མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ ༡༧ འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ སྟེང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག་བཞུགས་སྒར་ངྷ་རམ་ས་ལར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། དེ་ནི་ཉིན་འདི་འགར་ཁམས་དཀར་མཛེས་ས་ཁུལ་གྱི་བོད་རིགས་སྐྱ་སེར་མི་མང་ཚོས་གཅིག་རྗེས་གཉིས་མཐུད་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་འདོད་པ་མེད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་པ་དེར་ས་གནས་ཉེན་རྟོག་ཚན་པ་དང་། དྲག་ཆས་དམག་དཔུང་གིས་བོད་མི་ཞི་རྒོལ་བ་རྣམས་འཛིན་བཟུང་བཙོན་འཇུག་དང་། ཉེས་རྡུང་མནར་གཅོད་མི་སྤྱོད་ལས་འདས་པ་གཏོང་གི་ཡོད་པ་དེ་ལ་ངོ་རྒོལ་དང་། མནར་གཅོད་འོག་གི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་མར་མེ་ཁྲོམ་སྐོར་དེ་གནང་བ་ཞིག་ཡིན་འདུག

མར་མེ་ཁྲོམ་སྐོར་གྱི་མཇུག་བསྡོམས་སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཡིག་ཐོག་གི་གསར་འགོད་བསྒྲགས་གཏམ་ཞིག་སྒྲོག་འདོན་བྱས་པའི་ནང་། ཞི་བའི་མང་ཚོགས་ཀྱིས་འཛོག་མགོ་གནམ་ལ་འཕྱར་ཏེ། “ བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱ་མི་བོད་ནས་ཕྱིར་རྒྱུག ” ཞེས་ཁྲིམས་མཐུན་ལུགས་མཐུན་གྱི་སྐད་འབོད་ཁྲོམ་སྐོར་ཙམ་བྱས་པར། རྒྱ་གཞུང་གིས་གོ་མཚོན་སྤྱད་དེ་ཉི་མ་ཁ་དཀར་ངོ་དཀར་ལ་མང་ཚོགས་དམར་གསོད་གཏོང་རྐྱང་བྱེད་ཀྱིན་ཡོད། ༢༠༠༨ ལོར་བོད་ས་ཡོངས་ནས་དགྲ་བོ་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་པའི་གནས་སྟངས་མང་པོའི་ཁྲོད། ལོ་དེར་མདོ་ཁམས་དཀར་མཛེས་ཁུལ་གཅིག་པུ་ནས་མི་གྲངས་ ༧༠ ལྷག་ཞི་རྒོལ་ནང་ཞུགས་ཏེ་རྒྱ་དམར་གཞུང་གིས་འཛིན་བཟུང་བྱས་ཡོད། སྐབས་དེར་དམ་ཚིག་མཁའ་འགྲོ་དང་ཤེས་རབ་དབྱངས་མཚོ། གྲྭ་པདྨ་རྒྱལ་མཚན། བཙུན་མ་དབྱངས་སྐྱིད་སྒྲོལ་མ་བཅས་ཀྱི་སྐུ་སྲོག་ཤོར་བའི་ཁར། ཉིན་འདི་དག་ནང་སླར་ཡང་དཀར་མཛེས་ཁུལ་ནས་མི་གྲངས་ ༡༧ ཙམ་ཞིག་འཛིན་བཟུང་བྱས་འདུག་ལ། ལོ་དེར་བཙུན་མ་བདེ་དགའ་ཡིས་དཀར་མཛེས་ཁྲོམ་གཞུང་དུ་སྐད་འབོད་བྱས་མཐར་ལུས་ལ་མེ་མདའ་ཕོག་སྟེ། ལོ་གསུམ་གྱི་ཁྲིམས་ཆད་བཏང་རྗེས་སྨན་ཁང་ནང་ཉིན་གཉིས་ཀྱི་རྗེས་སླར་ཡང་འཛིན་བཟུང་གིས་ཁྲིམས་ཐག་ལོ་བཞི་ནས་ལྔ་བར་བཅད་འདུག ལོ་དེའི་ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་དུ་ཞིང་པ་དོན་ལྡན་ལ་དམག་མིས་རྡུང་རྡེག་དྲག་པོ་བཏང་ཡང་ཡུན་འཐུང་ནང་ཉེན་གཡོལ་དུ་ཐར་ཙམ་བྱུང་འདུག ད་ཆར་ཁུངས་ལྡན་གནས་ཚུལ་ལྟར་ན། ད་ལོའི་ཕྱི་ཟླ་ ༣ ཚེས་ ༣ ཉིན་ཞིང་པ་དོན་ལྡན་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་འདུག ཅེས་བཀོད་འདུག

བསྒྲགས་གཏམ་དེའི་མཇུག་ཏུ། ༢༠༠༨ ལོ་ནས་བཟུང་དུས་རབས་ཉེར་གཅིག་པའི་འཕྲུལ་རིག་ལག་རྩལ་ཏེ། དྲ་རྒྱ་དང་ལག་འཁྱེར་ཁ་པར། བརྙན་འཕྲིན་བརྒྱུད་སྤྲོད་སོགས་ཀྱི་མཐུན་རྐྱེན་འོག བོད་ས་སྟོད་སྨད་ཡོངས་དང་བོད་གཞིས་བྱེས་གཉིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་རྒོལ་འཐབ་རྩོད་ཀྱི་ཡོལ་བ་གསར་པ་ཞིག་སྒོ་ཕྱེ་ཡོད། མང་ཚོགས་རང་བཞིན་གྱི་ལས་འགུལ་འདི་ནི་རང་ཕྱོགས་ལ་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཀྱི་དན་རྟགས་ཡིན་པ་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༢༤ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

མཆན། 8

  1. བརྩོན་རྒྱམ། says:
    ལོ་ 15 སྔོན།

    དཔའ་རྒོད་ཚོ་ངོ་མ་རིན་ཐང་ཆེ་སྔོན་ཆད་རྒྱ་ནག་དམར་གཞུང་གིས་དྲག་དམག་གི་འུ་ཚོ་ལ་ཕམ་ཉེས་བྱུང་དུས་གཅིག་གི་གཅིག་ལ་བསྟན་མོ་ལྟས་ནས་བསྡད་བའི་ལོ་རྒྱུས་ཡོད་ད་སྐབས་དེ་འདྲ་མ་ཡིན་པར་ཡུལ་ཕྱོགས་སོ་སོར་ནས་སྐད་རྒྱག་པ་དང་ཡར་ལང་བྱེད་པ་སོགས་རྒྱ་ནག་དམར་གཞུང་ལ་ངོ་རྒོར་བྱེད་ཀྱི་ཡོད་འདི་བདེན་དོན་ཆེད་དུ་ཡིན་པས་ངོ་མ་རིན་ཐང་དབེན་སྤུན་ཟླ་ཚོ་ཁྱེད་ཚོས་རྒྱབ་དུ་ང་ཚོ་ཡོད།  རང་སྲོག་ལ་གཅེས་འཛིན་དགོས་དེ་ལ་ཡང་བསམ་བློ་གཏོང་རོགས་ཞུ།

    Reply
  2. ཁམས་པའི་བུ། says:
    ལོ་ 15 སྔོན།

    དཀར་མཛེས་ཀྱི་དཔའ་རྒོད་རྣམས་པར་ཐུགས་རྗེ་བླ་མེད་ཆེ་ཞུ་ ཡིན་ན་ཡང་སྐབས་དང་དུས་ལ་ངེས་པར་གཟིགས་རོགས་གནང་ རིན་ཆེན་སྲོག་གིས་རིན་ཐང་བཙན་བྱོལ་གྱི་སྤྱི་ཚོགས་གཅིག་པུར་མིན་པ་རྒྱལ་སྤྱི་འགུལ་དགོས་པ་ཞིག་བཟོ་རོགས་གནང་ མདོར་ན་ཆ་གཞི་ལྡན་པ་ཞིག་དགོས་ངེས་རེད་ དེ་མིན་ང་ལྟར་བུའི་གང་ཟག་མི་ཉུང་བ་ཞིག་གིས་བློ་འགྱེད་བཟོད་ཐུབ་པ་མི་འདུག་ མི་རིགས་འདི་ལྟ་བུར་དངོས་གནས་སེར་སྣས་བཟོད་ཀྱིས་མི་འདུག་ འགྱོགས་མྱུར་ཁྱོད་རྣམས་ཀྱི་ཅི་བསམ་ལྟར་འགྲུབ་པར་ཤོག་ཅེས་ཚོར་ཤུགས་ཆེན་པོས་སྨོན་ལམ་འདེབས་ཀྱི་ཡིན།

    Reply
  3. ཁ་བའི་འདབ་མ། says:
    ལོ་ 15 སྔོན།

    དཀར་མཛེས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རང་སྲོག་ལ་མ་འཛེན་པར་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ལ་སྙིང་ཐེག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ནམ་ཡང་རྒྱབ་སྐྱོར་ཡོད་་་་་་་་་་་་་་་ད་དུང་མུ་མཐུན་དུ་་་་་་་་་་་་་་་་་་་་་་

    Reply
  4. གངས་རིའི་བུ says:
    ལོ་ 15 སྔོན།

    མི་རིགས་དང་རྒྱལ་ཁབ་ལ་སེམས་ཤུགས་ལྡན་པའི་རྒྱལ་བཅེས་དཔལ་བོ་དཔལ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གོང་ཁྲན་ཏང་གིས་དངུལ་གྱི་སླུ་མ་ཐུབ་པ་དང་རང་སྲོག་ཤོར་བར་འཇིགས་དྲག་མེད་པའི་བོད་རིགས་སྤུན་གྲོགས་རྣམས་ཀྱིས་རང་ས་རང་བདག་དང་རང་དབང་རང་བཙན་གྱི་ཆེད་དུ་འབད་བརྩོན་བྱས་ཀྱི་ཡོད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    འབྱུང་བཞིའི་གཏེར་གྱི་ཕྱུག་པའི་རང་ཡུལ་འདིར།
    བོད་མི་ཁོ་ནའི་རང་བདག་མ་བྱུང་བར།
    ཚེ་དང་སྲོག་གི་འགྲོ་སོང་གཏོང་དགོས་པར།
    རྒ་པོ་རྒྱལ་ཁམས་པ་ཡིས་བལྟས་ན་ཤེས།

    མེ་མདའི་འོག་ཏུ་རང་བཙན་འབོད་སྒྲ་བསྒྲགས།
    བཙན་བྱོལ་ཡུལ་དུ་བོད་གཞུང་རྩ་མེད་བཟོས།
    གནས་ལུགས་མགོ་མཇུག་ལོག་པའི་དེང་རབས་འདིས།
    ཉམ་ཆུང་ཡུལ་མིའི་ཚེ་སྲོག་རླུང་ལ་བསྐུར།

    ཁ་ནས་གཞུང་ཚིག་བརླགས་པའི་དཔོན་ངན་དང་།
    ཁོག་ན་རང་ཡུལ་བོར་བའི་མི་ངན་ཚོས།
    སྒོར་མོ་མཐོང་དུས་རང་བཙན་ཙོང་བཞིན་ཡོད།
    བཙན་བྱོལ་སྤྱི་ཚོགས་ཁ་འཐོར་གཏོང་བཞིན་ཡོད།

    བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། བོད་ཀྱི་ས་བདག་བོད་མི་ཡིན། བོད་ཀྱི་ཆུ་བོད་མི་ཡིན། བོད་ཀྱི་གཏེར་བདག་བོད་མི་ཡིན། བོད་རང་བཙན་གྱིས་ཆེད་དུ་རང་སྲོག་ཤོར་མཁན་ཚོའི་དམིགས་ཡུལ་མངོན་གྱུར་བར་ཤོག
    བོད་རྒྱལ་ལོ།།།།།། བོད་གཞུང་རྒྱལ་ལོ། བོད་ཀྱི་མང་གཙོ་རྒྱལ་ལོ།།

    Reply
  6. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    དཀར་མཛེས་ཀྱི་དཔའ་བོ་རྣམས་ལ་གུས་འདུད་དང་རྒྱབ་སྐྱོར་ཞུ།

    Reply
  7. དབྱར་ཁབ་ཀུན་བཟང། says:
    ལོ་ 15 སྔོན།

    དེང་གི་ཆ་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་མེད་དུ་བཏང་བའི་རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམས་་ལ་གདུང་སེམས་མཉམ་བསྐྱེདས་ཡོད།

    Reply
  8. གནས་ཚང་། says:
    ལོ་ 15 སྔོན།

    གདུང་སེམས་མཉམ་བསྐྱེད་གང་མང་ཡོང་བར་རེ་བ་ཡོད། ཡིན་ནའི། མང་ཚོགས་སྙིང་རྗེ། བློ་མཐུན་ཚོས་འགུལ་ལྕོག་རྒྱག་གི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese