མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུལ་སུངས་ལ་རྒོལ་བ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྩ་རླུང་སྒོམ་སྒྲུབ་ཀྱི་ཆོས་དཔོན་ཞིག་གིས་རྒྱ་གར་མཐོ་རིམ་དཔོན་རིགས་ནང་ལྐོག་ཟ་རུལ་སུངས་དང་། གཞུང་དངུལ་ཕོན་ཆེན་གཞན་ལ་སྐྱི་གཡར་བཅོལ་འཇོག་བྱེད་ཀྱི་ཡོད་པའི་ནག་ཉེ་ཐེར་འདོན་གྱིས་ཟས་བཅད་ངོ་རྒོལ་བྱས་པར་གཞུང་ཕྱོགས་ནས་བཙན་ཤེད་ཀྱིས་བཀག་སྡོམ་བྱས་ཡོད།

ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་གར་ཉེན་རྟོག་པ་བརྒྱ་ཕྲག་འགས་རྒྱ་གར་གྱི་རྩ་རླུང་སྒོམ་སྒྲུབ་པ་སློབ་དཔོན་ཆེ་མོ་རམ་ཌེཝུ་( Ramdev) མཆོག་དང་ཁོང་གི་རྗེས་འཇུག་པ་ཚོ་ཟས་བཅད་ངོ་རྒོལ་ལ་བསྡད་ཡོད་པ་རྣམས་བཙན་དབང་གིས་ཁ་གཏོར་བཏང་སྟེ་རམ་ཌེཝུ་མཆོག་བཀག་ཉེར་བྱས་ཡོད་འདུག

ཐེངས་འདིར་རྒྱ་གར་ཙམ་མ་ཡིན་པར། ཨ་རི་དང་ཡུ་རོབ། ཨ་ཧྥི་རི་ཀ་སོགས་སུ་ཡོད་པའི་རྒྱ་གར་བ་སྟོང་ཕྲག་མང་པོ་རམ་ཌེཝུ་མཆོག་ལ་རྒྱབ་སྐྱོབ་ཀྱིས་སོ་སོའི་གནས་ཡུལ་རྒྱལ་ཁབ་གང་ས་ནས་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཨ་རིའི་ནང་གྲོང་ཁྱེར་ཆེ་ཁག་ ༡༣ ཙམ་གྱི་ནང་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

རྒྱ་གར་གྱི་རྩ་རླུང་སྒོམ་སྒྲུབ་པ་ཆེ་མོ་རམ་ཌེཝུ་མཆོག་གིས་ཟས་བཅད་ངོ་རྒོལ་བྱས་དོན་ནི། རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་དེའི་ཉེས་དོན་གཙང་སེལ་ཡོང་རྒྱུ། དེ་བཞིན་རྒྱ་གར་གྱི་མ་དངུལ་འབོར་ཆེན་རྒྱལ་ཁབ་གཞན་གྱི་དངུལ་ཁང་དང་ཚོང་ལས་སྡེ་ཚན་ཁག་ལ་ཁྲིམས་འགལ་ཐོག་སྐྱུ་གཡར་བྱས་པ་རྣམས་ཕྱིར་འཐོབ་པར་བྱས་ཏེ། རྒྱ་གར་གྱི་མི་མང་གི་བདེ་སྡུག་དང་རྒྱལ་ཁབ་འཛུགས་སྐྲུན་ཐད་གཏོང་དགོས་པ་བཅས་ཀྱི་དགོས་འདུན་འོག ཁོང་དང་ཁོང་གི་རྒྱབ་སྐྱོར་པ་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་བ་ཡིན་འདུག

གནད་དོན་འདིའི་ཐད་ཨ་རིར་ཡོད་པའི་རྒྱ་གར་པ་ཝེ་ཇེ་ཡ་(Vijay Pallod) ཟེར་པས། ང་རང་ལྐོག་ཟ་རུལ་སུངས་ཀྱི་ས་ཆ་དེ་ནས་སྤྱི་ལེ་སྟོང་ཕྲག་གི་ཕ་རོལ་དུ་གནས་ཡོད་ཀྱང་། སོ་སོའི་ཕ་ཡུལ་གྱི་གནས་བབ་ལ་སེམས་ཁུར་དང་དོ་སྣང་ཡོང་གི་འདུག་ལ། ལྐོག་ཟ་རུལ་སུངས་དེའི་དབང་གིས་རྒྱ་གར་ལ་འཕེལ་རྒྱས་མེད་པར་ལྷག་ཡོད་པ་རེད། ཅེས་བྷི་བྷི་སི་གསར་ཁང་ལ་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༦ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 5

  1. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    རང་དོན་ཁོག་བཅུག་གི་ལས་ཀ་ཞིག་མིན་པར་ཤོག ནང་ཁཱུལ་དཀྲུག་བཤིག་གི་ལས་ཀའང་མིན་པར་ཤོག། སྤྱི་པའི་དོན་དུ་ཡིན་པར་ཤོག ལར་ང་ཚོ་བོད་མི་ལྟར་ནང་ཕུ་ནུ་སྟེང་དུ་སྟ་རེ་དང་སྡང་དགྲ་བོའི་སྟེང་དུ་བལ་ལས་འཇམ་པ་དེ་འདྲ་ཡིན་རྒྱུ་མ་རེད། ཁོང་རྣམས་རྒྱ་གར་འཕགས་ཡུལ་གྱི་སྐྱེས་ཆེན་ཡིན་པས་མཐའ་འཇུག་གི་གྲུབ་འབྲས་ཡག་པོ་ཞིག་ཡོད་ངེས་སྙམ།

    Reply
  2. བོད་པ་ཚང་། says:
    ལོ་ 15 སྔོན།

    འགོ་བརྗོད་ཅེས་པ་བསྡུས་ལ་གོ་བདེ་བ་བཀོད་ཐུབ་ན་རྒྱན་དུ་གྱུར་ཀྱང་། སྐད་ཡིག་གི་སྒྲོམ་གཞི་བཤིག་ནས་འགོ་བརྗོད་གང་བསྡུས་འགོད་ཐབས་བྱས་པ་ཐམས་ཅད་ལ་ཡོན་ཏན་ལས་སྐྱོན་དུ་འགྲོ་ཉེན་ཆེ། འདིར་ཡང་གང་བསྡུས་འགོད་ཐབས་གནང་སྟེ། སྐད་ཡིག་གི་སྒྲོམ་གཞི་བཤིག་མེད་ཚོད་ཀྱང་ཞིག་འདུག འདིར་”ལྐོག་ཟ་རུལ་སུངས་ལ་རྒོལ་བ་”ཞེས་དགོད་དགོས་པས། ཕྱིན་ཆད་དགོངས་འཇགས་ཡོང་བ་ཞུ།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ཞི་བདེའི་རྟགས་མ་ལ་རེ་བ་ཡིན་ས་མ་རེད། དེ་ལས་ལྡོག་སྟེ་རྒྱ་གར་བའི་ Police དབྱུག་པ་ལ་ཡིན་པ་འདྲ།

    Reply
  4. རས་པ། says:
    ལོ་ 15 སྔོན།

    སྐད་གྲགས་ཅན་གྱི་ཡོ་གའི་རྒྱལ་བོ་རམ་དེ་ཝ་ལགས་ཀྱིས་ཐེངས་འདིའི་ཟས་བཅད་ངོ་རྒོལ་དེ་ཡོངས་སུ་ནོར་འཁྲུལ་ཤོར་བ་ཞིག་ཡིན། རམ་ལགས་ཀྱིས་ཆབ་སྲིད་ཀྱི་གནས་ཚུལ་དང་ཡོངས་སུ་ཁ་བྲལ་ཏེ་སྤྱི་ཚོགས་བདེ་སྡུག་ལ་བསམ་ནས་ཟས་བཅད་ངོ་རྒོལ་གནང་བ་ཡིན་ན་ཁོང་ལ་ནོར་རྦེལ་ཞི་བདེའི་གཟེངས་རྟགས་ཀྱི་རེ་བ་ཡོད་པ་རེད་ལ། དེང་གི་རྒྱལ་གར་རྒྱལ་ཡོངས་ལས་རྒྱལ་སྤྱིའི་སྟེང་ཁོང་གི་མཚན་སྙན་ངོ་སོ་དང་ལྡན་པའི་ངང་འཕེལ་གྱི་རེད།
    འོན་ཀྱང་། རམ་ལགས་ཀྱི་ཁ་ཕྱོགས་དེ་རྒྱ་གར་ཁ་གཏད་ཚོགས་པས་རང་གི་ལངས་ཕྱོགས་དང་སྦྲེལ་ཏེ་ཁོང་གི་ཤུགས་རྐྱེན་བེད་སྤྱད་ཀྱིས་གཞུང་འཛིན་རྐུབ་སྟེགས་ལ་རེ་བ་བྱས་ཡོད་པས་ངོ་རྒོལ་དེ་སྤྱི་ཚོགས་ཀྱི་བདེ་སྡུག་ལས་བརྒལ་ནས་གཞུང་འཛིན་འཐབ་རྩོད་ཀྱི་ངོ་བོར་འགྱུར་བ་ཕྱིན་པ་རེད། དེའི་རྐྱེན་གྱིས་གཞུང་འཛིན་ཚོགས་པའི་ངོས་ནས་ངོ་རྒོལ་འདི་མཐའ་གཅིག་གི་རུལ་སུངས་ལ་ངོ་རྒོལ་བྱས་པ་ཞིག་མ་ཡིན་པར་རྐུབ་སྟེགས་ལ་རེ་བ་ཞིག་ཡིན་པས་རྒྱ་གར་རྒྱལ་ཡོངས་ཀྱི་རུལ་སུངས་ཀྱི་རྣམ་པར་འགྱུར་གཏོང་འདོད་ཡོད་པའི་ལས་འགུལ་ཞིག་ཏུ་བརྩི་ཐབས་མེད་པ་རེད།
    བཤད་དཀའ་བ་ཞིག་ལ་ད་ནས་བཟུང་རམ་ལགས་ཆབ་སྲིད་ནང་ཞུགས་རྒྱུ་རེད་དམ། དེ་མིན་ན་ཕོན་ཆེ་བའི་འགྲོ་སོང་དེ་ལྟ་བུ་ཞིག་བཏང་ནས་ངོ་རྒོལ་གྲ་སྒྲིག་བྱེད་དགོས་དོན་ཅི་ཡིན་ནམ། ཡང་མིན་ན་རམ་ལགས་ཐེངས་འདིའི་རང་ཉིད་ཀྱི་དམངས་གཅེས་དང་རྒྱལ་གཅེས་ཀྱི་ལས་འགུལ་ཆབ་སྲིད་ཚོགས་པས་ཁ་བསྒྱུར་བྱས་པ་མ་ཚོར་བ་རེད།

    Reply
  5. ཀརྨ་རྣམ་རྒྱལ། says:
    ལོ་ 15 སྔོན།

    ཡ་དའང་སློབ་དཔོན་ཆེ་མོ་རམ་ཌེཝུ་ལགས་གི་ཞི་བདེ་རྟག་མ་ལ་རེ་བ་བྱེད་ཀྱི་ཡོད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese