མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཔོན་བཀག་སྡོམ་གྲོས་འཆར།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་ནག་དཔོན་རིགས་ཚོ། ཨ་རིའི་རྒྱལ་ཁོངས་སུ་འཛུལ་མི་ཆོག་པའི་ཁྲིམས་དོན་གྲོས་འཆར་བཏོན་འདུག 
ཕྱི་ཚེས་ ༤ ཉིན་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཆཱ་རེ་སི་སི་མེ་ཐི་(Chris Smith)ལགས་ཀྱིས། ཨ་རིའི་གྲོས་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་དཔོན་རིགས་ཚོ་དང་ཁོ་ཚོའི་ནང་མི་རྣམས་ཨ་རིའི་རྒྱལ་ཁོངས་སུ་འཛུལ་མི་ཆོག་པའི་གྲོས་འཆར་ཞིག་བཏོན་འདུག   ཁྲིམས་དོན་གྲོས་འཆར་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་གཏོང་མཁན་རྒྱ་ནག་དཔོན་རིགས་ཚོར་དམིགས་བཙུགས་ཀྱིས་བཏོན་པ་ཞིག་ཡིན་འདུག གྲོས་འཆར་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་། ཁྲིམས་རྩོད་པ། གསར་འགོད་པ་བཅས་གནོད་འཚེ་གཏོང་བ་དང་། དེ་བཞིན་བོད་དང་ཡུ་གུར། སོག་པོ་བཅས་གྲངས་ཉུང་མི་རིགས་ཐོག་དྲག་ཆས་ཀྱི་སྟོབས་ཤུགས་སྤྱད་དེ་གཉའ་གནོན་དམར་གསོད་གཏོང་མཁན་གྱི་རིགས་བཅས་འདུས་ཡོད་པར་མ་ཟད། བཙན་དབང་སྤྱད་དེ་སྦྲུམ་མའི་སྐྱེ་སྒོ་འགོག་པ་དང་འགྲོ་བ་མིའི་སྐྱེ་འཕེལ་ཐད་སྒེར་གཅོད་སྲིད་ཇུས་སྤེལ་མཁན། ད་དུང་རྒྱ་ནང་བཙན་བྱོལ་སྐྱབས་བཅོལ་དུ་འབྱོར་བའི་བྱང་ཀོ་རི་ཡའི་ཡུལ་མི་རྣམས་བཙན་ཤུགས་ཀྱིས་ཕྱིར་འཕུད་གཏོང་མཁན་བཅས་ཚུད་ཡོད་འདུག   
ཨ་རིའི་ནེའུ་རྒྱལ་སེ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ཆཱ་རེ་སི་སི་མེ་ཐི་ལགས་ཀྱིས། རྒྱ་ནག་ནང་དྲུག་བཞིའི་དམངས་གཙོའི་ལས་འགུལ་བྱུང་བ་ནས་ད་ལྟའི་བར་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལོ་རེ་བཞིན་སྐྱོ་རུ་ཆས་ཏེ། ད་ལྟ་འཛམ་གླིང་གི་མི་ཚང་མས་དོ་སྣང་བྱ་དགོས་པའི་ཛ་དྲག་གི་གནས་སྟངས་འོག་ཚུད་ཡོད། ཁྲིམས་དོན་གྲོས་འཆར་འདི་ནི་རང་ཉིད་ཀྱི་མི་མང་ལ་གཉའ་གནོན་བརྡབ་གསིག་གཏོང་མཁན་རྒྱ་ནག་དཔོན་རིགས་ཚོར་དྲན་སྐུལ་ཞིག་ཡིན་ཅེས་བརྗོད་ཡོད་པ་རེད། 

དེ་སྔོན་དྲུག་བཞིའི་དོན་རྐྱེན་སྐབས་རྒྱ་གཞུང་དང་ཐད་ཀར་གྲོས་མོལ་གྱི་སློབ་ཆེན་པའི་ཚོགས་པ་སྒྲིག་འཛུགས་གནང་མཁན་གྱི་ཁྲིམས་རྩོད་པ་ཞའ་ཞོ་ཅེ་ཡིས་བརྗོད་དོན། གལ་སྲིད་ཨ་རིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་ཚོར་ཁྲིམས་ལུགས་རང་བཞིན་གྱི་སྒོ་ནས་གནོན་ཤུགས་བྱ་ཐབས་སྤྱད་པ་ཡིན་ན། འཛམ་གླིང་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་།  དམངས་གཙོའི་རྒྱལ་ཁབ་གཞན་དག་གིས་ཀྱང་དེ་བཞིན་གནོན་ཤུགས་སྤྲོད་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པ་རེད། ངས་བསམ་པར་འདི་ནི་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་ཡར་རྒྱས་ཀྱི་གོམས་སྟབས་གཅིག་རེད། ཡིན་ནའང་། གྲོས་འཆར་འདི་གཏན་འབེབས་ཡོང་ཐུབ་རྒྱུར་དཔལ་འབྱོར་དང་ཕྱི་འབྲེལ་སོགས་ཕྱོགས་མང་པོའི་ཐད་ནས་འགོག་རྐྱེན་ཡོང་སྲིད་པ་རེད། ཅེས་བརྗོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 3

  1. གཟི་མིག་༣པ says:
    ལོ་ 15 སྔོན།

    མཛུན་མ་དང་ཁོ་རང་ཚོ་ཁེ་ཕན་ལ་བལྟ་བཞིན་ཡོད་དངོས་ནས་ཨ་རིས་བོད་ལ་རོགས་རམ་བྱེད་བཞིན་མེད་

    Reply
  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    གྲོས་འཆར་འདི་ལམ་ལྷུང་བྱུང་མིན་ལ་མ་ལྟོས་པར་རྒྱ་རྒན་ཚོ་བརྡ་གསལ་བོ་ཞིག་བརྒྱབ་པ་རེད། ལྷག་པར་མུ་མཐུད་ནས་གྲོས་འཆར་འདི་འདྲ་རིམ་པར་བྱུང་ན་ལམ་ལྷུང་ཡང་འབྱུང་སྲིད་པ་ཞིག་རེད། རྒྱ་ནག་གི་གནམ་འོག་ན་སྒེར་གཅོད་ཀྱི་ཆར་ནག་གིས་གཤེར་གྱིན་པའི་འགྲོ་བ་ཡོད་དོ་ཅོག་གི་ཚབ་བྱས་ནས་སྐུ་ཞབས་ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཆཱ་རེ་སི་སི་མེ་ཐི་(Chris Smith)མཆོག་ཉིད་ཀྱིས་དྲང་བདེན་གྱི་ལམ་ནས་གྲོས་འཆར་འདི་འདྲ་བ་ཞིག་སྟོན་གནང་བ་ནི་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འོན་ཀྱང་གྲོས་འཆར་དེ་སྟོན་པ་ཙམ་ལས་ལག་ལེན་ཏུ་འཁེལ་ཐུབ་ཀྱི་རེད་བསམ་པ་མེད། རྒྱལ་ཁབ་ཅི་འདྲ་ཞིག་ཡིན་ཀྱང་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་རང་རང་སོ་སོའི་མཁེ་ཕན་ཁོ་ན་སྒྲུབ་སའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ལས་དོན་དངོས་དང་མཚམས་པའི་ལས་དོན་སྣེ་གཅིག་ཀྱང་སྒྲུབ་ཀྱི་མེད་པ་མཐོང་གསལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese