མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་མི་སྣ་དང་ཤེས་ཡོན་པའི་ནང་ཕྱོཊ་འཐེན་གྱི་བསམ་བློ་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp


བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་ཞིག་གིས་འདས་པའི་ལོ་གསུམ་རིང་བོད་ས་སྟོད་སྨད་བར་གསུམ་ལ་ཞིབ་འཇུག་བྱས་ཏེ། ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་གནས་ཚུལ་བསྡུ་སྒྲིག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག་སྙན་ཞུ་རུ་ཕུལ་ཡོད་འདུག

ཕྱི་ཚེས་ ༢༠  ཉིན་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱི་༼ཚེ་སྲོག་གི་བསྐྲུན་པའི་སྐད་ཆ་༽ཞེས་པའི་དཔེ་དེབ་བསྐྱར་དཔར་དབུ་འབྱེད་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཆེད་ཕེབས་གནང་འདུག་ལ། གཞན། བོད་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་དང་། རྩོམ་པ་པོ་ངྷི་ལྷ་ལྡན་ལགས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་བཙོན་བསྟན་པ་དར་རྒྱས་ལགས། ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་བཅས་ཀྱིས་གཏམ་བཤད་གནང་སོང་།

༼ཚེ་སྲོག་གི་བསྐྲུན་པའི་སྐད་ཆ་༽ཞེས་པའི་དཔེ་དེབ་འདི་ནི། ཕ་ཡུལ་མགོ་ལོག་ནས་ཡིན་པའི་རྩོམ་པ་པོ་དྷི་ལྷ་ལྷན་ལགས་ཀྱིས་ལོ་གསུམ་རིང་བོད་ས་སྟོད་སྨད་བར་གསུམ་དུ་ཉུལ་ཞིབ་གནང་སྟེ། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་འབྱུང་རྐྱེན་དང་བརྒྱུད་རིམ། ད་ལྟའི་གནས་སྟངས་བཅས་གསལ་བོར་བྲིས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་ ༡༦ སྟེང་ལ་སྙན་ཞུ་རུ་ཕུལ་བ་ཞིག་ཡིན་པ་དང་།  དེབ་འདི་བོད་ནང་དུ་ ༢༠༡༠ ལོར་པར་བསྐྲུན་ཐེངས་དང་པོ་དང་། ༢༠༡༡ ལོར་པར་བསྐྲུན་ཐེངས་གཉིས་པ་བཅས་གནང་རྗེས།  ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་གསུམ་འཁོར་བའི་དུས་དྲན་གྱི་སྐབས་དང་བསྟུན་ནས་སྔ་རྗེས་པར་ཐེངས་གཉིས་ཀྱི་དཔེ་དེབ་རྣམས་མཉམ་གཅིག་ཏུ་འགྲེམས་སྤེལ་བྱས་ཡོད་འདུག

མཛད་སྒོའི་ཐོག་མར་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་ནང་གི་སྤྱི་ཡོངས་གནས་སྟངས་ངོ་སྤྲོད་གནང་དོན། ཚང་མས་ཤེས་གསལ་ལྟར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་གཉན་འཕྲང་ཅན་དུ་གྱུར་ཏེ། བོད་མི་རྣམས་ཞེད་སྣང་དང་དངངས་སྐྲག་འོག་གནས་ཡོད། ལྷག་པར་དུ་ས་བྱི་ཞི་རྒོལ་གྱི་རྗེས་ནས་རྒྱ་གཞུང་གིས་བོད་པའི་རིག་གཞུང་དང་ཆོས་ལུགས། སྐད་ཡིག་ནི་ཁ་བྲལ་གྱི་གཞི་རྩར་བརྩིས་ཏེ་ ༢༠༠༨ ལོ་ནས་བཟུང་བོད་ནང་གི་རྩོམ་པ་པོ་དང་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་མཁན་མི་  ༦༠ ལྷག་འཛིན་བཟུང་བྱས་མང་ཆེ་བ་གཞོན་སྐྱེས་རེད། བོད་ནང་གི་རྩོམ་པ་པོ་དང་གཞས་པ་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ཐོབ་ཐང་བེད་སྤྱོད་གཏོང་གི་ཡོད་ཀྱང་། རྒྱ་གཞུང་གིས་ཁ་བྲལ་བར་ཉེས་འཛུགས་ཀྱིས་ཁྲིམས་ཆད་གཅོད་ཀྱི་ཡོད་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་གཞུང་རང་གི་རྩ་ཁྲིམས་ལའང་འགལ་ཡོད་པ་རེད། ཅེས་བརྗོད་སོང་།

དེ་རྗེས་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས།  དེབ་འདིའི་རྩོམ་པ་པོའི་འཚར་ལོངས་ཀྱི་བརྒྱུད་རིམ་སྐོར་ངོ་སྤྲོད་དོན། ༼ཚེ་སྲོག་གི་བསྐྲུན་པའི་སྐད་ཆ༽ཞེས་པའི་དེབ་འདིའི་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ ༡༩༨༠ ལོར་མགོ་ལོག་པདྨ་རྫོང་དུ་སྐྱེས་ཤིང་། ཁོང་ནི་ཕ་དབང་ཆེན་དང་མ་གྲོགས་པོ་གཉིས་ལ་བུ་ཕྲུག་དྲུག་ཡོད་པའི་ནང་གི་ཆུང་ཤོས་དེ་རེད། ལོ་  ༡༡ ནས་ས་གནས་སྡེ་དགོན་དུ་ཞུགས་ཏེ་སློབ་གཉེར་ཐོག་མར་གནང་མགོ་བརྩམས་ཤིང་། ལོ་ ༡༥ སྟེང་གསེར་རྟ་བླ་རུང་ལྔ་དགོན་ཏུ་ཐུན་མོང་རིག་གནས་ཐོག་སློབ་གཉེར་གནང་བ་རེད། སྐབས་དེ་འདྲ་ཞིག་ནས་མཁས་པའི་སྙན་གྲགས་རྒྱས་ཏེ་སྡེ་སྣོད་འཛིན་པའི་མཚན་ཐོབ་ཅིང་། དགོན་པའི་ནང་དཔེ་འཁྲིད་གནང་བ་རེད། རང་ལོ་ ༢༨ སྟེང་ལྷ་ས་འབྲས་སྤུངས་དགོན་པར་ཞུགས་ཏེ་གཞུང་ཆེན་ལ་སློབ་གཉེར་གནང་ཡོད་ཀྱང་རྒྱུ་རྐྱེན་སྣ་ནང་ཞིག་གིས་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་འདུག ཕྱི་ལོ་ ༢༠༠༨ ལོར་༼འགན་འཁྲིའི་འདུ་ཤེས༽ ཞེས་པའི་དེབ་དང་། དེ་རྗེས་ ༼ཚེ་སྲོག་གི་བསྐྲུནཔའི་སྐད་ཆ༽ ཞེས་པའི་དེབ་འདི་གཉིས་སྔ་རྗེས་བརྩམས་འདུག་ལ།  ཁོང་གིས་དེབ་འདི་པར་བསྐྲུན་གྱི་དམིགས་ཡུལ་གཙོ་བོ་ནི།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་ ༡༦ པའི་ཐོག་ལ་སྙན་ཞུ་རུ་ཕུལ་བ་ཞིག་རེད། ཅེས་བརྗོད་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་དཔེ་དེབ་ཀྱི་བརྗོད་གཞི་དང་འབྲེལ་བའི་ཐོག་ནས་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་སྙིང་སྟོབས་གླེང་དོན།  བོད་ནང་གི་རྩོམ་པ་པོའི་སྙིང་སྟོབས་གླེང་བ་ལ་དུས་རབས་ཀྱི་ཆ་ནས་དུམ་མཚམས་གསུམ་དུ་དབྱེ་དགོས་པར་མཐོང་། དུས་མཚམས་གསུམ་སོ་སོའི་ནང་གི་གཞིས་ལུས་སྤུན་ཟླ་ཚོའི་འཐབ་རྩོད་ཀྱི་བྱུང་རབས་འཁོད་པའམ། ཡང་ན་དུས་མཚམས་དེའི་ནང་བྱུང་བའི་རིན་ཐང་ཅན་གྱི་དཔེ་དེབ་རྣམས་དཔེ་མཚོན་ཙམ་ཞུས་ན།  དུས་མཚམས་དང་པོ།  ཕྱི་ལོ ༡༩༤༩ ནས་ ༡༩༨༧ བར་གྱི་ ༼ ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ༽དང་། ༼ཁྲག་དང་མིག་ཆུའི་རྣམ་ཐར༽  ༼ནགས་ཚང་ཞི་ལིས་སྐྱིད་སྡུག༽  སོགས་དང་།  དུས་མཚམས་གཉིས་པ།  ཕྱི་ལོ་ ༡༩༨༧ ནས་ ༢༠༠༨ བར་གྱི་ ༼ལོ་རྒྱུས་ལྷད་མེད་གཡུ་ལོའི་དངུལ་ཐིག༽དང་།   ༼བདག་གི་རེ་སྨོན༽  ༼ལྷང་འཇགས་མེད་པའི་ཧི་མ་ལ་ཡ༽ སོགས་རེད། དུས་མཚམས་གསུམ་པ།  ཕྱི་ལོ་ ༢༠༠༨ ནས་ད་བར་གྱི་ ༼༢༠༠༨ ལོའི་ཤར་དུང་རི༽ དང་། ༼བཙན་པོའི་སྙིང་སྟོབས༽  ༼གནམ་ས་གོ་འབྱེད༽  ༼ཁྲག་ཡིག༽ དེ་བཞིན་དེ་རིང་འདིར་དབུ་འབྱེད་གནང་བཞིན་པའི ༼ ཚེ་སྲོག་གི་བསྐྲུན་པའི་སྐད་ཆ ༽སོགས་ཆགས་ཡོད། དེབ་དེ་དག་ནང་དུ་གཞིས་ལུས་བོད་མི་སྤྱི་དང་ལྷག་པར་མདོ་དབུས་ཁམས་ཀྱི་འདས་སོང་སྤུན་ཟླ་ཁྲི་ཚོ་མང་པོས། ལོ་དྲུག་ཅུའི་རིང་རྒྱ་གཞུང་གི་བཙན་གནོན་འོག་ཏུ་མྱངས་པའི་དཀའ་སྡུག་དང་༧གོང་ས་མཆོག་ལ་འཆིང་བའི་བླ་ན་མེད་པའི་དད་གུས། བོད་རང་བཙན་གྱི་རེ་བའི་ཁ་ཆེམས་བཅས་གསལ་བོར་བཀོད་ཡོད་པ་རེད། དེ་རིང་སྐབས་སུ་བབ་པའི་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ལ་མཚོན་ནའང་། བོད་མི་རིགས་དང་རྒྱལ་ཁབ་ཀྱི་བདེ་དོན་ཆེད་ཚེ་སྲོག་གཏའ་མར་བཞག་སྟེ་ཡོངས་སུ་བློས་གཏོང་བྱེད་ཐུབ་མཁན་གྱི་རྒྱལ་གཅེས་པ་ཞིག་ཡིན་པ་དེ། ཁོང་གི་དཔེ་དེབ་ནང་གསལ་བོ་མཐོང་ཐུབ་ཀྱིན་འདུག ཅེས་དང་། 

ཡང་ཁོང་གིས་མུ་མཐུད་དུ་བརྗོད་དོན།  འདས་པའི་ལོ་ངོ་ ༥༠  བརྒྱུད་རིམ་ལ་ཕྱིར་མིག་ཅིག་བལྟས་ན། བོད་ནང་གི་རྩོམ་པ་པོ་དང་གཞས་པ། རི་མོ་འབྲི་མཁན་ཚང་མས་མདོ་དབུས་ཁམས་གྱི་སྤུན་ཟླ་ཚང་མ་ལས་དབང་གཅིག་ཡིན་པ་ངོ་ཤེས་པའི་ཐོག་ནས་རྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་མཉམ་དུ་སྤུངས་བཞིན་འདུག ང་རང་བཙན་བྱལ་ནང་ལོ་ ༡༤ ལ་འཚོ་བ་སྐྱེལ་བའི་ཉམས་མྱོང་ལ་གཞིགས་ན། བཙན་བྱོལ་ནང་གི་མཐོ་རིམ་མི་སྣ་དང་ཤེས་ཡོན་པའི་ནང་ཕྱོགས་འཐེན་གྱི་བསམ་བློ་ཕྲན་བུ་གནས་ཡོད་པའི་ཚོར་སྣང་བྱུང་། བོད་ནང་གི་ཤེས་ལྡན་པ་དེ་ཚོ་རྡོག་རྩ་གཅིག་སྒྲིལ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་གཅིག་དེ་རྒྱ་དམར་གྱི་དྲག་གནོན་ལ་མཉམ་རུབ་ཀྱིས་གདོང་ལེན་བྱེད་པའི་སེམས་ཤུགས་བརྟན་པ་དང་། གཉིས་ནས་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྒན་རབས་པ་ཚོའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་བག་ཆགས་བཟང་བོ་ལས་བྱུང་བ་ཞིག་རེད། བཙན་བྱོལ་ནང་དེ་འདྲ་ཡོང་ཐུབ་ཀྱི་མེད་པ་དེ་གཅིག་ནས་ཉིན་རེའི་འཚོ་བའི་ནང་དགྲ་བོའི་བཙན་གནོན་མེད་པ་དང་། གཉིས་ནས་མི་རབས་རྒན་པ་ཚོས་སྒེར་འཁོན་ཕྱོགས་འཐེན་བྱས་པའི་དབང་གིས་མི་རབས་ཕྱི་མ་དག་ཀྱང་ལོག་ལམ་དུ་འཁྲིད་པ་རེད། ད་ནི་མི་རབས་གསར་བ་ཚོས་རིག་པ་བསྒྲིམ་སྟེ་གོམ་པ་གསར་བ་རྒྱག་རྒྱུའི་དུས་ལ་བབ་ཡོད། ཅེས་བརྗོད་སོང་།  

མཇུག་མཐར་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་བརྗོད་དོན། ང་རང་བོད་མིའི་སྤྱི་ཚོགས་ནང་གི་མི་རྒན་པ་ཞིག་ཡིན་པའི་ཆ་ནས། ད་ལྟ་བོད་ཕྱི་ནང་གཉིས་སུ་ཡོད་པའི་སློབ་སྦྱོང་ཡོད་མཁན་དང་འཛམ་བུ་གླིང་གི་གནས་སྟངས་ཤེས་མཁན་ཚང་མས་ནུས་ཤུགས་གཅིག་ཏུ་སྒྲིལ་བ་ཡིན་ན། ང་ཚོར་སུ་ཞིག་གིས་ཀྱང་བརླག་འཁེལ་བ་མ་རེད་བསམ་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། འདས་པའི་ནོར་འཁྲུལ་གང་ཡོད་པ་དེ་ཡོ་བསྲང་བྱས་ཏེ་མ་འོངས་པར་བོད་ཟེར་དུས་གཅིག་ཡིན་པའི་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། ལག་པ་གཡས་པའི་བལྟས་ན་གཡོན་པས་འཁྲིད་ཀྱིན་འདུག་བསམ་པ་དང་། གཡོན་པས་བལྟས་ན་གཡས་པས་འཁྲིད་ཀྱིན་འདུག་བསམ་པའི་མགོ་སྐོར་དེའི་འོག་ཚུད་བསྡད་དེ། ད་བར་འཐུས་ཤོར་ཞེ་དྲག་ཕྱིན་པ་ཧ་གོ་བ་ཞིག་རེད། དེ་བས་ཚང་མས་གོམ་པ་མཉམ་སྤོ་གནང་དགོས་པ་གལ་ཆེན་པོ་རེད། རྒན་པ་ཚོས་རྒན་པ་ཡིན་ཟེར་ནས་ཕར་ཅིག་བསྡད། གཞོན་པ་ཚོས་གཞོན་པ་ཡིན་ཟེར་ནས་ཚུར་ཅིག་བསྡད་པ་ཡིན་ན། འགྲོ་བ་མིའི་འགྲོ་ལུགས་ཀྱི་ཆ་ནས་ཀྱང་འགྲིག་གི་ཡོད་པ་མ་རེད། མི་ཚང་ཞིག་ལ་མཚོན་ནའང་། ཕ་མ་དང་བུ་ཕྲུག བུ་ཕྲུག་གི་བུ་ཕྲུག་བཅས་ཚང་མ་མཉམ་རུབ་ཀྱི་ཐོག་ནས་རིམ་པས་ཕེབས་དགོས་པ་རེད། རྒན་པས་ཆུང་བར་བྱམས་སྐྱོང་དང་ཆུང་བས་རྒན་པར་གུས་བརྩི་གནང་སྟེ།  དེའང་འཁྲབ་སྟོན་ལྟ་བུ་མ་ཡིན་པར་ལྷག་བསམ་རྣམ་དག་གིས་རྩ་དོན་ལ་ཕན་པ་ཞིག་བྱ་རྒྱུ་དང་། ལྷག་པར་དུ་ང་ཚོ་ནི་རྒྱལ་ཁབ་བརླག་ཟིན་པའི་མི་རིགས་ཁོ་ན་ཙམ་མ་ཡིན་པར་གནའ་བོའི་རིག་གཞུང་ཕྱུག་པོ་དང་ཆོས་ལུགས་བཟང་པོ་ཡོད་བསྡད་པའི་མི་རིགས་ཤིག་ཡིན་སྟབས། འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་འཐོན་ཐུབ་པ་གནང་དགོས་པ་རེད།  ཅེས་བརྗོད་སོང་།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 3

  1. བརྩོན་རྒྱམ། says:
    ལོ་ 15 སྔོན།

    བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་སྙིང་སྟོབས་ཀྱི་ང་ཚོ་བོད་མདོ་དབུ་ཁམས་གསུམ་ཚང་མ་སད་ཡོད་པ་མ་ཡིན་ནམ་རང་སྲོག་འབེན་དུ་བཞག་ནས་རྩོམ་པ་པོ་གང་མང་ཞིག་དང་གཞས་པ་མང་པོ་ཞིག་གི་མི་རིགས་ཀྱི་སྣེ་འཁྲིད་ནས་འདི་དང་འདི་ལྟ་བུའི་ལས་འགུལ་གང་མང་ཞིག་གནང་པའི་བྱས་རྗེས་ཀྱི་ང་ཚོ་ད་སད་བཞིན་འདུག་ངོ་མ་རིན་ཐང་ཆེ་སྤྱིར་རྒྱལ་ཁབ་གང་ཞིག་ཡིན་རུང་གཙོ་བོ་ཤེས་ཡོན་པའི་སྣེ་འཁྲིད་དགོས་པ་བཞིན་རིན་ཐང་ཅད་ཀྱི་བྱས་རྗེས་བཞག་འདུག་དེ་རིང་སངས་ཉིན་ཉོན་དང་ཁམས་དཀར་མཛེས་སུ་བོད་མི་དཔའ་བོ་མང་པོ་ཞིག་གི་རང་སྲོག་བློས་བཏང་ནས་སྐད་འབོད་གནང་པ་སོགས་རིན་ཐང་ཆེན་པོ་རེད་ཁྱེད་ཚོ་བྱ་བ་ལམ་འགྲོ་ཡོང་པ་དང་རྒྱ་ནག་དམར་ཕྱོགས་དྲག་དབུང་ནས་མྱུར་ཏུ་ཐར་བའི་སྨོན་འདུན་ཞུ་བོད་རྒྱལ་ལོ་དཔའ་རྒོད་ཚོ་རྒྱལ་ལོ།

    Reply
  2. ཤིང་ལོ། says:
    ལོ་ 15 སྔོན།

    བཙན་པོ་དང་། མཁས་མཛངས་གཉིས་ལྡན་གྱི་བོད་མགོ་ནག་གི་རྒྱུད་པ་རྒྱལ་ལོ།། དུས་དང་གནས་སྐབས་ཀྱི་བྱུང་བ་གང་ཞིག་འཛམ་གླིང་གི་སྟེང་གནས་དགོས་ན། ངེས་པར་དུ་རྟོགས་པའི་ལང་ཚོ་རྒྱས་དགོས་ཤིང་། སྙིང་སྟོབས་ཀྱི་ཁོ་ལག་ཡོངས་སུ་རྫོགས་དགོས། ངྷི་ལྷ་ལྡན་ལགས་ལ་རྗེས་སུ་ཡི་རང་དང་། ཅི་བསམ་འགྲུབ་པའི་སྨོན་འདུན་ཞུ།།

    Reply
  3. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་དོན་གྲུབ་ལྷ་དར་རྣམ་གཉིས་ནས་དངོས་གནས་སྐད་ཆ་གནད་ལ་ཁེལ་བ་རེ་གསུང་འདུག་པས་
    སེམས་ཡོད་ཀྱི་བོད་མི་སྤུན་ཟླ་རྣམས་ཀྱིས་ཉམས་ལེན་བྱེད་ངེས་རེད།
    འོན་ཀྱང་འུ་ཚང་གི་གླད་རུལ་འགའ་རེས་ད་དུང་ཡང་ཤེས་བཞུན་ཏུ་
    ཞེན་ཁོག་གི་ཚེ་གཡོག་བྱེད་ངེས་རེད་འོན་ཀྱང་ཤུགས་སྐྱོན་གནང་ན་འུ་ཚང་ཡར་ཇེ་དར་རེད་ཡིན་ད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese