མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་གནས་ལ་འཚམ་པའི་ལས་བྱེད་དཀོན་པའི་ཚོར་སྣང་བྱུང་།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཚེས་ ༥ ནས་ ༡༣ བར་བཙན་བྱོལ་བོད་མིའི་མཐོ་རིམ་སློབ་ཕྲུག་སྐོར་ཞིག་ལ་༼ དེང་གི་ན་གཞོན་དང་མ་འོངས་མགོ་ཁྲིད ༽ཅེས་པའི་ཟབ་སྦྱོང་ཞིག་གངས་སྐྱིད་སྤྱི་ཐོབ་ཐོག་ཁང་དུ་སྤྲད་ཡོད་ཅིང་། ཟབ་སྦྱོང་དེར་ས་གནས་ཁག་ ༩ ནས་སློབ་ཕྲུག་ཕོ་མོ་ ༦༠ མཉམ་ཞུགས་གནང་ཡོད། འདི་གའི་གསར་འགོད་པས་ཟབ་སྦྱོང་གི་མཇུག་བསྡོམས་དང་བསྟུན་ཏེ་སློབ་ཕྲུག་ཁག་ཅིག་ལ་བཅར་འདྲི་ཞུས་ཡོད།   

 

ཨ་རིའི་ནེའུ་ཡོག་ཀོ་ལུམ་པི་ཡཱ་གཙུག་ལག་སློབ་ཆེན་ལོ་རིམ་གཉིས་པའི་སློབ་བུ་ཚེས་བཅུ་སྒྲོལ་མ་ལགས་སུ། ཐེངས་འདིར་ཨ་རི་ནས་རྒྱ་གར་ནང་ཡོང་དོན་གང་ཡིན་དང་ཟབ་སྦྱོང་ཐོག་མྱོང་ཚོར་གང་བྱུང་སྐོར་དྲིས་པར་ཁོང་མོས་ལན་འདེབས་གནང་དོན། ང་ཆུང་ཆུང་ཡིན་པའི་སྐབས་ནས་ཕ་མ་གཉིས་ཀྱིས་ང་ཚོ་བོད་པ་ཡིན་ཟེར་ནས་ཡང་ཡང་གསུང་གི་ཡོད། རྗེས་སུ་སློབ་གྲྭར་སྐྱོད་སྐབས་ཨ་རིའི་གཞུང་གི་འགྲོ་སྟངས་མང་པོ་ཞིག་བསླབས་ཡོང་གི་འདུག ན་ནིང་དགུན་ཁ་ཞིག་ལ་ང་རང་གི་སེམས་ལ། ང་རང་བོད་པ་ཞིག་རེད། འོན་ཀྱང་བོད་པའི་གཞུང་གི་འགྲོ་སྟངས་དང་ཤེས་ཀྱི་ཡོད་པ་མ་རེད། ཐ་ན་བོད་གཞུང་དང་བོད་པའི་སྤྱི་ཚོགས་ཤིག་མིག་གིས་ཀྱང་མཐོང་ཡོད་པ་མ་རེད་དྲན་ཏེ་སེམས་མ་སྐྱིད་པ་ཞིག་བྱུང་སོང་། གནས་ཚུལ་དེའི་སྐོར་ལ་བསམ་བློ་ཞིབ་ཏུ་བཏང་ན། ང་གཅིག་པུ་ཡང་ཡིན་རྒྱུ་མ་རེད། ང་དང་ང་ལྟ་བུའི་ཕྱི་རྒྱལ་དུ་སྐྱེས་པའི་བོད་ཕྲུག་མང་པོ་ཞིག་བོད་གཞུང་དང་འབྲེལ་ཐག་རིང་པོ་རེད། ངས་བསམ་བློ་མང་པོ་བཏང་མཐར་ད་ལོ་བོད་རྒྱལ་ཡོངས་ཚོགས་ཆེན་དང་བསྟུན་ཏེ་ངྷ་རམ་ས་ལར་ཡོང་བ་ཡིན། ངྷ་སའི་མཐོང་སྣང་ཟེར་ན་འདྲ། ང་གསར་དུ་འབྱོར་སྐབས་ཞེད་སྣང་འདྲ་ཞིག་བྱུང་སོང་།  རྒྱུ་མཚན་ནི་ང་ད་ལྟ་ལོ་ ༡༧ ཡིན། ས་འདིར་གཉེན་ཉེ་ངོ་ཤེས་སོགས་གཅིག་ཀྱང་མེད་པའི་ཁར། ངྷ་རམ་ས་ལའི་སྒྲུང་འདྲ་མིན་གོ་རྒྱུ་འདུག དང་ཐོག་ས་ཆ་འདིའི་འགྲོ་འདུག་མ་ཤེས་པ་དང་། དེ་བཞིན་མི་སུ་ལ་ཡིད་ཆེས་བྱ་ཆོག་པ་དང་སུ་ལ་ཡིད་ཆེས་བྱ་མི་རུང་པ་ཤེས་ཀྱི་མི་འདུག ད་ལྟ་གང་ལ་གང་འཚམ་ཞིག་ཤེས་ཡོང་གི་འདུག ཟབ་སྦྱོང་འདི་རྫོགས་རྗེས་རྒྱ་གར་བོད་མིའི་གཞིས་ཆགས་ཁག་ཏུ་འགྲོ་རྒྱུ་ཡིན། དམིགས་བསལ་གཞིས་ཆགས་སྐྱོ་བོ་ཡོད་ས་དེ་དག་ལ་འགྲོ་དགོས་ཀྱི་འདུག་བསམ་ཡོད། ང་རྒྱ་གར་དུ་མ་ཡོང་སྔོན་ལ་མི་དེ་ཚོས་བོད་གཞུང་ལ་ཁ་གཏོང་གི་ཡོད་པ་ཐོས་སྟབས། བོད་གཞུང་ནང་དངུལ་གྱི་རྙོག་དྲ་དང་ལས་དོན་ཚགས་ཚུད་མེད་པ་ཞིག་ཡིན་ས་རེད་བསམ་བསྡད་ཡོད། འོན་ཀྱང་འདིར་བསླེབས་ཏེ་རྒྱུས་ལོན་བྱས་སྐབས་དེ་འདྲ་རེད་མི་འདུག ལས་བྱེད་ཚོར་མཚོན་ན་ལོ་སུམ་བཅུ་བཞི་བཅུར་ཞབས་ཞུ་བསྒྲུབས་མྱོང་མཁན་གྱི་སེམས་ཤུགས་ཅན་མང་པོ་འདུག ཅེས་བརྗོད་བྱུང་།

 

བྷིང་ལོ་རྒྱ་གར་མཐོ་སློབ་ཏུ་ཚོང་ལས་རིག་པའི་སྟེང་སློབ་གཉེར་བྱེད་བཞིན་པའི་སློབ་བུ་བསྟན་འཛིན་རབ་གསལ་ལགས་སུ། བོད་པའི་གཞོན་སྐྱེས་ཤིག་གི་ངོས་ནས་བཙན་བྱོལ་བོད་གཞུང་གི་མཚན་དང་རྒྱལ་རྟགས་སོགས་ལ་བསྒྱུར་བཅོས་བཏང་བ་དང་། དེ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོས་ལེན་གནང་མེད་པ་སོགས་ལ་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས། ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་གནད་དོན་དེ་འདྲའི་ཐད་བསམ་ཚུལ་དང་ཚོར་བ་ཡོད་ཡོད་པ་རེད། དེ་གང་ཡིན་ཞེ་ན། སྔོན་མ་བཙན་བྱོལ་གཞུང་ཞེས་འབོད་ཀྱི་ཡོད་པ་དང་། ད་ལྟ་བཙན་བྱོལ་བོད་གཞུང་མེད་པར་བཏང་སྟེ། སྒྲིག་འཛུགས་ཤིག་ལ་འགྱུར་པ་བཏང་ཡོང་དུས་སེམས་ནང་དོགས་པ་འདྲ་མིན་ཞིག་འཁོར་ཡོང་གི་འདུག་ལ། བློ་ཕམ་ཡང་ཡོང་གི་འདུག འོན་ཀྱང་། ཐེངས་འདིའི་ཟབ་སྦྱོང་སྐབས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་དང་། གཞུང་གི་མིང་དང་རྒྱལ་རྟགས་སོགས་ལ་བསྒྱུར་བཅོས་གཏོང་དགོས་པའི་རྒྱུ་མཚན་ཞིབ་ཏུ་གསུངས་ཡོང་དུས། སྔོན་མ་ང་རང་གི་བསམ་བློ་གཏོང་ཕྱོགས་དེ་ནོར་འཁྲུལ་ཡིན་པ་ཧ་གོ་སོང་། གཞུང་གི་མིང་ལ་འགྱུར་པ་བཏང་པ་ཙམ་རེད་མ་གཏོགས། ལས་དོན་བྱེད་ཕྱོགས་སྔོན་མ་དང་གཅིག་པ་རེད་བསམ་གྱི་འདུག བཅའ་ཁྲིམས་ལ་བསྐྱར་བཅོས་འགྲོ་དགོས་པ་དེ་ཡང་༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པར་བརྟེན་ཏེ་བྱུང་བ་ཞིག་རེད། འདི་ལ་གཞོན་ནུ་ལྷན་ཚོགས་ཀྱིས་ངོན་ལེན་གནང་གི་མེད་པ་དེ་བཤད་ཤེས་མ་སོང་། ཁོ་རང་ཚོར་དགོངས་པ་བཞེས་ཕྱོགས་ཤིག་ཡོད་རྒྱུ་རེད། གང་ལྟར་བོད་གཞུང་གི་མིང་ལ་འགྱུར་པ་བཏང་པ་ནི་དེ་ཙམ་གནད་འགག་ཅིག་ལ་མཐོང་གི་མི་འདུག་ཟེར།

 

ལྡི་ལི་ཇམ་ཡཱང་མཐོ་སློབ་ནང་སྨན་ཞབས་ལོ་རིམ་བཞི་བ་འདོན་བཞིན་པའི་སློབ་བུ་བསྟན་འཛིན་ཟླ་མཛེས་ལགས་སུ། བོད་རང་བཙན་དང་དབུ་མའི་ལམ་གཉིས་ལས་གང་ལ་ཡིད་ཆེས་ཡོད་མེད་དྲིས་པར་ཁོང་མོས། སྐད་ཆ་དྲང་མོར་བཤད་ན་ང་སྔོན་མ་ནས་དབུ་མའི་ལམ་ལ་ཡིད་ཆེས་དང་འདོད་པ་ཡོད། གཞན་པའི་རྒྱལ་ཁབ་ལ་མིག་ཅེར་ཏེ་ང་ཚོར་རྒྱལ་ཁབ་དགོས་ཟེར་ན་ཡོང་ཐབས་ཡོད་པ་ཞིག་མ་རེད། རང་བཙན་ལ་འཐབ་རྩོད་བྱས་ན་རྒྱ་ནག་གཞུང་དང་མང་ཚོགས་སུ་ཞིག་ཡིན་རུང་འདོད་པ་རྩ་བ་ནས་ཡོད་པ་མ་རེད། འདོད་པ་མེད་པ་ཞིག་ལ་ང་ཚོས་ཨུ་ཚུགས་རྒྱག་དགོས་ན། དེ་ལ་འབབ་པའི་ང་ཚོར་མི་འབོར་དང་དམག་མི། དཔལ་འབྱོར་སོགས་ཕྱོགས་མང་པོ་ཞིག་ནས་སྟོབས་ཤུགས་དང་མཐུན་རྐྱེན་ཚང་དགོས་པ་རེད། ཁ་ཡོད་ལག་ཡོད་དུ་ཕན་ཚུན་བར་ཞི་མོལ་འགྲིག་མཐུན་ཡོང་པར་བྱས་ཏེ། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱ་རྒྱུ་དེ་ཡག་ཤོས་སུ་མཐོང་གི་ཡོད། ངས་སྔོན་ཆད་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ། དེ་བཞིན། གངས་སྐྱིད་དུ་བོད་གཞུང་གི་ལས་ཁུངས་ཁ་ཤས་ཡོད་པ་ཙམ་ལས་གང་ཡང་ཤེས་ཀྱི་མེད། ཐེངས་འདིར་གང་འཚམ་ཞིག་ཤེས་སོང་། མ་འོངས་པར་མུ་མཐུད་ཤེས་རྟོགས་བྱས་ཏེ་ཆ་ཚང་བ་ཞིག་ཤེས་སུ་འཇུག་དགོས་བསམ་ཡོད། ཅེས་བརྗོད་བྱུང་། ཡང་ཁོང་ལ་བོད་ཀྱི་མཛེས་མའི་འགྲན་བསྡུར་ལ་ལྟ་སྟངས་གང་ཡོད་དྲིས་པར། བོད་ཀྱི་མཛེས་མའི་འགྲན་བསྡུར་དེ་ཡག་པོ་མཐོང་གི་ཡོད། དེང་སང་ཨ་རིའི་ནང་ཡོད་པའི་བོད་པ་ཚོས་ཀྱང་བོད་ཀྱི་མཛེས་མ་ཙམ་མ་ཟད། བོད་ཀྱི་ཕོ་གསར་འགྲན་བསྡུར་ཞིག་ཀྱང་བྱེད་ཀྱི་ཡོད་པ་རེད། གང་ལྟར་གར་སྟེགས་འདི་དག་བརྒྱུད་དེ་འཛམ་གླིང་མི་མང་ལ་བོད་དོན་ཁྱབ་སྤེལ་བྱ་རྒྱུ་དེ་ཐབས་ལམ་གཅིག་རེད། ང་ཚོའི་སྤྱི་ཚོགས་ནང་ལས་དོན་འདིའི་རིགས་ལ་དགག་པ་རྒྱག་མཁན་ཡོང་གི་ཡོད་པ་རེད། འོན་ཀྱང་། དུས་ཚོད་ལ་འགྱུར་པ་ཐེབས་འགྲོ་བཞིན་ཡོད་སྟབས། ང་ཚོའི་སྤྱི་ཚོགས་ཀྱང་འཛམ་གླིང་སྤྱི་ཚོགས་དང་བསྟུན་ནས་འགྱུར་པ་འགྲོ་དགོས་ངེས་ཤིག་རེད། དེ་ལྟར་མ་ཕྱིན་ན་ང་ཚོའི་སྤྱི་ཚོགས་རྗེས་སུ་ལྷག་འགྲོ་བཞིན་ཡོད་ཟེར།

 

རྒྱ་གར་ལྷོ་ཕྱོགས་མ་ངྷ་རཱ་སིར་ཚོང་ལས་རིག་པའི་ཐོག་ཆེས་མཐོའི་རིག་གནས་རམས་འབྱམས་པ(M.Phil) ལོ་རིམ་དང་པོའི་འདོན་བཞིན་པའི་སློབ་བུ་བསྟན་འཛིན་དབང་རྒྱལ་ལགས་སུ། བཙན་བྱོལ་བོད་གཞུང་གི་མིང་བྱང་གིས་མཚོན་པའི་ཐ་སྙད་གལ་ཆེན་འགར་འགྱུར་བ་བཏང་བ་འདིར་སྤྱི་ཚོགས་ནང་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད་སྟབས། ཆིག་སྒྲིལ་དང་གོང་བུ་གཅིག་གྱུར་ལ་དོ་ཕོག་འགྲོ་སྲིད་མིན་དྲིས་པར་ཁོང་གིས། དེ་སྔའི་བོད་གཞུང་ཞེས་པའི་མཚན་བྱང་དེ་སྒྲིག་འཛུགས་ཙམ་ལ་བསྒྱུར་བཅོས་བཏང་བ་དེའི་ཐད་ད་ཆར་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་ཡོང་གི་འདུག འོན་ཀྱང་། བསམ་བློ་ཞིབ་ཏུ་བཏང་ན། རྒྱ་གར་ནང་ཟེར་ན་འདྲ་ལུང་པ་གཅིག་གི་ནང་གཞུང་གཅིག་ལས་གཞུང་གཉིས་ཡོང་ཆོག་གི་མ་རེད་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པ་འདི་ཡང་མིང་གསར་དུ་བཏགས་པ་དེ་འདྲ་ཞིག་མ་རེད། སྔོན་མ་ནས་དབྱིན་ཡིག་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་(Central Tibetan Administration) ཞེས་བྲིས་ཡོད་པ་རེད། གཙོ་བོ་ང་ཚོས་ལས་དོན་གང་བསྒྲུབས་ཀྱང་། སོ་སོའི་གཞུང་ཡིན་པར་ངོས་འཛིན་ཡོང་རྒྱུ་དེ་གལ་ཆེ་ཤོས་རེད། དེ་འདྲ་བྱས་ན་གཞུང་གི་ལས་དོན་དང་བོད་མིའི་ཆིག་སྒིལ་ལ་དཀའ་ངལ་འཕྲད་རྒྱུ་མ་རེད་དྲན་གྱི་ཡོད། ངས་བསམ་ན་ད་བར་ང་ཚོར་གཞུང་ཞེས་པའི་མིང་འདིའི་འོག་ནས་ཁེ་ཕན་དམིགས་བསལ་གང་ཡང་ཐོབ་ཡོད་པ་མ་རེད་བསམ་གྱི་འདུག ད་ཆར་སྤྱི་འཐུས་དང་བཀའ་ཤག་གསར་པ་བདམས་ཐོན་བྱུང་ཟིན་པ་རེད། གཞོན་སྐྱེས་ཚོའི་བསམ་བློ་གཏོང་ཕྱོགས་ལ་གཞིགས་པ་ཡིན་ན། མི་རབས་གསར་པ་ཚོས་ཁུར་ལེན་དགོས་ཀྱི་འདུག་བསམ་པའི་ཐོག་ནས་བློ་བཟང་སེང་གེ་བཀའ་ཁྲིར་བདམས་ཐོན་བྱུང་པ་རེད། འབྱུང་འགྱུར་ལོ་ལྔ་དེ་ང་ཚོའི་རེ་བ་རྒྱག་ས་ཞིག་ཆགས་ཡོད་ལ། བཀའ་ཁྲི་དང་སྤྱི་འཐུས་གསར་པ་ཚོའི་ལས་དོན་སྒྲུབ་ཕྱོགས་ལ་ཞིབ་འཇུག་བྱ་དགོས་པ་ཞིག་ཀྱང་ཆགས་ཡོད། ཅེས་བརྗོད་བྱུང་།

 

ཅན་ངྷི་གྷར་མཐོ་སློབ་ཏུ་ལོ་རིམ་གཉིས་པ་འདོན་བཞིན་པའི་སློབ་བུ་ཚེ་རིང་མཚམས་ཆོད་ལགས་སུ། ཐེངས་འདིའི་ཟབ་སྦྱོང་གིས་ཕན་ཐོག་གང་འདྲ་བྱུང་ཡོད་མེད་དང་། བོད་གཞུང་ལས་ཁུངས་ཁག་ལ་རྒྱུས་ལོན་བྱས་པ་བརྒྱུད་མྱོང་སྣང་ག་རེ་བྱུང་ཡོད་མེད་དྲིས་པའི་ལན་དུ། སྔོན་མ་ང་རང་འཛིན་གྲྭ་དགུ་བ་ཡིན་དུས་ངྷ་སར་ཡོང་པ་ཡིན། སྐབས་དེར་ངའི་གཅེན་མོ་རྩིས་ཞིབ་ལས་ཁུངས་ནང་ཡོད་སྟབས། ཁོང་གིས་ང་ལ་བོད་གཞུང་གི་ལས་ཁུངས་ཁག་དང་དེ་དག་གི་ལས་འགན་གང་ཡིན་ངོ་སྤྲོད་གནང་བྱུང་། ཡིན་ན་ཡང་སྐབས་དེར་ངས་དེ་ཙམ་དོ་སྣང་བྱས་མི་འདུག ད་ལྟ་མཐོ་སློབ་ཏུ་བསླེབས་སྐབས་རྒྱ་གར་བའི་སློབ་གྲོགས་ཚོ་དང་། རང་ལས་ལོ་ཚོད་ཆུང་བའི་བོད་རིགས་སློབ་གྲོགས་ཚོས་བོད་གཞུང་སྐོར་ལ་སྐད་ཆ་དྲིས་ཡོང་སྐབས། འདི་རེད་དེ་རེད་ཅེས་གསལ་པོ་ཞིག་བཤད་ཐུབ་ཀྱི་མི་འདུག ད་ཐེངས་ང་ལ་གོ་སྐབས་ཡག་པོ་རག་སོང་། ཟབ་སྦྱོང་འདིར་བོད་གཞུང་གི་གནད་ཡོད་མི་སྣ་ཁག་གིས་བོད་གཞུང་དང་ལས་ཁུངས་ཁག་བཅས་ཀྱི་སྲིད་བྱུས་དང་ལས་དོན་སྒྲུབ་ཕྱོགས་ངོ་སྤྲོད་གང་ལེགས་གནང་བྱུང་པ་མ་ཟད། ལྷན་ཁང་ཁག་རེ་རེ་བཞིན་ལྟ་སྐོར་བྱེད་པའི་གོ་སྐབས་བྱུང་སྟེ་སྔར་ལས་མང་བ་ཞིག་ཤེས་སོང་། ང་རང་གི་ཚོར་སྣང་ལ། བོད་གཞུང་ལས་ཁུངས་ཁག་གི་ལས་གནས་མང་པོ་ཞིག་ཏུ་ལས་ག་དེ་ལ་འཚམ་པའི་ལས་བྱེད་མི་འདུག་བསམ་སོང་། ལྷག་པར་དུ་ལས་དོན་གལ་ཆེན་པོ་སྒྲུབ་མཁན་ཀྱི་རྐུབ་སྟེགས་སྟེང་དུ་ཆེད་ལས་པ་དཀོན་པོ་རེད། སྟོང་ཆ་དེ་དག་ནི་གཞུང་ཞབས་འདེམས་ཕྱོགས་དང་ལས་བགོ་རྒྱག་སྟངས་ཀྱིས་མི་འགྲིག་པ་ཡིན་ནམ། ཡང་ན་ལས་སྣེ་དང་འཚམས་པའི་མཐོ་སློབ་ཐོན་མཁན་མེད་པའི་དཀའ་ངལ་ཡིན་གསལ་པོ་བཤད་ཤེས་མ་སོང་ཟེར།

 

ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་ལོ་རིམ་གཉིས་པའི་སློབ་བུ་ཚེ་དབང་མགོན་པོ་ལགས་སུ། ཁོང་ལ་ཐེངས་འདིའི་ཟབ་སྦྱོང་བརྒྱུད་དེ་རྒྱ་གར་ནང་འཚར་ལངས་བྱུང་བོད་རིགས་མཐོ་རིམ་སློབ་མ་ཚོའི་སྟེང་ལ་མཐོང་སྣང་གང་འདྲ་བྱུང་ཡོད་མེད་དྲིས་པར། སྤྱིར་མི་ཞིག་གི་ངོ་བོའི་ཐད་ནས་བཤད་ན། བཙན་བྱོལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་སྟེ་རྒྱ་གར་མཐོ་སློབ་ལ་སྐྱོད་བཞིན་པའི་བོད་རིགས་སློབ་མ་འདི་དག་ནི། བསམ་བློ་གཏོང་སྟངས་དྲང་པོ་དང་ལྷག་བསམ་རྣམ་དག་འདྲ་བོ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་། རྒྱལ་ཁབ་དང་མི་རིགས། ཆབ་སྲིད་བཅས་ཀྱི་རྩ་དོན་དང་འབྲེལ་ནས་བལྟས་ཡོང་དུས། ཁོང་ཚོར་མི་རིགས་ཀྱི་འདུ་ཤེས་དང་ཆབ་སྲིད་ཀྱི་གོ་རྟོགས་ཞན་པོ་འདུག ལྷག་པར་དུ་བོད་ཀྱི་གནས་སྟངས་དང་། བོད་ཀྱི་སྐད་ཡིག་རིག་གཞུང་ཐད་ཤེས་ཚད་སྐྱོ་བོ་རེད། དེ་ནི་ཁོར་ཡུག་དང་སློབ་སྦྱོང་གི་ཁ་ཕྱོགས་ཏག་ཏག་ཅིག་བསྡད་མེད་པས་ཡིན་རྒྱུ་རེད། དཔེར་ན། ཁོང་ཚོའི་སློབ་ཚན་ཕལ་ཆེ་བ་རྒྱ་གར་དང་ནུབ་ཕྱོགས་པའི་རིག་གཞུང་ཆགས་ཡོད་སྟབས། ཁ་ཕྱོགས་འདིའི་འོག་ནས་འཚར་ལོངས་བྱུང་མཁན་ཞིག་ལ་མཚོན་ན་ཁག་ཡོད་རྒྱུ་མ་རེད། ཅེས་བརྗོད་བྱུང་། ཡང་ཁོང་ལ་ད་ལྟའི་དུས་ཚོད་འདི་བཙན་བྱོལ་བོད་གཞུང་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པའི་ཐོག་གཟིགས་ཚུལ་གང་ཡོད་དྲིས་པར། བོད་གཞུང་གི་རྒྱལ་རྟགས་ “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག” ཟེར་པ་དེ་དོན་ལ་གནས་པ་ཞིག་རེད་དྲན་གྱི་ཡོད། རྒྱ་མཚན་ནི། རྒྱ་ནག་གིས་ ༡༩༥༩ ལོར་བོད་བཙན་བཟུང་མ་བྱས་གོང་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དེ་བདེན་པ་རེད། ད་ལྟ་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་དེ་ཡང་བདེན་པའི་གནས་ཚུལ་ཞིག་རེད། དོན་དངོས་ཀྱི་བོད་ལ་བདེན་པ་གང་ཡོད་པ་དེ་ཉིད་ཀྱི་བདེན་པའི་མཐའ་གསལ་རྒྱུ་དེ་རྣམ་པར་རྒྱལ་དགོས་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 3

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བཟང་གི་བཟང་གི་་་་རྟ་རྒྱུག་ན་འདོད་ན་བདེ་མོའི་ཐང་རྒྱ་ཆེ་ནི་རེད
    ཅི་བཤད་ལ་མ་བལྟ་ཅི་བྱས་ལ་བལྟོས་ཟེར་བ་འདི་ལ་ཉམས་ལེན་བྱེད་རྒྱུ་ཡིན

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    ང་ཚོས་རང་རིགས་ན་གཞོན་རྣམས་ལ་མི་རིགས་ཀྱི་འདུ་ཤེས་དང་། ཆབ་སྲིད་ཀྱི་གོ་རྟོག་མ་སྤེལ་བའི་དབང་གིས། ད་ནི་ཁྱེད་ཚོས་བོད་དོན་ལ་དོ་སྣང་བྱེད་རོགས་ཞེས་ཞུ་བ་བྱེད་དགོས་པའི་ཚད་ལ་སླེབ་འདུག

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ན་གཞོན་འདི་དག་ལ་གོ་སྐབས་ཤིག་ཐོབ་ན་རེ་བ་ཅན་གྱི་མི་སྣ་ཞིག་ཏུ་འགྱུར་རེ་ཆེ། ཁོ་ཚོས་ལན་འདེབསསྟངས་དྲང་མོ་ཡིན་པར་མ་ཟད། ཁ་གསལ་ལ་་གནད་འགག་ཀྱང་ངོས་ཟིན་འདུག
    “བོད་གཞུང་ལས་ཁུངས་ཁག་གི་ལས་གནས་མང་པོ་ཞིག་ཏུ་ལས་ག་དེ་ལ་འཚམ་པའི་ལས་བྱེད་མི་འདུག་བསམ་སོང་། ལྷག་པར་དུ་ལས་དོན་གལ་ཆེན་པོ་སྒྲུབ་མཁན་ཀྱི་རྐུབ་སྟེགས་སྟེང་དུ་ཆེད་ལས་པ་དཀོན་པོ་རེད།”ཅེས་པ་འདི་གནད་འགགག་འདྲ་ཆེན་པོ་མ་རེད་དམ།
    ཁྱེད་ཅག་གིས་མུ་མཐུད་དེ་བོད་དོན་ཐད་ལ་དོ་སྣང་དང་འབད་བརྩོན་གནང་རྒྱུར་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese