མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་གི་དབུ་འཁྲིད་ཚོས་ཀྱང་རྒན་ཡོལ་ཞུ་རན་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིར་དམངས་གཙོའི་སྲིད་གཞུང་ཚད་ལྡན་ཞིག་ཡོང་ཆེད་ངོས་རང་ཆབ་སྲིད་ཀྱི་དབུ་ཁྲིད་ལས་རྒན་ཡོལ་ཆ་ཚང་ཞུས་ཡོད། ད་ཆར་རྒྱ་ནག་དམར་ཤོག་དབུ་ཁྲིད་ཚོས་ཀྱང་མི་ལོ་ ༦༠ ཙམ་ཕྱིན་པའི་ཆབ་སྲིད་འཛིན་སྐྱོང་ལས་རྒན་ཡོལ་ཞུ་རྒྱུའི་དུས་ལ་བབས་ཡོད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཉིན་འདི་འགར་༧གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༢ ཉིན་༧གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡར་གནས་སྡོད་བོད་པ་དང་སོག་པོ། འབྲུག་པ་བཅས་ལ་བཀའ་སློབ་གནང་དོན། ད་ལྟ་ང་ཚོས་ནང་ཆོས་ལ་དད་པ་བྱས་པ་ཙམ་གྱིས་མི་ཆོག་པར་སློབ་སྦྱོང་བྱས་ཏེ་ནང་ཆོས་ཀྱི་གོ་དོན་ཆ་ཚང་ཤེས་པའི་ཐོག དུས་རབས་ ༢༡ པའི་ནང་པ་ཞིག་བྱ་ཐུབ་དགོས་པ་རེད། འདིར་ཡོད་པའི་བོད་པ་ཚོས་ཁྱེད་ཚོ་བཙན་བྱོལ་དུ་འབྱོར་དགོས་དོན་གང་ཡིན་ཤེས་དགོས་པ་རེད། ཁྱེད་ཚོ་འདིར་ཡོང་དོན་ནི། རང་གི་ལུང་པར་རང་བྱུང་གོད་ཆག་གམ་བོད་པ་ནང་ཁུལ་མ་འཆམ་པར་འཁྲུག་པ་ཤོར་ནས་ཡོང་བ་ཞིག་མིན་པར། ཕྱི་ཕྱོགས་ནས་གཞན་གྱིས་བཙན་འཛུལ་བྱས་པའི་རྐྱེན་གྱིས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ཞིག་རེད། དེ་ཡིན་དུས། ང་ཚོས་རང་གི་ཕ་མེས་ནས་ཡོད་པའི་བོད་ཀྱི་སྐད་ཡིག་དང་ནང་ཆོས། རིག་གཞུང་དེ་དང་འབྲེལ་བའི་ཐུན་མིན་ལེགས་བྱང་ཕྱུག་པོ་གཅེས་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞིང་། དེ་ནི་ང་ཚོར་འཁྲི་བའི་འགན་ཞིག་ཀྱང་ཆགས་ཡོད། ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་དབང་རྩིས་སྤྲོད་གནང་དོན་སྐོར་ལ། ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་འཛིན་སྐྱོང་འགན་དབང་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་བྱས་པ་དེར། མང་ཚོགས་ཀྱི་ངོས་ནས་སེམས་འཚབ་བྱ་དགོས་དོན་གང་ཡང་ཡོད་པ་མ་རེད། ངོས་ནས་དེ་ལྟར་ཐག་གཅོད་བྱེད་དོན། མ་འོངས་པའི་བོད་མིའི་མདུན་ལམ་ཆེད་བསམ་བློ་བཏང་བ་ཞིག་ཡིན་པ་ལས། བོད་ཀྱི་རྩ་དོན་འདོར་རྒྱུའི་བསམ་བློ་བཏང་བ་རྩ་བ་ནས་མིན། ཞེས་གསུངས་འདུག  

ཡུལ་དེའི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག ༧གོང་ས་མཆོག་གིས་ཡུལ་དེར་གནས་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོར་གསུངས་དོན། རྒྱ་བོད་མི་རིགས་གཉིས་ལ་མི་ལོ་ ༡༠༠༠ ལྷག་གི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་དང་། ནང་ཆོས་ལ་ཆ་བཞག་ནའང་། བོད་དུ་ནང་ཆོས་མ་དར་བའི་ལོ་བརྒྱ་ཕྲག་དུ་མའི་གོང་རྒྱ་ནག་ཏུ་ནང་ཆོས་དར་ཡོད་པ་རེད། དེའི་སྟབས་ཀྱིས། རྒྱ་རིགས་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཆགས་ཡོད་ལ། ང་ཚོ་བོད་པ་དགེ་ཕྲུག་གཞོན་པ་ཆགས་ཡོད། ཅེས་གསུངས་འདུག

བོད་རྒྱའི་གནད་དོན་སྐོར་ལ། ཆབ་སྲིད་ཀྱི་ཐོག་ནས་བཤད་ན། ང་ཚོ་ཕྱོགས་གཉིས་ཀའི་ངོས་ནས་གྲོས་མོལ་དང་གཉིས་སྨན་གྱི་ཐབས་ལམ་ཐོག་དཀའ་ངལ་སེལ་དགོས་པ་རེད། ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད་པར་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་ཅིག་འཐོབ་འབད་བྱེད་བཞིན་ཡོད། བོད་མིའི་དམངས་གཙོའི་སྲིད་གཞུང་ཚད་ལྡན་ཞིག་ཡོང་ཆེད་ངོས་རང་ཆབ་སྲིད་ཀྱི་དབུ་ཁྲིད་ལས་རྒན་ཡོལ་ཆ་ཚང་ཞུས་ཡོད། ད་ཆར་རྒྱ་ནག་དམར་ཤོག་དབུ་ཁྲིད་ཚོས་ཀྱང་མི་ལོ་ ༦༠ ཙམ་ཕྱིན་པའི་ཆབ་སྲིད་འཛིན་སྐྱོང་ལས་རྒན་ཡོལ་ཞུ་རྒྱུའི་དུས་ལ་བབས་ཡོད། རྒྱ་ནག་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་རྐྱེན་གྱིས་ཡུལ་དེར་དམངས་གཙོའི་བཅོས་བསྒྱུར་ཉིན་གཅིག་གཉིས་རིང་ཡོང་ཐུབ་པ་ཞིག་མིན་པས། དམངས་གཙོའི་འགྲོ་སྟངས་ཐོག་ག་ལེར་གོམ་པ་སྤོ་རྒྱུ་ཧ་ཅང་གལ་ཆེན་ཡིན་ལ། གོམ་པ་དང་པོ་སྤོ་བར་གཞུང་གི་འཛིན་སྐྱོང་ལམ་ལུགས་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་། དེ་ནས་གསར་འགོད་རང་དབང་སྤྲད་ཐོག དམངས་གཙོའི་བཅོས་བསྒྱུར་གཏོང་ཐུབ་ན་དགེ་མཚན་ཆེན་པོ་ཡོང་གི་རེད། ཅེས་གསུངས་འདུག 

ཕྱི་ཚེས་ ༡༤ ཉིན་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་ཆིབས་སྒྱུར་སྐྱོང་སྐབས། ཨོ་སི་ཊོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཊོ་ནེ་ཨེ་བྷོ་ཊི་(Tony Abbott) ལགས་ཀྱིས་གཙོས་གནད་ཡོད་མགོ་ཁྲིད་ཁག་གཅིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ཅིང་། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་ཚོགས་པའི་མགོ་ཁྲིད་ཝ་རེན་ཊརུ་སི་ (Warren Truss) ལགས་དང་། ལྗང་ཁུ་ཚོགས་པའི་མགོ་ཁྲིད་བྷོབ་བྷ་རོན་(Bob Brown) ལགས། ཤེས་ཡོན་བློན་ཆེན་པི་ཊར་གྷ་རེ་ཊི་ (Peter Gerrett) ལགས་བཅས་དང་ལྷན་མཇལ་འཕྲད་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་གསར་འགོད་པ་ཚོར་བཀའ་སློབ་ཕེབས་དོན། ངོས་རང་ཁུལ་འདིར་ཡོང་རྒྱུའི་དམིགས་ཡུལ་གཙོ་བོ་དེ་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་རྒྱུ་དང་ཆོས་ལུགས་མཐུན་སྒྲིལ་ཆེད་ཡོང་བ་ཡིན། འདི་ག་ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་ལ་གལ་ཏེ་ཆོས་འབྲེལ་གྱི་ལས་དོན་ཞུ་ དགོས་རིགས་ཡོད་ཚེ་ངོས་དང་ཐུག་ན་ཕན་ཐོགས་ཡོད་ཀྱང་། ད་རེབ་ཆོས་འབྲེལ་ཕུལ་དགོས་མེད་པར་བརྟེན་དམིགས་བསལ་མཇལ་འཕྲད་ཞུ་དགོས་དོན་མེད་ཅེས་གསུངས་འདུག ཉིན་རྒྱབ་༧གོང་ས་མཆོག་གིས་གྲོང་འཁྱེར་དེ་གའི་ཚོགས་ཁང་ཆེན་པོ་ཞིག་ཏུ་༼ ལའི་བླ་མ་མཆོག་དང་ལྷན་དུ་བདེ་སྐྱིད་དང་སྲོག འཚོ་གནས། བརྩེ་བ། བཟོད་བསྲན་བཅས་ལ་བགྲོ་གླེང་༽ (A Conversation with His Holiness the Dalai Lama on Happiness, Life & Living Love and Forgiveness ) ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་དང་ལྷན་བགྲོ་གླེང་གནང་ཡོད་འདུག

དེ་བཞིན་ཐེངས་འདིའི་ཀེན་བྷེ་རིའི་ཆིབས་སྒྱུར་སྐབས་ས་གནས་དེ་གའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད།  ངལ་རྩོལ་ཚོགས་པའི་འཐུས་མི་མེ་ཁིལ་ཌེན་བྷེ་ (Michael Danby) ལགས་ཀྱིས་གསུངས་དོན། དེ་སྔའི་སྲིད་བློན་ཀེ་ཝེན་རུ་ཌི་ (Kevin Rudd) མཆོག་གིས་ཐེངས་འདིར་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་བར་བློ་ཕམ་ཡོད། གང་ཡིན་ཞེ་ན་ཁོང་དེ་སྔ་ཨོ་སི་ཊོ་ལི་ཡའི་སྲིད་བློན་སྐབས་རྒྱ་གཞུང་གི་བཙན་དབང་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོའི་ཆེད་གདུང་སེམས་མཉམ་སྐྱེ་ཞུ་མཁན་ཞིག་ཡིན། ཞེས་སོགས་བརྗོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༧ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དམར་ཤོག་གི་དབུ་འཁྲིད་ཚོས་རྒན་ཡོལ་ཞུ་རན་ཡོད། དམངས་གཙོ་དར་རན་སོང་། རྒན་ཡོལ་ཕྱིས་ན་བློ་འགྱོད་ཡང་ངེས། མིང་ངན་འཁྱེར་ནས་སྡོད་པ་ལས། ད་འཚམས་བཞག་ན་ཡག་བགྱིད་མ་རེད་པེ། དམར་པོའི་སྤོ་ལགས་རྨོ་ལགས་ཚོ། རྒན་གསོ་ཁང་ལ་མ་ཎི་གདོན་སྟངས་སྦྱོངས་དང་། ད་ལྟའི་གཏམ་ངན་སུལ་སྲུངས་ཀྱི་མི་ཚེ་ལས་དྲག་ག་ཡོང་ངེས་ལགས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མི་དམངས་ཉིན་རེའི་ཚགས་པར་གྱི་གླེང་བརྗོད་གསར་བའི་རིགས་ལ་བརྟག་ན་མཐོ་ས་ནས་སྨྲ་བརྗོད་རང་དབང་གི་སྒོ་འབྱེད་ཐབས་ཤིག་མཐོང་ཐུབ། ཡིད་བཞིན་ནོར་བུ་མཆོག་གི་ཕྱི་ནང་མེད་པའི་ཀུན་ཕན་གྱི་མཛད་པ་འདི་རིགས་ཀྱིས་རྒྱ་ནག་གི་མཐོ་རིམ་མི་སྣ་མི་ཉུང་བ་ཞིག་ལ་ཡང་བློ་སྐྱེད་གསར་བ་འབྱུང་ངེས། མཛད་པ་འདི་ཀུན་ནི་ངེས་དོན་གྱི་དྲང་བདེན་དང་བྱམས་བརྩེ། ཀུན་ཕན་གྱི་དན་རྟགས་ཡིན་པས། འཛམ་གླིང་མི་དམངས་ཀྱིས་སྔར་ལྷག་གིས་ཁོང་ལ་གདེང་འཇོག་དང་ཡིད་ཆེས། རྒྱབ་སྐྱོར་བཅས་གནང་རྒྱུར་རེ་བ་ཧ་ཅང་ཆེ། དེ་བས་བདག་སེམས་ཧ་ཅང་དགའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese