མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་རྩ་རྫོགས་ཅོང་བརྡ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp
འཛམ་གླིང་སྟེང་ཆེས་གཏུགས་རྩུབ་ཅན་གྱི་དམར་ཤོག་ཚོགས་པ་འདི་རྩ་མེད་གཏོང་རྒྱུ་ཡིན་ཟེར།
ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་སྲིད་གཞུང་ཐོག་ཁང་གི་སྒོ་འགྲམ་དུ་གློ་བུར་བའི་འགལ་གཏོར་དོན་རྐྱེན་ཞིག་བྱུང་ཡོད་པ་དང་།  དོན་རྐྱེན་དེ་དངོས་སུ་མཐོང་མཁན་མང་ཚོགས་ཀྱིས་གསར་ལམ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་ ༥༠ ཙམ་ཡིན་པའི་སྐྱེས་པ་ཞིག་གིས་ས་གནས་གྲོང་ཁྱེར་སྲིད་གཞུང་གི་སྒོ་ཁར་བསྟུད་མར་འགལ་རྫས་ཐེངས་གསུམ་འགས་གཏོར་བྱས་མཐར། ཁོ་རང་ཡང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་སྐོར་བརྗོད་འདུག 
ཕྱི་ཚེས་ ༡༡ ཉིན་རྒྱ་ནག་མི་དམངས་ཉིན་རེའི་དྲ་བའི་སྟེང་གནས་ཚུལ་སྤེལ་བའི་ནང་། ཐེན་ཅིན་གྲོང་ཁྱེར་སྲིད་གཞུང་སྒོ་འགྲམ་དུ་བྱུང་བའི་འགས་གཏོར་དོན་རྐྱེན་ཁྲོད་མི་གཉིས་ལ་རྨས་སྐྱོན་ཕོགས་ཡོད་པ་དང་། འགས་གཏོར་བྱེད་མཁན་གྱི་མི་དེ་ནི་ཐེན་ཅིན་གྲོང་ཁྱེར་གྱི་ཡུལ་མི་ཞིག་ཡིན་པ་དང་། ཁོ་རང་དུས་ཐོག་འཇུ་བཟུང་བྱས་ཡོད་པར་མ་ཟད། ཁོས་འགས་གཏོར་དོན་རྐྱེན་བཟོ་དོན་ནི་རྒྱན་སྐུགས་ཀྱི་ནག་ཉེས་བྱ་སྤྱོད་སྤེལ་ཏེ་ཕམ་ཉེས་བྱུང་བའི་དབང་གིས་སྤྱི་ཚོགས་ལ་འཁོན་སེམས་སློག་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད།

ཡིན་ནའང་། ཕྱི་ཚེས་ ༩ ཉིན་མིང་ལ་ལིག་ཁྲང་ཧེ་ཟེར་བའི་ཐེན་ཅན་གྲོང་ཁྱེར་གྱི་ཡུལ་མི་ཞིག་གིས། ༼ངས་དམར་ཤོག་པ་རྩ་རྫོགས་ཀྱི་ཅོང་བརྡ་དཀྲོལ་རྒྱུ་ཡིན༽ ཅེས་པའི་རྩོམ་ཡིག་ཅིག ༼རྒྱ་ནག་ལ་ལྟ་བ༽ཞེས་པའི་རྒྱ་ཡིག་གི་གསར་འགྱུར་དྲ་བའི་སྟེང་སྐུར་ཡོད་པ་དང་། རྩོམ་ཡིག་ནང་ཁོས་ལས་འགུལ་དེ་བརྩམས་པའི་རྗེས་སུ་རྩོམ་ཡིག་དེ་སྤྱི་བསྒྲགས་ཡོང་བའི་འབོད་སྐུལ་དང་། ཁོས་རྒྱ་ནག་དམར་ཤོག་པར་འཁོན་ལན་སློག་དགོས་དོན་ནི། རྐྱེན་འདས་སུ་གྱུར་ཟིན་པའི་རང་ཉིད་ཀྱི་བུ་མོ་དང་ཁྱིམ་ཚང་གི་དབུལ་ཕོངས་དཀའ་སྡུག་མ་བཟོད་པའི་རྐྱེན་གྱིས་ཡིན་པ་དང་།  གལ་སྲིད་ཁོ་ལ་དཔལ་འབྱོར་གྱི་མཐུན་རྐྱེན་འདང་ངེས་ཤིག་ཡོད་ཚེ། ཆེད་དམིགས་རྒྱ་ནག་དམར་ཤོག་པ་རྩ་མེད་གཏོང་བའི་སྟོབས་ཤུགས་ཅན་གྱི་རྩ་འཛུགས་ཤིག་བཙུགས་ཏེ། གོ་སྐབས་དང་བསྟུན་ནས་འཛམ་གླིང་སྟེང་ཆེས་གདུག་རྩུབ་ཅན་གྱི་དམར་ཤོག་ཚོགས་པ་འདི་རྩ་མེད་དུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། རྩོམ་ཡིག་དེ་ནི་ཕྱི་ཟླ་ ༥ པའི་ཚེས་ ༢༧ བྲིས་པ་ཞིག་ཡིན་པ་དང་། ཕྱི་ཟླ་ ༦ པའི་ཚེས་ ༩ ཉིན་༼རྒྱ་ནག་ལ་ལྟ་བ༽ ཞེས་པའི་དྲ་ཚིགས་སྟེང་སྐུར་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་དུ་འགས་གཏོར་དོན་རྐྱེན་དེ་བྱུང་ཡོད་འདུག

འདས་མ་ཐག་པའི་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་རྒྱ་ནག་ཅང་ཞི་ཞིང་ཆེན་ཧྥུའུ་གྲོང་དུའང་། ས་གནས་ཁྱེར་གྱི་སྲིད་གཞུང་ལས་ཁུངས་ཁག་ལ་བསྟུད་མར་གཏོར་རྒོལ་གྱི་དོན་རྐྱེན་བྱུང་ཡོད་པ་རེད།  སྤྱི་ཚོགས་དཔྱད་བརྗོད་པ་དག་གིས་ཉེ་ལམ་རྒྱ་ནག་ནང་སྲིད་གཞུང་ལ་གཏོར་རྒོལ་བྱེད་པའི་དོན་རྐྱེན་འབྱུང་བཞིན་པ་དེ་ནི།  མང་ཚོགས་འུ་ཐུག་སྟེ་དྲག་གནོན་ལ་དྲག་པོས་གདོང་ལེན་བྱ་རྒྱུའི་མགོ་བརྩམས་པ་ཞིག་ཡིན་པར་ངོས་འཛིན་བྱ་བཞིན་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

མཆན། 5

  1. ཇ་མ་ says:
    ལོ་ 15 སྔོན།

    ཉེ་སྔོན་སི་ཁྲོན་སློབ་གྲྭ་ཆེན་མོའི་ནང་དུ་གུང་ཁྲན་ཏང་རྫོགས་དགོས་ཟེར་བའི་དབུག་ལྒང་ཆེན་པོ་ཞིག་གནམ་ལ་བཏང་ཡོད་པ་ཚང་མའི་མཐོང་ཡོད་དམ།

    Reply
  2. རྔ་བ་ཚེ་སྐྱིད། says:
    ལོ་ 15 སྔོན།

    གལ་སྲིད། དམར་ཕྱོགས་ཚོགས་པ་རྩ་གཏོར་གཏོང་དགོས་ན། ཕྱོགས་རིས་པའི་གཞུང་ལུགས་མེ་བསྲེག་གཏོང་དགོས།
    གལ་སྲིད། དམར་ཕྱོགས་ཚོགས་པ་རྩ་མེད་གཏོང་དགོས་ན། ཁ་དོན་མི་མཚུངས་པའི་ལག་ལེན་དེ་རྒོལ་དགོས།
    གལ་སྲིད། དམར་ཕྱོགས་ཚོགས་པའི་སྒྲོམ་གཞི་གཏོར་དགོས་ན། མ་རྩ་ཆེ་བའི་དཔལ་འབྱོར་གྱི་མ་རྐང་གཏོར་དགོས།
    གལ་སྲིད། དམར་ཕྱོགས་ཚོགས་པ་མེད་པར་གཏོང་དགོས་ན། རྐུབ་སྟེགས་བརྟན་པའི་དཔོན་ངན་རྣམས་རྫོགས་དགོས།
    གལ་སྲིད། དམར་ཕྱོགས་ཚོགས་པ་ཤུལ་མེད་དུ་གཏོང་དགོས་ན། ནང་ཁུལ་གྱི་འགལ་ཟླ་ཆེ་རུ་གཏོང་དགོས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལིག་ཁྲང་ཧེ་ཟེར་བའི་ཐེན་ཅན་གྲོང་ཁྱེར་གྱི་ཡུལ་མི་ཞིག་གིས། ༼ངས་དམར་ཤོག་པ་རྩ་རྫོགས་ཀྱི་ཅོང་བརྡ་དཀྲོལ་རྒྱུ་ཡིན༽ ཅེས་པའི་རྩོམ་ཡིག་ཅིག ༼རྒྱ་ནག་ལ་ལྟ་བ༽ཞེས་པའི་རྒྱ་ཡིག་གི་གསར་འགྱུར་དྲ་བའི་སྟེང་སྐུར་ཡོད་པ་དང་། རྩོམ་ཡིག་ནང་ཁོས་ལས་འགུལ་དེ་བརྩམས་པའི་རྗེས་སུ་རྩོམ་ཡིག་དེ་སྤྱི་བསྒྲགས་ཡོང་བའི་འབོད་སྐུལ་དང་། ཁོས་རྒྱ་ནག་དམར་ཤོག་པར་འཁོན་ལན་སློག་པ་འདི་གཉིས་ལས། སྨྱུག་རྩེས་འགས་གཏོར་གཉིས་པོ་རྣོ་ངར་ཆེ་བ་མི་འདུག་གམ། བོད་སོག་དང་ཤིན་རིགས་ལས་འགུལ་བ་ཚོ་ལགས། དགེ་འོ། །

    Reply
  4. སངྒེ ། says:
    ལོ་ 15 སྔོན།

    ཡིག་སྐྱོན་མང་གི་ཡ། གཟབ་གཟབ་གནང་རོགས་ཞུ།

    Reply
  5. གཟི་མིག་༣པ says:
    ལོ་ 15 སྔོན།

    མི་ནི་དངོས་ནས་རྒྱ་ནག་མི་དམངས་ཀྱི་དོན་དུ་དཔའ་བོ་རེད་ ཁོང་གི་་རྒྱ་ནག་མི་དམངས་དང་རྒྱ་ནག་དམར་ཤོག་འོག་ཡོད་པའི་མི་ཚངས་མའི་དཀའ་ངལ་སེལ་ཐབས་ཀྱི་འབོད་སྒྲ་ནི་འཛམ་གླིང་རྒྱལ་སྤྱི་དང་འགྲོ་བ་མིའི་ཚོགས་པས་འགན་ལེན་དགོས་་་རྒྱ་ནག་དམངས་གཙོ་བསྒྱུར་བར་བོད་པར་ཡང་ལས་འགན་ཆེན་པོ་ཡོད་་་་་་དམངས་གཙོ་རྒྱལ་ལོ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese