མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་དོན་གཙོ་བོ་དང་ཐ་སྙད་ཕལ་བར་འཇོག་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

དམངས་གཙོའི་ཀ་བ་གསུམ་གྱི་གནས་བབ་ལ་འགྱུར་བ་སྤུ་ཙམ་ཡང་མེད་པར་ཡར་རྒྱས་ཀྱི་གོམ་པ་རྒྱག་བཞིན་ཡོད། ད་རེས་གྲོས་ཚོགས་ཀྱི་དཀྱིལ་འཁོར་ནང་དམངས་གཙོ་ཀ་བ་གསུམ་གྱི་ཁྲིམས་མཐུན་གྱི་སྒྲིག་འཛུགས་དང་བཅའ་ཁྲིམས་ཀྱི་དགོངས་དོན་གང་ཡོད་པ་དེ་གྲ་མ་ཉམས་གྲུ་མ་ཞིག་པར་གནས་ཡོད་པ་བཀའ་བློན་ཁྲི་པས་ཚིག་ཐག་ཆོད་པོས་ཞུས་པ་ཡིན་ཟེར།

ཁ་སང་ཕྱི་ཚེས་ ༢ ཉིན་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཉིན་གཉིས་པའི་སྟེང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེང་སྐབས་སྤྱི་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་གླེང་སློང་མང་པོ་ཞིག་ཡོང་གི་ཡོད་པའི་གནད་དོན་ཁག་ཅིག་གི་ཐད་གསལ་བཤད་གནང་སོང་། སྐབས་དེར་བཀའ་ཁྲི་མཆོག་གིས་གསུངས་རྒྱུར། ད་རེས་བྱུང་རབས་ཀྱི་འགྱུར་མཚམས་ཆེན་པོ་ཞིག་གི་སྐབས་སུ་སྐབས་བཅུ་བཞི་པའི་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཕྱག་ལས་ལམ་ལྷོང་ལྡན་པའི་ཐོག་གནང་ཐུབ་པ་དེ་གཟི་བརྗིད་དང་ལྡན་པ་ཞིག་དང་དགའ་བསུ་ཞུ་འོས་པ་ཞིག་རེད། དེའི་ཐད་གཞིས་བཞུགས་བོད་མི་མཁྱེན་ལྡན་ཚོའི་ཁྲོད་དུའང་བཅའ་ཁྲིམས་བསྐྱར་བཅོས་ཡག་པོ་བྱུང་འདུག་ཅེས་དགོངས་ཚུལ་གསུང་མཁན་རབ་དང་རིམ་པ་བྱུང་སོང་། ཕྱག་ལས་ཡག་པོ་དང་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གནད་དོན་གང་ཡིན་ཡང་འགྱུར་བ་ཞིག་དང་གསར་གཏོད་ཅིག  གསར་བརྗེ་ཞིག་བྱུང་སྐབས་དེ་ལ་འདོད་པ་མ་ཁེངས་པ་དང་འགྲིག་མི་འདུག་ཅེས་བཤད་པ་དེ་བོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མིན་པར་འཇིག་རྟེན་སྤྱིའི་འགྲོ་སྟངས་ཤིག་ཆགས་ཡོད་སྟབས། དེར་ང་ཚོ་ཧ་ལས་པ་དང་ཧང་སངས་དགོས་པ་ཤིག་ཆགས་མེད། བདུན་ཕྲག་ཁ་ཤས་ནང་འགན་འཁུར་མི་དགོས་པའི་ཐོག་ནས་བརྒྱུད་ལམ་ཁག་ཏུ་སྐད་ཆ་འདྲ་མིན་གསུང་ངེས་ཀྱང་། བར་མཚམས་ཤིག་ནས་རང་བཞིན་གྱི་ཡལ་འགྲོ་ངེས་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། མང་ཚོགས་ནང་དང་ལྷག་པར་དུ་བརྒྱུད་ལམ་ཁག་ཏུ་དངོས་ཡོད་མ་ཡིན་པའི་གཞི་མེད་ཀྱི་ཐ་སྙད་དང་ཚིག་མང་པོ་བེད་སྤྱོད་བཏང་ནས་མི་མང་ལ་མགོ་སྐོར་དང་མགོ་རྨོངས་སུ་འཇུག་པའི་གནས་ཚུལ་ཡོང་གི་འདུག དེ་ཚོ་བསམ་བཞིན་དུ་གནང་བ་མིན་པར་སོ་སོའི་མགོ་མ་འཚོས་པར་བྱས་པ་ཞིག་རེད་བསམ་གྱི་ཡོད། ལྷག་པར་དུ་སྙན་གྲགས་ཡོད་པའི་བརྒྱུད་ལམ་ཁ་ཤས་ནང་ཕྱི་ཚེས་ ༢༩ ཉིན་ནས་བཅའ་ཁྲིམས་གསར་བ་གཏན་འབེབས་བྱས་རྗེས་བཅའ་ཁྲིམས་གསར་བའི་འོག་ཕྱག་ལས་གནང་གི་རེད་ཅེས་གསུང་གི་འདུག  དེ་མི་ཕལ་བ་ཞིག་གིས་ཀྱང་མགོ་འཚོས་པའི་གནས་སྟངས་ཤིག་རེད། ང་ཚོས་བཅའ་ཁྲིམས་གསར་བ་ཞིག་དུས་ནམ་ཡང་བཟོས་མེད། ༡༩༩༡ ལོར་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་ལ་ཕབ་པའི་བཅའ་ཁྲིམས་དེའི་ལེའུ་བཅུ་གཅིག་པའི་འཆར་ཅན་གྱི་འོག་ནས་ཁྲིམས་དང་འགྲོ་ལུགས་ལ་མཐུན་པར་བྱས་ཏེ་བསྐྱར་བཅོས་གནང་ཡོད། ཅེས་གསུངས་སོང་།
 

ཟམ་གདོང་རིན་པོ་ཆེ་མཆོག་གིས་དམངས་གཙོའི་ཀ་བ་གསུམ་གྱི་སྐུ་དབང་ལ་དོ་ཕོག་སྣ་གཅིག་ཀྱང་སོང་མེད་པར། སྔར་ལས་ཡར་རྒྱས་སུ་འགྲོ་བཞིན་ཡོད་སྐོར་གསུངས་དོན། སྤྱི་ཚོགས་ནང་བཙན་བྱོལ་བོད་གཞུང་དང་བོད་གཞུང་ཕྱིར་བསྡུ་གནང་བ་རེད། ཅེས་སྔོན་མ་ནས་གསུང་གི་འདུག་ལ་བརྒྱུད་ལམ་ཁག་ལའང་ཐོན་འདུག ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་ལྷུན་རྩེ་རྫོང་དུ་གནས་སྤོར་གནང་བའི་དགའ་ལྡན་ཕོ་བྲང་གི་གཞུང་དང་མུ་མཐུད་རྒྱ་གར་ནང་བསྐྱར་དུ་གོ་འཛུགས་གནང་བའི་བཙན་བྱོལ་བོད་གཞུང་དེ། འདས་པའི་ལོ་ ༥༢ རིང་དམངས་གཙོའི་འཕེལ་རིམ་ཚད་དང་ལྡན་པ་ཞིག་གི་ཐོག་ནས་བཅའ་ཁྲིམས་དང་ལྡན་པའི་དམངས་གཙོའི་གཞུང་ཞིག་དང་། ཁྲིམས་ལུགས་དབང་འཛིན་དང་ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་དབང་འཛིན། དབང་ཚད་འཆར་འགོད་དང་ལྗིད་ཉམས་སྟངས་འཛིན་གྱི་ཆ་རྐྱེན་ཡོངས་སུ་རྫོགས་པའི་དམངས་གཙོའི་གཞུང་ཆ་ཚང་བ་དེ་ ༡༩༤༢ ལོ་ནས་བར་མ་ཆད་པའི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་དེ་ཕྱིར་བསྡུ་བྱས་མེད། ཅེས་གསུངས་བྱུང་།

བཀའ་ཁྲི་མཆོག་གིས་མུ་མཐུད་དུ་གསུངས་དོན། ད་ལྟའི་ཆར་ཚོགས་མི་ ༤༣ ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་ཞལ་ཁྲ་རིག་རིག་བྱས་ཏེ་འདིར་བཞུགས་བཞིན་པ་རེད། ཁྲིམས་དོན་གྱི་ཕྱག་ལས་ཡང་གནང་བཞིན་པ་རེད། དེའི་ནང་ནས་མི་གཅིག་ཉུང་དུ་བཏང་མེད་ལ་ཕྱག་ལས་གནང་བའི་ལམ་སྲོལ་ལའང་འགྱུར་བ་སྤུ་ཙམ་ཡང་ཕྱིན་མེད། ཚོགས་འདུ་རྒྱུན་དུ་ཚོགས་ཀྱི་ཡོད་པ་རེད། ཚོགས་དུས་གཉིས་པའི་སྐབས་སུ་འདི་གནང་གི་ཡིན་ཞེས་འཆར་གཞི་འདིང་བཞིན་པ་རེད། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཐོག་ཏུ་ཡར་རྒྱས་འགྲོ་བ་ལས་ཕྱིར་བསྡུ་དང་འགྱུར་བ་ཕྱིན་མེད། འཛིན་སྐྱོང་ལ་མཚོན་ནའང་། གསར་བརྗེ་དང་ཡར་ཐོན་གྱི་ཐོག་ནས་འཛིན་སྐྱོང་གི་དབུ་འཁྲིད་མང་ཚོགས་ཀྱིས་འོས་བསྡུ་འདེམས་གནང་ཡོད། ལས་དོན་གནང་ཕྱོགས་དང་སྐུའི་དབང་ཚད། སྔར་ལས་ཆེ་རུ་ཕྱིན་པ་ལས་སྣ་གཅིག་ཀྱང་ཆུང་དུ་ཕྱིན་མེད། ཁྲིམས་ལུགས་དབང་འཛིན་ཡང་། སྔོན་མ་གང་ཡོད་པའི་ཐོག་༸གོང་ས་མཆོག་གིས་རྒྱལ་ཁབ་དབུ་ཁྲིད་ཀྱི་མཚན་ཐོག་ནས་གནང་དགོས་པའི་ལས་དོན་མང་པོ་ཞིག་ད་ཆར་ཁྲིམས་ལུགས་དབང་འཛིན་གྱིས་གནང་དགོས་པ་ཆགས་ཡོད། ལྷག་པར་དུ་ ༢༠༡༡ ལོ་ནས་བཟུང་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་འདུས་སྡོད་ཀྱི་ས་གནས་ཡོངས་ལ་བཙན་བྱོལ་བོད་མིའི་ཁྲིམས་དོན་ཟབ་སྦྱོང་དང་ཁྲིམས་བཟོའི་ལས་གཞི་རྒྱ་ཆེན་པོ་ཞིག་བརྩམ་འཆར་ཡོད་སྟབས། དམངས་གཙོའི་ཀ་བ་གསུམ་གྱི་གནས་བབ་ལ་འགྱུར་བ་སྤུ་ཙམ་ཡང་མེད་པར་ཡར་རྒྱས་ཀྱི་གོམ་པ་རྒྱག་བཞིན་ཡོད། ད་རེས་གྲོས་ཚོགས་ཀྱི་དཀྱིལ་འཁོར་ནང་དམངས་གཙོ་ཀ་བ་གསུམ་གྱི་ཁྲིམས་མཐུན་གྱི་སྒྲིག་འཛུགས་དང་བཅའ་ཁྲིམས་ཀྱི་དགོངས་དོན་གང་ཡོད་པ་དེ་གྲ་མ་ཉམས་གྲུ་མ་ཞིག་པར་གནས་ཡོད་པ་བཀའ་བློན་ཁྲི་པས་ཚིག་ཐག་ཆོད་པོས་ཞུས་པ་ཡིན། ཞེས་གསུངས་བྱུང་།

 

བཀའ་ཁྲི་མཆོག་གིས་ཐེངས་འདིར་བཙན་བྱོལ་བོད་གཞུང་གི་མིང་ལ་བསྒྱུར་བཅོས་བཏང་བའི་ཐད་གསུངས་དོན། ད་ལྟའི་ཕན་ལ་༸གོང་ས་མཆོག་གི་མཚན་གྱི་གཟི་བྱིན་འོག་མིང་དང་ཐ་སྙད་འདྲ་མིན་མཐར་འགྲོ་བཞིན་ཡོད། བསྙོན་འཛུགས་བྱེད་མཁན་ཡོད་ཀྱང་༸གོང་ས་མཆོག་གི་མཚན་གྱི་གཟི་བརྗིད་ལ་བརྟེན་ནས་སེལ་ཐུབ་པ་ཞིག་རེད།༸གོང་ས་མཆོག་གིས་བྱུང་རིམ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་ཐ་སྙད་ལ་བརྟེན་ནས་ང་ཚོར་དཀའ་ངལ་འཕྲད་པ་ཡིན་ན་ཡག་པོ་མི་འདུག་ཅེས་༸གོང་ས་མཆོག་གིས་དགོངས་པ་བཞེས་ཡོད་པ་ཚང་མས་བསམ་གྱི་ཡོད་པ་རེད། དོན་མི་གཙོ་བར་ཐ་སྙད་གཙོ་བོར་བཞག་པ་དེ་ཆབ་སྲིད་ཀྱི་འཆར་གཞི་ཡོད་པའི་བསམ་བློ་གཏོང་སྟངས་ཤིག་ཆགས་ཀྱི་མེད། ཐབས་ཇུས་ལྡན་པའི་ཆབ་སྲིད་ཀྱི་དགོངས་པ་བཞེས་མཁན་ཞིག་ཡིན་ན། ནང་དོན་གཙོ་བོ་དང་ཐ་སྙད་ཕལ་བར་འཇོག་དགོས། ཞེས་གསུངས་བྱུང་།  

བཀའ་ཁྲི་མཆོག་གིས། སྤྱི་ཚོགས་ཁྲོད་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་དེ་༸གོང་ས་མཆོག་ལ་ཕྱི་ནང་གི་གནོན་ཤུགས་སྤྲད་པར་བརྟེན་བཀའ་གནང་དགོས་ཆགས་པ་རེད་ཅེས་དགོངས་མཁན་དང་བཀའ་གནང་མཁན་བྱུང་ཡང་། ༸གོང་ས་མཆོག་གི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་མ་རྟོགས་པའི་དབང་གིས་༸གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་ཕྱི་དང་ནང་གི་གནོན་ཤུགས་འོག་ལ་ཕེབས་མཁན་ཞིག་ཡིན་པར་ངོས་འཛིན་གནང་བ་དེར་བློ་ཕམ་ཆེན་པོ་བྱུང་། ལྷག་པར་དུ་རྒྱ་མིས་གནོན་ཤུགས་དང་རྒྱ་གར་གྱི་གནོན་ཤུགས། ཡང་ན་བོད་རྒྱལ་འབྲེལ་མོལ་ལ་རེ་བ་བརྒྱབ་པ་རེད་ཟེར་བ་དེ་དག་དངོས་ཡོད་ཀྱི་གནས་ཚུལ་དང་ལེ་བར་སྟོང་ཕྲག་མང་པོས་རྒྱང་ཕུད་བྱས་ཡོད་པ་ཞིག་རེད། ཅེས་གསུངས་བྱུང་།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༥ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༢༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese