མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙིང་སྟོབས་བསྐྱེད་དེ་དཀའ་ངལ་ལས་རྣམ་པར་རྒྱལ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp


ཟླ་ཕྱེད་རིང་༧གོང་ས་མཆོག་གིས་ནེའི་ཛི་ལན་ཌི་དང་ཨོ་སི་ཊི་ལི་ཡ་བཅས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་འཆར་ཡོད་པ་ལྟར། ཉེ་ལམ་ནེའི་ཛི་ལན་ཌིའི་ནང་ས་ཡོམ་བརྒྱབ་ཡུལ་གྱི་མི་མང་ལ་ཐུགས་གསོའི་བཀའ་སློབ་གནང་གྲུབ་སྟེ། ཉིན་འདི་འགར་ཨོ་སི་ཊི་ལའི་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་འདུག

ཨོ་སི་ཊོ་ལི་ཡ་དང་ནེའི་ཛི་ལན་ཌིིའི་ཡུལ་གཉིས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གདན་ཞུ་ལྟར། ༧གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༥ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་རྒྱལ་ས་ལྡི་ལིའི་མཁའ་ལམ་བརྒྱུད། ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིའི་རྒྱལ་ཁབ་གཉིས་ནང་། དུས་ཡུན་ཟླ་ཕྱེད་རིང་གི་ཆིབས་བསྒྱུར་བསྐྱང་མགོ་བཙུགས་ཡོད་ཅིང་། ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་ཉེ་ཆར་ནེའུ་ཛི་ལན་ཌིའི་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཡུལ་ཁིར་སི་ཆར་ཅི་ (Christchurch ) གྲོང་ཁྱེར་གནམ་ཐང་དུ་ཞབས་སོར་འཁོད་སྐབས། ས་གནས་དེའི་དད་ལྡན་མང་ཚོགས་ ༥༠ ལྷག་གིས་རང་ཉིད་ཀྱི་ལག་ཏུ་སྤོས་དང་མཇལ་དར། དེ་བཞིན། བོད་ཀྱི་རྒྱལ་དར་སོགས་བསྣམས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་གསར་འགོད་པ་ཚོར་གསུངས་དོན། ངོས་རང་ས་གནས་འདིར་འབྱོར་ཐུབ་པར་ཧ་ཅང་དགའ་བོ་བྱུང་། ངོས་ནས་ས་ཁུལ་འདིའི་མི་མང་ཚོས་སེམས་ཁྲལ་བྱས་ཏེ་མི་སྡོད་པར། སྙིང་སྟོབས་བསྐྱེད་དེ་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་དགོས་རྒྱུ་དང་། ས་ཡོམ་གོད་ཆག་ཁྲོད་རྩ་གཏོར་དུ་ཕྱིན་པའི་ཁང་ཁྱིམ་དག་བསྐྱར་གསོ་བྱ་རྒྱུར་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།

ས་གནས་དེར་གནས་སྡོད་བྱེད་པའི་ལྕམ་སྐུ་ཨི་ལེན་ཌོབ་སོན་ Elain Dobson ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གྲོང་ཁྱེར་འདིར་༧ཞབས་སོར་འཁོད་པ་ནི་གྲོང་ཁྱེར་འདིའི་མང་ཚོགས་ཀྱི་བསོད་ནམས་ཡིན་ཞིང་། ཁོང་ཉིད་འཛམ་གླིང་འདིའི་སྟེང་ཁྱད་དུ་འཕགས་པའི་སྐྱེས་བུ་ཞིག་ཡིན་པ་མ་ཟད། ཐེངས་འདིར་སྐྱེས་ཆེན་ཁོང་ས་འདིར་ཕེབས་པ་ལ་བརྟེན་ཏེ། ས་ཡོམ་གྱི་གནོད་འཚེ་ཕོག་མཁན་མི་མང་ཚོར་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ཅེས་བརྗོད་ཡོད།

ཉིན་རྒྱབ་༧གོང་ས་མཆོག་གིས་( CBS Canterbury Arena) ཞེས་པའི་རྩེད་ཐང་ཆེན་མོའི་ནང་། ཁི་སིར་ཆར་ཅིའི་ས་གནས་མང་ཚོགས་ ༥༠༠༠ བརྒལ་བར་བཀའ་སློབ་གནང་ཡོད་འདུག སྐབས་དེར་ཁོང་གིས། ད་ལོའི་ཕྱི་ཟླ་ ༢ ནང་ས་གནས་འདིར་བྱུང་པའི་ས་ཡོམ་གོད་ཆག་དེར་སྔོན་འགོག་བྱ་རྒྱུ་དེ་ནི་ང་ཚོའི་ནུས་པ་ལས་ཡོངས་སུ་བརྒལ་བ་ཞིག་རེད། ངོས་རང་ས་གནས་འདི་དང་སེམས་ཐག་ཉེ་བོ་ཡོད་པའི་གྲོགས་པོ་ཞིག་ཡིན་སྟབས། དེ་རིང་འདིར་ཡོང་སྟེ་འབྱུང་བའི་གོད་ཆག་འོག་རྐྱེན་འདས་སུ་སོང་བ་དག་གི་ནང་མི་ཤུལ་ལུས་ཚོར་སེམས་གསོ་བྱ་རྒྱུ་ངོས་ཀྱི་ལས་འགན་ཡིན། རྐྱེན་ངན་དེ་འདྲ་བྱུང་སྐབས་སེམས་སྡུག་བསྔལ་གྱིས་མནར་བསྡད་ན། ཕན་ཐོགས་གང་ཡང་ཡོང་གི་མ་རེད། དེ་བས་སྙིང་སྟོབས་བསྐྱེད་དེ། སྡུག་བསྔལ་ལས་ཐར་ཐབས་ལ་འབད་བརྩོན་བྱས་ཏེ་གོམ་པ་མདུན་སྤོས་གྱིས་འཚོ་བ་གསར་པ་བསྐྱལ་རྒྱུར་འཐབ་རྩོད་བྱ་དགོས་པ་རེད། སྙིང་སྟོབས་དང་ཆོད་སེམས་འཕར་མ་ཞིག་བསྐྱེད་དེ་རྐྱེན་ངན་གྲོགས་སུ་འགྱུར་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་གསུངས་ཡོད། ༧གོང་ས་མཆོག་ས་གནས་སྨན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། འདི་ལོའི་ས་ཡོམ་ནང་གོད་ཆག་ཕོག་མཁན་དང་མྱུར་སྐྱོབ་བྱེད་མཁན་ལས་བྱེད་ཚོར་དམིགས་བསལ་མཇལ་ཁ་གནང་ཡོད་འདུག   

༧གོང་ས་མཆོག་གིས་ནེའུ་ཛི་ལན་ཌིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་དེ་རིང་ཕྱི་ཚེས་ ༩ ཉིན་ཡུལ་དེའི་གནད་ཡོད་མི་སྣ་གཙོས་པའི་ས་གནས་བོད་མི་དང་ཡུལ་མིའི་ཕེབས་བསུའི་ཁྲོད་མཁའ་ལམ་བརྒྱུད་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་༧ཞབས་སོར་འཁོད་ཡོད་འདུག་ལ། ཕྱི་ཚེས་ ༡༡ ནས་ ༡༣ ཉིན་བར་གྲོང་ཁྱེར་དེའི་ས་གནས་མི་མང་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་༼བྱང་ཆུབ་སེམས་པའི་སྤྱོད་པ་འཇུག་པར་བྱེད་པ་༽བཀའ་ཁྲིད་གནང་རྒྱུ་ཡིན་དང་། འཇུག་པའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། བོད་རིགས་དང་རྒྱ་རིགས་མཐུན་སྒྲིལ་ཚོགས་པའི་གོ་སྒྲིག་འོག་ཨོ་སི་ཊི་ལི་ཡའི་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་རྒྱུ། དེ་བཞིན། དེ་གའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཐེངས་འདིའི་གཟིགས་སྐོར་རིང་། ཨོ་སི་ཊོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊོ་ནེ་ཨེ་བྷོ་ཊི་ Tony Abbot མཆོག་དང་མཇལ་འཕྲད་གནང་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 2

  1. ནད་པ says:
    ལོ་ 15 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །
    སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །ཅེས་རྒྱལ་བའི་ཡོངས་འཛིན་ཟུང་གི་མཛད།

    མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡང་དེ་ཡང་ཡིན། །
    དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་རྗེ་ཙོང་ཁ་པའི་གསུངས་ལྟར་རོ།།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese