་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྨན་རྩིས་ཁང་འཛིན་སྐྱོང་འོག་བོད་ཀྱི་གསོ་བ་རིག་པ་བོད་ཕྱི་ནང་གཉིས་ཀྱི་ཚབ་བྱས་ནས་འཛམ་གླིང་ཐོག་བོད་ཀྱི་གསོ་བ་རིག་པ་མིང་དོན་མཚུངས་པ་བྱེད་དགོས།

    Reply
  7. མངའ་རིས་བུ། says:
    ལོ་ 15 སྔོན།

    ད་སེམས་ཤུགས་ཆག་ནས་བསྡད་ཡོད།
    བཀའ་བློན་ཁྲི་པ་ཀོང་ལ་ངས་སྔར་དད་གུས་ཚད་མེད་བྱས་མྱོང།
    ད་བྱེད་དུས་ནམ་ལངས་ཁར་གཅིན་པ་ཤོར་ཟེར་བ་ལྟར།
    བཀའ་ཁྲིའི་ལོ་མཇུག་དེར་བོད་ཀྱི་ཅབ་སྲིད་ཀྱི་གནད་དོན་མཐའ་དག་རྒྱ་ནག་ལ་ཕུལ་སོང།
    ད་བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་རྒྱ་གར་ལ་ཕུལ་སོང།
    ད་བོད་མི་ཚོ་སྔར་རྡོ་ཆས་ཀྱི་དུས་རབས་བཞིན་དུ་མི་ལུས་ལ་དུད་ཀྱི་སེམས་ལྡན་ཞིག་ཏུ་བཟོས་སོང།
    ཨ་ཁ་བོད་འདི་ཡི་ལས་དབང་རྟག་པར་རང་གི་ཆབ་དཔལ་སྲིད་གསུམ་རིག་གཞུང་ཐམས་ཅད་གཞན་ནས་ལེན་རྒྱུར་དགའ་སྣང་བྱེད་པ་ནི་མི་ཡི་ལད་མོ་སྤྲེལ་གྱིས་བྱས།
    སྤྲེལ་གྱི་རྔ་མ་མེ་ཡིས་ཚིགས།
    ཞེས་པ་དེ་དྲན་ཡོང་གི་འདུག
    ད་བློ་སེང་གི་ཐམས་ཅད་ཨ་རིར་ཕུལ་རྒྱུ་རང་རེད།
    ཐམས་ཅད་སྟོང་པ་ཡུམ་མདོའི་དུས་ཤིག་ཤར་སོང།

    Reply
  8. གཟི་མིག་༣པ says:
    ལོ་ 15 སྔོན།

    དེ་རིང་ཁ་སང་དབུ་མཁྲིད་ཚོས་བཀའ་མོལ་ཡ་ཚན་ཅན་འདི་འདྲ་གསུང་གི་འདུག་
    སྨན་རྩིས་ལོ་ལྔ་བཅུ་དུས་དྲན་སྐབས་བཀའ་ཁྲིས་”བོད་ཀྱི་གསོ་རིག་མཐོ་སློབ་ཚན་ལྡན་ཞིག་གང་མགྱོགས་འཛུགས་བསྐྲུན་བྱ་ཐུབ་རྒྱུ””ཞེས་པ་འདི་གང་གསུངས་ཀྱི་ཡོད་རེད་འོ་ན་ད་ཡོད་སྨན་རྩིས་མཐོ་སློབ་འདི་ཚད་ལྡན་མ་ཡིན་ནམ་དེ་ལས་ལྷག་པའི་སྨན་རྩིས་མཐོ་སློབ་ཞིག་བཙན་བྱོལ་ནང་ལ་ཡོད་རེད་པས་དེ་བཞིན་བོད་ཀྱི་གསོ་རིག་རྒྱ་གར་གཞུང་གི་ངོས་འཛིན་ཡོང་ཆེད་དཀའ་ལས་རྒྱག་མཁན་ཝཱ་ནཱ་གཅིག་པོ་མིན་དེ་ནི་ཚོགས་པ་མང་པོ་མཉམ་རུབ་བྱས་ན་བྱུང་བ་ཤིག་རེད་ལ་སྨན་པ་རྒན་པ་མང་པོས་སྐུ་ལས་སྐྱོན་ཡོད་

    Reply
  9. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    དངོས་གནས་བོད་ཀྱི་རྩིས་རིག་པ་དེ་ཛ་དྲག་གི་གནས་ཚུལ་གྱི་ཐོག་ཐུག་ཡོད། སྨན་རྩིས་ཁང་འཛིན་སྐྱོང་གིས་ནུས་པ་ཐོན་པའི་བྱ་འགུལ་ཞིག་སྤེལ་ན་མ་གཏོགས་ད་ནས་ལོ་ཉི་ཤུ་སུམ་ཅུའི་ནང་དུ་རྩིས་དཔེ་རྣམས་འགྲེམས་སྟོན་ཁང་དུ་བཤམས་སྟོན་བཞག་རྒྱུ་ལས་མ་འདས། རྩིས་པའི་ལས་ཁུངས་སུ་ཉིན་སྟར་ཚེ་རབས་ལས་རྕིས་དང་། བག་རྕིས། གཤིན་རྕིས་བསྐོར་བ། གཟའ་སྐར་འཕྲོད་སྦྱོར་བལྟས་ཐུབ་པས་སྤྱི་ཚོགས་ལ་དགོས་མཁོ་ལྟར་སྣང་བ་ཞིག་བསྐངས་ཐུབ་ཀྱང་ཕུགས་རྒྱང་རིང་པོར་བོད་ཀྱི་རིག་གནས་ཀྱི་ཞབས་ཞུ་མི་བསྒྲུབ་པས་རྕིས་པར་ཁས་འཆེ་བ་ཚོས་དུས་འཁོར་སྐར་རྩིས་དང་རྒྱ་རྩིས་ལ་ཅིས་ཀྱང་སློབ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese