མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དོན་རྐྱེན་གླེང་བ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཁྲི་ཕྲག་གིས་དམངས་གཙོའི་ལས་འགུལ་སྤེལ་ཏེ་ལོ་ངོ་ ༢༢ འཁོར་བའི་ཉིན་མོ་དང་བསྟུན་ཏེ། ཡུ་རོབ་བོད་རྒྱ་མཛའ་འབྲེལ་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྦར་སིལ་རང་དབང་སློབ་གླིང་ནང་བོད་རྒྱ་ཡུ་གུར་མི་རིགས་གསུམ་མཉམ་འཛོམས་ཀྱིས་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་འདུག བགྲོ་གླེང་སྟེང་བོད་རིགས་དང་རྒྱ་རིགས། ཡུ་གུར་བ། དེ་བཞིན་ཕྱི་རྒྱལ་གྱི་སློབ་མ་དང་བོད་དོན་རྒྱབ་སྐྱོར་པ། ས་གནས་བོད་རིགས་སོགས་ཁྱོན་མི་གྲངས་ ༣༠ ལྷག་མཉམ་ཞུགས་གནང་ཡོད་འདུག  

བགྲོ་གླེང་མ་ཚུགས་གོང་སློབ་གླིང་གི་རྒྱལ་སྒོའི་མདུན་གྱི་དྲུག་བཞིའི་དྲན་གསོའི་རྡོ་རིང་འགྲམ་དུ་དྲུག་བཞིའི་ལས་འགུལ་ནང་ཚེ་སྲོག་ཤོར་བ་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་དྲན་གསོའི་ཆེད་སྨོན་ལམ་དང་མྱ་ངན་གུས་འདུད་ཞུས་ཤིང་། བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་དག་ནི། སུད་སི་སྐུ་ཚབ་དོན་གཅོད་ཡུ་རོབ་བོད་རྒྱ་འབྲེལ་མཐུད་པ་བློ་བཟང་ཉི་མ་མཆོག་དང་། ཡུ་གུར་མི་རིགས་ཀྱི་འཐུས་མི་ཨད་ཅང་དང་སྦེ་ཁ་ཐི་ཡ། གནམ་སྡེ་སྒོ་མོ་ཆེའི་སློབ་ཕྲུག་གི་ལས་འགུལ་ནང་དངོས་སུ་བཞུགས་ཏེ་མེ་མདའི་ཕོག་མྱོང་མཁན་ཀྲང་ཅན། བྷེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཙ་ཡི་སྐལ་བཟང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་སྐུ་ཞབས་Adrew swan སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་རིག་འཛིན་ཆོས་སྒྲོན་བཅས་ཁག་སོ་སོས་གཏམ་བཤད་གནང་ཡོད་འདུག  

དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་ཡུ་རོབ་བོད་རྒྱ་འབྲེལ་མཐུད་པ་བློ་བཟང་ཉི་མ་མཆོག་གིས་གསུངས་དོན། རྒྱ་ནག་དམར་པོའི་སྲིད་དབང་ལམ་ལུགས་མགོ་ཚུགས་པ་ནས་ད་བར་རྒྱ་མི་རིགས་ཙམ་མ་ཟད། ལྷག་པར་བོད་མི་རིགས་དང་ཡུ་གུར་མི་རིགས། སོག་པོ་མི་རིགས་གསུམ་ལ་ཆེས་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་རེད། འོན་ཀྱང་ད་བར་སྲིད་དབང་ལམ་ལུགས་དེ་མགོ་རྟིང་སློག་ཐུབ་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་སྐྱེས་པའི་གཞོན་སྐྱེས་ཚོས་རིག་གནས་གསར་བརྗེ་དང་དྲུག་བཞིའི་དོན་རྐྱེན་གྱི་གནས་ཚུལ་ཤེས་རྟོགས་ཅི་ཡང་མེད་པའི་རྐྱེན་གྱིས་རེད། ཅེས་དང་།

དྲུག་བཞིའི་དོན་རྐྱེན་ནང་མཉམ་བཞུགས་གནང་མཁན་སློབ་མ་ཚོར་ཆ་མཚོན་ན། རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བཏང་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཆེད་རླབས་ཆེན་གྱི་ལས་འགུལ་སྤེལ་བར་ང་ཚོས་དུས་རྒྱུན་ནས་དྲན་གསོ་བྱ་དགོས་ངེས་རེད། དེང་སྐབས་རྒྱ་ནག་དམར་པོའི་གཞུང་གིས་ན་གཞོན་ཚོར་འཛིན་པའི་སྲིད་ཇུས་ནི། དངུལ་ཁོ་ན་ལས་རང་གི་མི་རིགས་མདུན་ལམ་ལ་བསམ་བློ་གང་ཡང་གཏོང་མི་ཤེས་པའི་ཀླད་སྟོང་བ་འབོར་ཆེན་གསོ་སྐྱོང་བྱ་རྒྱུ་དེ་རེད། དེར་བརྟེན། ང་ཚོ་བོད་རིགས་དང་ཡུ་གུར་མི་རིགས། སོག་པོའི་མི་རིགས། རྒྱ་མི་རིགས་ཚང་མ་མཉམ་འབྲེལ་གྱིས་འཛམ་གླིང་ནང་ཆེས་གདུག་རྩུབ་ཆེ་བའི་སྲིད་དབང་སྒེར་སྤྱོད་ལམ་ལུགས་དེ་རྩ་མེད་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་དེ་ཡིན། ཞེས་བརྗོད་སོང་།

གཞན། གཏམ་བཤད་གནང་མཁན་གཞན་ཚོས་དྲུག་བཞིའི་ལས་འགུལ་དང་འབྲེལ་ཏེ། རང་རང་གིས་དངོས་སུ་མྱངས་ཟིན་པའི་གནས་ཚུལ་དང་རྒྱ་ནག་དམར་པོའི་གཞུང་གི་སྲིད་ཇུས་འོག་ཤེས་ཡོན་ཅན་ཁྲི་ཕྲག་མང་པོ་དམར་གསོད་བཏང་བ་དང་། ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པའི་ནང་དོན་ལས་ཡོངས་སུ་ལྡོག་པའི་མི་རིགས་ཁག་གི་མི་མང་ཚོར་དཀའ་སྡུག་ཚད་ལས་བརྒལ་བ་སྤྲད་དང་སྤྲོད་ཀྱི་ཡོད་པ་སོགས་བརྗོད་ཡོད།  

ལྷག་པ་ཚེ་རིང་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༥ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༢༤ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 1

  1. གཟི་མིག་༣པ says:
    ལོ་ 15 སྔོན།

    ཐོག་མར་འབྲེལ་མཐུས་རྣམས་ལ་འཚམས་འདྲི་དང་བསྔགས་བརྗོད་ཡོད
    གནས་ཚུལ་ནི་དངོས་ནས་རྒྱ་དམར་གུང་གྲན་གྱི་དཔོན་པོ་ཁ་ཤས་ཀྱི་འོག་བྲན་གཡོག་རྒྱུགས་བཞིན་པའི་རྒྱ་མི་རིགས་དང་ཡུ་གུལ་བ་དེ་བཞིན་བོད་མི་སོགས་ཀྱི་གནད་དོན་གལ་འགངས་ཆེན་པོ་ཡིན་པས་རྒྱ་དམར་འོག་དཀའ་སྡུག་མྱང་བཞིན་པའི་མི་རིགས་ཡོངས་ཀྱི་འགན་བླངས་ནས་རྒྱ་དམར་གཞུང་གཏོར་ཐབས་ཀྱི་གཅིག་བསྒྲིལ་ངང་ཐབས་ཤེས་དང་ལས་དོན་སྤེལ་ན་དོན་སྙིང་ལྡན་པ་ཡོང་ངེས་རེད་ བོད་ཀྱི་གཞོན་ནུས་ད་མི་རིགས་འདི་དག་ལ་འབྲེལ་བ་བྱས་ནས་ལས་དོན་སྤེན་རན་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese