མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་འཐབ་རྩོད།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་ནག་ལྷོ་ཕྱོགས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་བདག་དབང་ཐད་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁག་བར་འགལ་ཟླ་ཇེ་ཆེར་གྱུར་ཏེ། རྒྱལ་སྤྱིའི་མཚོ་ཁུལ་དུ་དམག་འཐབ་སྦྱོང་བརྡར་བྱེད་མགོ་བརྩམས་འདུག
 

ཕྱི་ཟླ་ ༦ པའི་ཚེས་ ༣ ཉིན་སིང་གྷ་པུར་ (Singapore)རྒྱལ་ཁབ་ཏུ་ཨེ་ཤ་ཡའི་ལྷོ་ཤར་རྒྱལ་ཁབ་ཁག་དང་། ཨ་རི། ཨུ་རུ་སུ་བཅས་ཀྱི་རྒྱལ་སྲུང་བློན་ཆེན་དག་གིས་གཙོས་པའི་གནད་ཡོད་དཔོན་རིགས་མཉམ་ཞུགས་ཐོག ཤན་བྷ་ལ་ཞེས་པའི་ཨེ་ཤ་ཡའི་མངའ་ཁུལ་གྱི་ལོ་འཁོར་དཔྱད་གླེང་ཚོགས་འདུ་ཚོགས་སྐབས། རྒྱ་ནག་ལྷོ་ཕྱོགས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་བདག་དབང་ཐད་བསྐྱར་དུ་རྩོད་གླེང་བྱུང་ཞིང་། དེའི་རྗེས་རྒྱ་གཞུང་གིས་མཚོ་ཁུལ་དེའི་བདག་དབང་ཆ་ཚང་རྒྱ་ནག་ལ་ཡོད་སྐོར་བརྗོད་དེ་མཚོ་ཁུལ་དེར་དམག་གྲུས་སིམ་འཛུལ་བྱས། སྐབས་དེར་ཨེ་ཤ་ཡའི་མཚོ་ངོགས་མཐའ་འབྲེལ་གྱི་རྒྱལ་ཁབ་མང་པོས་མཚོ་ཁུལ་དེའི་ཆ་ཤས་བདག་དབང་ཡོད་སྐོར་གྱི་རྩོད་གླེང་བྱུང་ཞིང་། ལྷག་པར་དུ་ཝེ་ཋི་ནམ་(Vietnam)།  ཧྥི་ལི་ཕིན་ (Philippines) གཙོས་པའི་རྒྱལ་ཁབ་ཁག་གིས་མཚོ་ཁུལ་བདག་དབང་ཐད་ཕན་ཚུན་ཁ་གཏད་དང་འཇིགས་སྐུལ་གྱི་རྣམ་པའི་དམག་སྦྱོང་བྱེད་མགོ་བརྩམས་ཡོད། དེ་དང་མཉམ་དུ་ཨ་རིའི་ཕྱོགས་ནས་ཀྱང་མཚོ་ཁུལ་དེའི་བདག་དབང་ཐད་རྒྱ་གཞུང་ལ་ཉེན་བརྡ་བཏང་སྟེ་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་དུ་དམག་འཐབ་གྲུ་གཟིངས་ཆེན་མོ་ཞིག་ཆེད་གཏོང་བྱས་ཡོད།   

ཕྱི་ཚེས་ ༨ ཉིན་རྒྱ་ནག་གི་མཚོ་ཐོག་དམག་གྲུ་ ༨ ཉི་ཧོང་གི་ཉེ་འདབས་ཀྱི་ཨོ་ཁེ་ན་ཝ་(Okinawa)དང་མེ་ཡ་ཁའོ་(Miyako)གླིང་ཕྲན་གཉིས་ཀྱི་བར་མཚམས་བརྒྱུད་དེ་ཞི་བདེ་རྒྱ་མཚོ་ཆེན་པོའི་མངའ་ཁུལ་དུ་བསྐྱོད་ཡོད་པ་དང་།  ཕྱི་ཚེས་ ༩ ཉིན་ཡང་བསྐྱར་དམག་གྲུ་ ༣  མཚོ་ཁུལ་དེར་ཕྱིན་ཡོད་པ་རེད། དེ་ནི་ད་ལྟའི་བར་རྒྱ་ནག་མཚོ་དམག་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་བརྒལ་ཏེ་རྒྱལ་སྤྱིའི་མཚོ་ཁུལ་དུ་བསྐྱོད་པ་ཐོག་མ་དེ་ཆགས་པར་མ་ཟད། རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་མཚོ་དམག་གིས་ཟླ་ ༦ པའི་ཟླ་དཀྱིལ་ལ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་དམག་སྦྱོང་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པར་བརྟེན། ཕྱི་ཚེས་ ༡༠ ཉིན་ཝེ་ཋི་ནམ་གྱིས་ཡོང་ཁྱབ་གསལ་བསྒྲགས་སྤེལ་ཏེ། ཕྱི་ཚེས་ ༡༣ ནས་ ༡༤ ཉིན་གཉིས་རིང་རྒྱ་ནག་ལྷོ་ཕྱོགས་རྒྱ་མཚོའི་མངའ་ཁུལ་དུ་འཕུར་མདེལ་ཚོད་ལྟའི་དམག་སྦྱོང་བྱས་ཡོད་པར་མ་ཟད།  ཕྱི་ཚེས་ ༡༡ ཉིན་ཝེ་ཋི་ནམ་ཕྱི་འབྲེལ་ལས་ཁུངས་ཀྱི་ངོས་ནས་ཨ་རི་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཚོ་ཁུལ་དེའི་བདག་དབང་གནད་དོན་ཁྲོད་མཉམ་ཞུགས་ཀྱིས་མངའ་ཁུལ་བདེ་འཇགས་ལ་རོགས་རམ་དགོས་པའི་འབོད་སྐུལ་གནང་ཡོད་ལ། ཕྱི་ཚེས་ ༡༤ ཉིན་ཧྥི་ལི་ཕིན་གནས་སྡོད་ཨ་རིའི་གཞུང་ཚབ་ཀྱིས། ཨ་རིས་ཧྥི་ལི་ཕིན་ལ་རྒྱབ་སྐོར་གྱི་ལངས་ཕྱོགས་བཟུང་སྟེ་གླིང་ཕྲན་བདག་དབང་གནད་དོན་ཐད་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་བྱ་དགོས་སྐོར་ནན་སྐུལ་བྱས་ཡོད་འདུག  

དེ་བཞིན་ཕྱི་ཚེས་ ༡༢ ཉིན་ཇོར་ཇཱི་ཝ་ཞིན་ཊོན་རྟགས་ཅན་གྱི་ཨ་རིའི་གཡུལ་འཐབ་གྲུ་གཟིངས་ཆེན་མོ་དེ་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་དུ་བསྐྱོད་མགོ་བརྩམས་མ་ཐག  རྒྱ་གཞུང་གིས་ཨ་རིའི་ཕྱོགས་ནས་ཨེ་ཤ་ཡའི་མཚོ་ཁུལ་བདག་དབང་ཐད་ཐེ་གཏོགས་མི་ཡོང་བའི་འབོད་སྐུལ་བྱས་ཡོད་པ་རེད། ཡིན་ནའང་། ཉིན་དེར་ཧྥི་ལི་ཕིན་དམག་དཔུང་གིས་ཨ་རི་དང་ཧྥི་ལི་ཕིན་མཚོ་དམག་གིས་མཉམ་འབྲེལ་ཐོག་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་མཚོ་ཁུལ་དེར་དམག་སྦྱོང་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཡོད་ལ། དེ་བཞིན་ཕྱི་ཚེས་ ༡༦ ཉིན་ཨ་རིའི་ཕྱོགས་ནས་ཀྱང་རྡུལ་མཚོན་དམག་འཐབ་གྲུ་གཟིངས་ཤིག་ཟླ་ ༦ རིང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་སྐོར་བསྐྱོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པར་མ་ཟད། ཨ་རི་དང་ཝེ་ཋི་ནམ་གཉིས་ཀྱིས་ཝ་ཞིན་ཊོན་དུ་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། བདག་དབང་རྩོད་རྙོག་ཅན་གྱི་མཚོ་ཁུལ་བདེ་འཇགས་དང་། མཚོ་ཐོག་སྐྱེལ་འདྲེན་རང་དབང་རྒྱུན་གནས་ཡོང་ཆེད།  མཚོ་ཁུལ་གྱི་གནད་དོན་མཐའ་དག་གྲོས་ཆོད་དང་ཕྱི་འབྲེལ་གྱི་ལམ་ནས་ཐག་གཅོད་བྱས་ཏེ། འཇིགས་སྐུལ་དམག་འཐབ་ལ་བརྟེན་རྒྱུ་མཚམས་འཇོག་དགོས་ཚུལ་བརྗོད་འདུག ཡིན་ནའང་།  ཕྱི་ཚེས་ ༡༧ ཉིན་རྒྱ་གཞུང་གི་དམག་འཐབ་གྲུ་གཟིངས་ ༡༤ དང་། དམག་ཐབས་གནམ་གྲུ་ ༢  གཉིས་བཅས་མཚོ་ཁུལ་དེར་ཉིན་གསུམ་རིང་གི་དམག་སྦྱོང་གི་མགོ་བརྩམས་ཡོད་པར་མ་ཟད།  རྒྱ་ནག་སྐམ་སའི་མཐའ་འདབས་མཚོ་ཁུལ་དུ་སྐམ་དམག་རུ་དཔུང་གཉིས་དང་། ཀོང་ཀྲིག་དམག་ཁུལ་གྱི་ཐད་འཕུར་དམག་གྲུ་ ༡༠ ཡིས་ཕར་རྒོལ་འགེབས་སྲུང་གི་དམག་སྦྱོང་སོགས་བྱས་པར་བརྟེན།   ཕྱི་ཚེས་ ༡༧ ཉིན་ཧྥི་ལི་ཕིན་སྲིད་འཛིན་ཨེ་ཁེ་ནའོ་ (Corazon Aquino) ལགས་ཀྱིས།  རྒྱ་གཞུང་གིས་བཙན་པོ་དབང་ཡོད་ཀྱི་ཐོག་ནས་ཧྥི་ལི་ཕིན་མངའ་ཁོངས་ལ་ཚུར་རྒོལ་བྱས་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པར་མ་ཟད།  ཨ་རི་ནས་ཐོན་སྐྱེད་བྱས་པའི་ཧྥི་ལི་ཕིན་གྱི་དམག་འཐབ་གྲུ་གཟིངས་རྙིང་པ་ཞིག་མཚོ་ཁུལ་དེར་བསྐྱོད་མགོ་བརྩམས་ཡོད་པ་གསལ་འདེབས་བྱས་འདུག  

རྒྱ་ནག་ལྷོ་ཕྱོགས་ཀྱི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་མཚོ་ཁུལ་དུ་རྡོ་སྣུམ་དང་རང་བྱུང་རླངས་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད།  རྒྱལ་སྤྱིའི་མཚོ་ཐོག་ཚོང་ཟོག་སྐྱེལ་འདྲེན་འགྲུལ་ལམ་གྱི་སུམ་ཆ་གཅིག་མཚོ་ཁུལ་དེ་བརྒྱུད་དགོས་པ་དང་། ལྷག་པར་དུ་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་གྱིས་དཀྱིལ་ཤར་ཡུལ་གྲུའི་རྡོ་སྣུམ་སྐྱེལ་འདྲེན་གྱི་བརྒྱུད་ལམ་གལ་ཆེན་ཞིག་ཀྱང་ཆགས་སྟབས། ཉིན་འདི་འགའི་ཤར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་འཐབ་རྩོད་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་དང་ཐུགས་འཁུར་ཆེན་པོ་བྱེད་ཀྱི་ཡོད། ཨ་རིའི་མཚོ་ཐོག་དམག་དཔོན་ཝུན་ཊོན་གྱིས་མཚོ་ཁུལ་རྩོད་རྙོག་གནས་སྟངས་ཐད་མ་དགའ་བའི་རྣམ་འགྱུར་བསྟན་ཡོད་པར་མ་ཟད། ཉེ་ལམ་རྒྱ་ནག་གིས་མཚོ་ཁུལ་བདག་དབང་ཐད་རྣམ་འགྱུར་སྟོན་སྟངས་དེ་ནི་འཛམ་གླིང་ཞི་བདེ་ཡི་ངོ་བོ་ལས་བརྒལ་ཡོད་པས།  འབྲེལ་ཡོད་རྒྱལ་ཁབ་ཁག་གིས་དུས་འཕྱི་བློ་འགྱོད་མི་ཡོང་བའི་ཐོག་ནས་ཕན་ཚུན་བསམ་ཤེས་དང་། མངའ་ཁུལ་རང་བཞིན་གྱི་ཛ་དྲག་གི་གནས་སྟངས་ཇེ་ཆེར་མི་འགྲོ་བའི་ཁག་ཐག་བྱ་དགོས་སྐོར་བརྗོད་འདུག 

ཡིན་ནའང་། ཨ་རིའི་ཉིང་རྡུལ་དུས་དེབ་ཀྱི་གཙོ་སྒྲིག་པ་ལིས་ཧོང་ཁའོ་ལགས་ཀྱིས།  ཉེ་སྔོན་རྒྱ་ནག་དམག་དཔུང་རྒྱལ་སྤྱིའི་མཚོ་ཁུལ་དུ་བསྐྱོད་དེ་དྲག་སྟོབས་ཀྱི་རྣམ་འགྱུར་བསྟན་པ་དེ་ནི། དེང་སྐབས་རྒྱ་ནག་ནང་ཁུལ་ཆབ་སྲིད་འགལ་བ་ཛ་དྲག་ཏུ་གྱུར་དེ་སྤྱི་ཚོགས་བདེ་འཇགས་མེད་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྟབས། རྒྱ་གཞུང་གིས་རྒྱལ་སྤྱི་རང་བཞིན་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་བཞིན་པའི་སྣང་བརྙན་བསྐྲུན་ཐབས་བྱས་ཏེ།  རྒྱ་ནག་མི་མང་ལ་མི་རིགས་རིང་ལུགས་ཀྱི་ཞེན་ཁོག་སྐུལ་སློང་བྱས་ཏེ་ནང་ཁུལ་གྱི་འགལ་བ་ཇེ་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 1

  1. རོ་ལངས། says:
    ལོ་ 15 སྔོན།

    ཨ་རི་འདི་ཇུས་གཏོགས་ཚ་བ་ལ་ཨང་།ངོ་མ་མགོ་སྟིང་ལོགས་དགོས་པའི་རྒྱལ་ཁབ་གཅིག་ཏུ་འགྱུར་བཞིན་འདུག ཞི་བདེ་ཡི་ཁ་གཡང་བར་ནས་དམག་འཁྲུག་ཁྲག་གི་འཁོར་ལོ་བསྐོར་མཁན་གྱི་ལྭ་བ་དཀར་པོ་གྱོན་གཤེད་མ་ངོ་མ་དེ་ཡིན་པར་སྣང་།  ལྟོས་དང་ད་རེས་ཀྱང་ཇུས་མེད་ཇུས་གཏོགས་བྱེད་ཐག་ཆོད་ཡིན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese