མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་སྐྱིད་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp


དོ་ནུབ་ངྷ་ས་ཟློས་གར་ཐང་ཆེན་དུ་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ཆེས་མཐའ་མཇུག་གི་རྟིང་རྩོད་འགྲན་བསྡུར་གནང་སྟེ། སུད་སི་ནས་ཕེབས་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་སུ་ཕྱི་ལོ་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ དང་ཕྱེད་ཀ་ནས་མགོ་འཛུགས་ཀྱིས་ངྷ་ས་ཟློས་གར་ཁང་གི་ཐང་ཆེན་དུ་ཕྱི་ལོ་ ༢༠༡༡ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་ཆེས་མཐའ་མའི་རྟིང་རྩོད་འགྲན་བསྡུར་དེ་གནང་སོང་། འགྲན་བསྡུར་གྱི་ཐོག་མར་ད་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་དྲུག་གིས་དེང་རབས་ནུབ་ལུགས་ཀྱི་ཆས་གོས་གྱོན་ཞིང་། མི་མང་སྟོང་ཕྲག་བརྒལ་བའི་ཐལ་སྒྲ་དང་འབོད་སྒྲའི་དབུས་སུ་གར་སྟེགས་སྟེང་བུད་དེ། སོ་སོ་ངོ་སྤྲོད་ཐུང་ངུ་རེ་གནང་བ་དང་འབྲེལ་དཀར་དམར་གློག་སྒྲོན་གྱི་འོད་མདངས་དང་། རོལ་མོའི་རམ་འདེགས་ཀྱི་སྟངས་སྟབས་ཁྲོད་ནས་སྒེག་འགྲོས་ཀྱི་མཛེས་པ་འགྲན་ཞིང་། དེའི་རྗེས་བོད་ལུགས་ཀྱི་ཆས་གོས་གྱོན་ཏེ་ཡང་བསྐྱར་སྡིངས་ཆའི་སྟེང་ནས་སྒེག་འགྲོས་ཐེངས་གཅིག་གནང་ཡོད། མཐར་འགྲན་ཞུགས་བུ་མོ་རེ་རེ་བཞིན་སྡིངས་ཆའི་སྟེང་ཡོང་སྟེ་ཟུར་དཔང་བ་དག་གི་དྲི་བར་དབྱིན་སྐད་ཐོག་ལན་འདེབས་གནང་སོང་།

ཟླ་འདིའི་ཚེ་གཅིག་ནས་དོ་ནུབ་བར་ཉིན་ལྔའི་རིང་གི་ལུས་རྩེད་དང་ཆུའི་རོལ་རྩེད། སྒྱུ་རྩལ། དྲི་བ་དྲིས་ལན་སོགས་འགྲན་བསྡུར་རྣམ་གྲངས་དག་གི་སྐར་གྲངས་སྤྱི་བསྡོམས་བྱས་མཐར། སུད་སི་ནས་ཕེབས་པའི་རང་ལོ་ ༡༧ ཡིན་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་སུ་འགྲན་ཞུགས་བུ་མོ་དྲུག་ལས་ཨང་དང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༠ བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ལགས་ཀྱིས་མཛངས་མའི་དབུ་རྒྱན་དེ་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་སུ་སྒྲོན་འབུལ་དང་སྦྲགས་ཏེ། ཧིན་སྒོར་འབུམ་གཅིག་གི་གསོལ་རས་བསྩལ་སོང་། གཞན། བོད་ཀྱི་མཛངས་མའི་ལས་འགུལ་གཙོ་སྐྱོང་བ་བློ་བཟང་དབང་རྒྱལ་ལགས་ཀྱིས་སྐར་གྲངས་མཐོ་དམའ་ལྟར། ཨོ་སི་ཊོ་ལེ་ཡ་ནས་ཕེབས་པའི་རང་ལོ་ ༢༥ ཡིན་པའི་བུ་མོ་དངོས་གྲུབ་སྒྲོལ་མ་ལགས་སུ་ཨང་གཉིས་པ་ཐོབ་སྟེ་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ ཡི་བྱ་དགའ་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ནས་ཕེབས་པའི་རང་ལོ་ ༢༤ ཡིན་པའི་བུ་མོ་སྒྲོལ་མ་ཚེ་རིང་ལགས་སུ་ཨང་གསུམ་པ་ཐོབ་སྟེ་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་ ༢༥༠༠༠ གི་བྱ་དགའ་བཅས་བསྩལ་སོང་།  

བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་སུ་ཕྱི་ལོ་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་དངུལ་གྱི་དབུ་རྒྱན་སྒྲོན་མ་ཐག གསར་འགོད་པས་ཁོང་མོར་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་པར་ཚོར་སྣང་ཅི་བྱུང་སྐོར་དྲིས་སྐབས། ཁོང་མོས་ལན་བསྐྱོན་དོན། ང་རང་ཧ་ལས་པ་ཞིག་དང་ཡིད་མ་ཆེས་པ་ཞིག་བྱུང་སོང་། གང་ཡིན་ཞེ་ན། ངའི་རོགས་པ་བུ་མོ་དག་ལ་ཕྱིའི་རྣམ་པ་དང་ནང་གི་ཡོན་ཏན་ང་ལས་ལྷག་པ་འདུག་བསམ་གྱི་ཡོད། ཉིན་སྔོན་མ་དག་གི་འགྲན་བསྡུར་རིམ་པའི་སྐབས་སུའང་ཁོང་མོ་ཚོའི་ནུས་རྩལ་དང་རྣམ་དཔྱོད་ཀྱིས་ངའི་ཡིད་དབང་འཕྲོགས་སོང་། ཞེས་བརྗོད་བྱུང་། ཡང་ཁོང་མར་བོད་ཀྱི་མཛངས་མའི་མཚན་གནས་འདི་བརྒྱུད་དེ་མ་འོངས་པར་ལས་ཀ་གང་འདྲ་གནང་འདོད་ཡོད་མེད་དྲིས་པར། ངས་སྔོན་མ་ནས་བཤད་པ་ལྟར། ངས་བོད་པའི་བུ་མོའི་ངོ་ཚབ་མཚོན་པའི་ཐོག་ནས་ང་རང་སྡོད་ས་སུད་སི་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་དོན་ཁྱབ་བསྒྲགས་དང་། ལྷག་པར་དུ་བོད་པའི་བུད་མེད་ཀྱི་ཤེས་འཇོན་ལྷག་བསམ་དང་། ཡ་རབས་སྤྱོད་བཟང་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ད་ལོ་ནི་བོད་ཀྱི་མཛངས་མའི་འགྲན་བསྡུར་དབུ་བརྙེས་ཏེ་བགྲང་བྱ་ ༡༠ འཁོར་བའི་ལོ་ཡིན་ཞིང་། ད་ལོའི་མཛངས་མ་འགྲན་བསྡུར་གྱི་མཐའ་མའི་དགོང་ཚོགས་སྟེང་བོད་པའི་གླུ་གཞས་ཞབས་བྲོ་དང་། རྒྱ་གར་ཡུལ་མིའི་ཞབས་བྲོ་སོགས་ཀྱང་གོ་སྒྲིག་ཞུས་འདུག་ལ། ཕྱི་ལོ་ ༢༠༠༧ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སྒྲོལ་མ་དང་། ༢༠༡༠ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་གཉིས་ཀྱང་མཉམ་ཞུགས་གནང་འདུག

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 9

  1. བརྩོན་རྒྱམ། says:
    ལོ་ 15 སྔོན།

    བོད་ཀྱི་འཛངས་མའི་གྲལ་མཐར་མ་ཟིན་སྐྱོ་བ་ལ།    བུད་མེད་ཞིག་གི་ཐོབ་ཐང་མ་རེག་སྐྱོ་བ་ལ།  འཛངས་མ་རྣམ་ལ་འཁྲག་དོག་བྱས་བའི་སྐྱོ་བ་ལ།   བུད་མེད་ཞིག་གི་ནུས་པ་མེད་པའི་སྐྱོ་བ་ལ།  

    Reply
  2. བརྩོན་རྒྱམ། says:
    ལོ་ 15 སྔོན།

    འཛངས་མ་ཡིན་ན་རེད་འདྲེས་པ་ཡིན་ན་རེད་དུས་རབས་གཉེར་གཅིག་བའི་གྲས་སུ་འགྲོ་དགོས་ན་འདི་འདྲ་བྱེད་དགོད་པ་ཞིག་རེད་ལ་བྱེད་འོས་པ་ཞིག་ཡང་རེད་གཞན་གྱི་གང་འདྲ་གླེང་ཡང་རང་ཉིད་ཀྱི་བོད་མིའི་རྩ་དོན་སྒྲུབ་ཐབས་འདྲ་མིན་ཞིག་ཡོད་ཆོག་པ་ཡིན་དུས་རྟག་ཏུ་འབད་རྩོན་གནང་རྒྱུ་གལ་ཆེ།

    Reply
  3. ཨ་ལ་ལ says:
    ལོ་ 15 སྔོན།

    ད་དེ་བློ་བཟང་དབང་རྒྱལ་ལ་ཁག་མི་འདུག མཛེས་མ་དེ་ད་ངས་ཀྱང་འདེམས་ས་རེད། དེ་མཐོང་ཡོང་དུས་ངའི་བུ་ཆུང་གིས་ཀྱང་ཨ་མ་དགོས་ནུ་མ་དགོས་ལབ་ནས་ང་ལ་རྙོག་དྲ་བྱེད་ཀྱི་འདུག་ག

    Reply
  4. རྒྱང་རིང་། says:
    ལོ་ 15 སྔོན།

    བློ་བཟང་དབང་རྒྱལ་གྱིས་ད་ལོ་མཛངས་ན་ནང་པོ་རག་འདུག ཡིན་ཡང་མཛེམས་ཨང་དང་པོ་དེ་རྒྱ་བོད་འདྲེས་མ་ཞིག་མིན་ནམ།
    གལ་ཏེ་ཡིན་ན་དེ་བོད་ཀྱི་མཛོམས་ཞིག་ཨེ་རེད།།

    Reply
  5. སྣང་གསལ། says:
    ལོ་ 15 སྔོན།

    ད་ལོའི་མཛངས་མ་ལ་བཀྲ་ཤིས་བདེ་ལེགས་ཡོད་།།

    Reply
  6. འཇམ་གྲགས says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས་ཡོད། ཡིན་ནའང་བུ་མོ་འདིའི་ཕ་མ་གང་རུང་མགོ་སེར་ཞིག་ཡིན་པ་འདྲ།

    Reply
  7. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    བོད་ཀྱི་མཛངས་མའི་བོད་ཡིག་མི་ཤེས་བོད་སྐད་མི་ཤོད་རིགས་ཀྱི་ཆ་ཡང་ཕྱེད་ཀ་ཙམ། །
    བོད་ཀྱི་མཛངས་མའི་མི་ཚད་མ་ལོན་འགྲོ་ཐོབ་མེད་པ་ན་ཆུང་བྱིས་ལོ་བཅུ་བདུན་ཙམ། །
    བོད་ཀྱི་མཛངས་མར་དགག་སྒྲ་མང་ལུགས་འདི་ལ་ཡང་ཡང་བརྟག་ཅིང་དཔྱད་པ་ན། །
    བོད་ཀྱི་མཛངས་མ་ལོ་ཆུང་ཁོང་གི་མེ་ཏོག་མཆོད་པ་བློ་རྒྱལ་མཆོག་འབུལ་ཡོད་ངེས། །

    Reply
  8. ཁ་ལྡོམ། says:
    ལོ་ 15 སྔོན།

    བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་ཁྱེད་ཀྱིས་ཁས་ལེན་དང་དམ་བཅའ་བཞིན་རང་གནས་སུ་ལོགས་ཏེ་བོད་པའི་བུ་མོའི་ཐུན་མོང་མ་ཡིན་པའི་ཁྱེད་ཆོས་ཡ་རབས་སྤྱོད་བཟང་དང། གོམས་གཞིས་ལ་སོགས་པ་གཞན་ལ་མིག་དཔེ་སྟོན་ཐུབ་ན་བཟང་མོད། བོད་པའི་མཛའ་མའི་མིང་བྱང་ཞིག་འཁུར་ཏེ་རང་ཉིད་ཀྱི་ཁེ་ཕན་ཆེད་གང་འབྱུང་བྱེད་ན་བོད་པའི་བུ་མོ་ཙམ་མ་ཟད་བོད་མི་རིགས་ཀྱི་ཞབས་འདྲེན་ཞུ་ཡོང་དཱ། གང་ལྟར་ཁྱེད་ལ་འཚམས་འདྲི་ཞུ།

    Reply
  9. རྟ་བོར་བ། says:
    ལོ་ 15 སྔོན།

    ད་ལོའི་བོད་ཀྱི་མཛངས་མ་འགྲན་རྩོད་ལས་ཨང་དང་པོ་ཐོབ་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་གཙོས་ཨང་ཐོབ་ཀྱི་བུ་མོ་གཉིས་དང་གཞན་འགྲན་བསྡུར་འདིར་ཞུགས་པ་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese