མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཝེ་ཝེ་ཀློད་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟའི་ཆར་
འགན་ལེན་པ་བཙལ་ཏེ་རྒྱ་གཞུང་གིས་དངོས་སུ་ཀློད་གྲོལ་གཏོང་རྒྱུར་བསྒུག་ཡོད་སྟབས། སྐད་ཆ་བཤད་བདེ་བོ་མི་འདུག་ཟེར།

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་ཀློད་གྲོལ་བཏང་ཡོད་འདུག སྐབས་དེར་གསར་འགོད་པ་མང་པོ་ཁོ་ཚང་གི་སྒོ་ཁར་འཚང་སྟེ་བཅར་འདྲི་བྱས་ཡོད་ནའང་། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་མི་འདུག  ཨེ་ཕའེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨེ་ཝེ་ཝེ་ལགས་ཁོང་གི་ཨ་མ་དང་ཆུང་མ་གཉིས་ཀྱིས་གཡས་གཡོན་ནས་སྐྱོར་ཏེ་ཁྱིམ་ལ་ཕྱིན་ཡོད་པ་དང་།  ཕྱི་ཚུལ་ལ་བལྟས་ན་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་ཚུལ་བརྗོད་འདུག ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པར་ཨེ་ཝེ་ཝེ་ལགས་ཀྱིས་འཁྱུག་ཙམ་རིང་གསར་འགོད་པ་བཅུ་གྲངས་ཤིག་ལ་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཁོས་ད་ལྟའི་བར་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་གནང་བར་བཀའ་དྲིན་ཞུས་ཡོད་པར་མ་ཟད། ད་ཆར་ཁོས་འགན་ལེན་པ་བཙལ་ཏེ་རྒྱ་གཞུང་གིས་དངོས་སུ་ཀློད་གྲོལ་གཏོང་རྒྱུར་བསྒུག་ཡོད་སྟབས།  སྐད་ཆ་བཤད་བདེ་བོ་མི་འདུག་ཅེས་བརྗོད་ཡོད་པ་རེད།     

སྒྱུ་རྩལ་བ་ཨེ་ཝེ་ཝེ་ལགས་ཕྱི་ཟླ་ ༤ ཚེས་ ༣ ཉིན་པེ་ཅིན་གནམ་ཐང་དུ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ཁྲིམས་འགལ་ཐོག་ཟླ་ ༢ ལྷག་རིང་བཀག་སྐྱིལ་བྱས་པའི་དུས་ཡུན་ནང་།  ཨ་རི་དང་ཨོ་སི་ཊོ་ལི་ཡ། དབྱིན་ཡུལ། ཧྥ་རན་སི། འཇར་མན་སོགས་གཙོས་པའི་འཛམ་གླིང་རྒྱལ་ཁབ་མང་པོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་སྐྱོན་བརྗོད་དང་། ད་ལྟའི་བར་མཚམས་མ་ཆད་པར་ཨེ་ཝེ་ཝེ་ལགས་ཀློད་གྲོལ་དགོས་པའི་གནོན་ཤུགས་སྤྲད་ཡོད་པ་རེད།  ཁོང་ཀློད་གྲོལ་མ་ཐོབ་པའི་སྔ་ཉིན་ཏེ་ཕྱི་ཚེས་ ༢༡ ཉིན་ཨོ་སི་ཊོ་ལི་ཡའི་སྒྱུ་རྩལ་བ་ ༧༠ ལྷག་གིས་ཁོང་ཀློད་གྲོལ་དགོས་པའི་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་སྤེལ་ཏེ།  ཨེ་ཝེ་ཝེ་ཀློད་གྲོལ་ཡོང་ཐབས་ཀྱི་སྙན་ཞུའི་སྟེང་འཛམ་གླིང་ས་ཕྱོགས་སོ་སོའི་མི་མང་ཁྲི་ ༡༤ ལྷག་གིས་མཚན་རྟགས་བཀོད་ཡོད་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་མ་ཟད། ཉིན་དེར་ཀློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཇེན་ཁམ་ཕོན་དང་མིང་གྲགས་ཅན་གྱི་རྩོམ་པ་པོ་ཌེ་ཝེ་ཌི་མའེ་ལོ་ཧྥུ་གཉིས་ཀྱིས་ཀྱང་སྙན་ཞུའི་སྟེང་མཚན་རྟགས་བཀོད་ཡོད་འདུག

གཞན་ཡང་། ཕྱི་ཟླ་ ༤ ཚེས་ ༣ ནས་ ༡༠ བར་ཨེ་ཝེ་ཝེ་ལགས་ཀྱི་གཟའ་ཟླ་ལུའུ་ཆིན་གྱི་མིང་ཐོག་ཏུ་ཡོད་པའི་རིག་གནས་དར་སྤེལ་ཚད་ཡོད་བཟོ་གྲྭའི་སྒྱུ་རྩལ་ཇུས་འགོད་པ་ལིག་ཀྲིན་ཀང་དང་། དངུལ་གཉེར་ཧའོ་མེན་ཧྥུན། དང་བླངས་ལས་ཞབས་པ་ཝུན་ཐའོ། བཟོ་གྲྭའི་རླངས་འཁོར་ཁ་ལོ་བ་ཀྲང་ཀུང་སུང་བཅས་སྔ་རྗེས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་ལ།  ཕྱི་ཟླ་ ༤ ཚེས་ ༡༥ ཉིན་བཟོ་གྲྭའི་ཁྲིམས་འགན་འཐུས་ཚབ་པ་ལུའུ་ཆིན་གྱིས། རྒྱ་གཞུང་ཉེན་རྟོག་པས་ཁྲིམས་འགལ་ཐོག་བཟོ་གྲྭའི་ལས་མི་དཀྱུས་མ་རྣམས་བཙན་ཁྲིད་བྱས་པ་རྣམས་གང་དུ་ཡོད་མེད་གསལ་ཁ་འདོན་དགོས་པའི་ཞུ་གཏུགས་བྱས་ཡོད་ནའང་། ད་ལྟའི་བར་ཉེན་རྟོག་པའི་ཕྱོགས་ནས་བརྡ་ལན་གང་ཡང་སྤྲད་མེད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 5

  1. buring says:
    ལོ་ 15 སྔོན།

    རྒྱ་ནག་གི་རྒྱུ་རྩལ་བ་གྲགས་ཅན་མི་ཤེས་ལྡན་པའི་ཨེ་ཝེ་ཝེ་ལགས། རྒྱ་དམར་ཀླ་ཀློའི་གདུག་རྩུབ་སྤེལ་སའི་མུན་དོང་ར་བ་ནས་ཀློད་གྲོལ་ཐོབ་དགའ་བསུ་ཞུ།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ཨེ་ཝེ་ཝེའི་བདེན་པ་ལ་རྒྱབ་སྐྱོར་དང་མཐོང་ཆེན་བྱས་པ་བཞིན་ད་ལྟའི་ཆར་མདོ་སྨད་ཀིར་ཏི་དགོན་པའི་གྲྭ་ཕུན་ཚོགས་གཙོས་པའི་འགྲོ་བ་མི་ལ་ཐོབ་ཐང་དགོས་པའི་ཁམས་དཀར་མཛེས་ཕྱོགས་ཀྱི་སྔ་རྗེས་ཀྱི་གྲྭ་བཙུན་སྐྱ་གསུམ་འགྲོ་བ་མི་ཡིན་པ་ལ་མི་འདྲ་བའི་རྒྱུ་མཚན་གཏན་ནས་མེད་པར་བརྟེན་རྒྱ་དམར་པོའི་གཞུང་གིས་ཇེ་དམ་དང་ཇེ་བརྡུང་ངམ་ཇེ་ནག་ཏུ་འགྲོ་བ་འདི་ལ་ཁོང་ཚོས་རྒྱབ་སྐྱོར་གྱི་རྒྱ་དམར་ལ་གནོན་ཤུགས་སྤྲོད་མི་ཐུབ་པ་གང་ཡིན་ནམ? སྲིན་པོའི་སྒོ་ཁར་ལ་ཡང་ཡིད་གཉིས་མེད་པའི་འབོད་སྒྲ་སྒྲོག་པ་རང་རང་གི་མངོན་འདོད་བཤད་པ་ཡོངས་རྫོགས་འགྲོ་ས་བཙོན་ཁང་དང་ལྕགས་སྒྲོག་ལས་མེད་པ་ཤེས་བཞིན་དུ་མངོན་སུམ་འཛེམས་མེད་ཀྱི་བྱ་འདི་ཚོ་ནི་རྒྱ་མཚོ་ནང་རྡོ་གཡུག་པ་ནང་བཞིན་ཉམས་ཆུང་བོད་མིའི་ལས་དབང་འདི་ལ་འགྲོ་བ་མི་ཡི་ཐོབ་ཐང་འཚོགས་པ་དེ་ཚོ་གཉིད་ལས་ནི་སད་འདུག་ཀྱང་འདི་ཚོ་ལ་ཡ་ལན་ཅུང་ཟད་ཙམ་ཞིག་མེད་པར་ད་དུང་ཡང་དེ་ཙམ་གཉིད་ལས་མ་སད་པ་མིན་ནམ། ? གང་ལྟར་བོད་ཀྱི་སྡུག་བསྔལ་འདི་སུ་ལ་བརྗོད་དགོས་ཀྱི་རེད་ངུ་ན་མཆི་མ་ཁྲག་དང་བཤད་ན་ཡོད་ཚད་ཁྲིམ་འགལ་ལས་ལམ་འགག་མེད་པ་འདི་ཆོས་ལུགས་པས་བཤད་པའི་རྣམ་སྨིན་ཞེས་པ་དེ་ཡིན་ནམ་གང་ལྟར་བདེན་དོན་ལ་ཉམས་ཞིབ་བྱ་རོག་དགོས་པའི་འབོད་བསྐུལ་ཡང་ཡང་ཞུ་གི་ཡོད།།

    Reply
  3. རོ་ལངས། says:
    ལོ་ 15 སྔོན།

    ཨེ་ཝེ་ཝེ་ཟེར་དུས་རྒྱ་མིས་འཇུ་མ་ཚར་བར་གསར་པོ་ཞིག་ཤེས་ཀྱི་མེད་མོད།དེ་རྗེས་དོ་སྣང་བྱས་པ་བརྒྱུད་རླབས་ཆེན་གྱི་སྒྱུ་རྩལ་པ་ཞིག་དང་དྲང་བདེན་སྐྱོང་བའི་མི་སྣ་གལ་ཆེན་ཞིག་ཡིན་པ་རྟོགས་པས།བློ་ཕམས་བྱུང་། ད་ལྟ་དུས་བབ་དྲ་བ་ཁ་ཕྱེས་མ་ཐག་གོང་གི་གསར་འགྱུར་འདི་མཐོང་བས་རང་དབར་མེད་པར་དེ་རིང་གསར་འགྱུར་ཡག་པོ་ཞིག་འདག་ཅེས་ཁ་ནས་ཐལ་སོང་ངོ་།།

    Reply
  4. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རྒྱ་ནག་དམར་གཞུང་གི་ཨེ་ཝེ་ཝེ་མི་ཀློད་ཐབ་མེད་ཆགས་པ་ལས་བཟོད་སྒོམ་བྱས་པ་ཞིག་མིན་པ་གསལ་བོ་རེད།  རྒྱུ་རྩལ་བ་བདུན་བཅུ་ཞིག་གི་ཁོང་ཀློད་དགོས་པའི་སྤྱར་ཡིག་བཀྲམས་པ་སོགས་ཀྱི་དབང་གི་ཁོང་ཀློད་གྲོལ་ཐོབ་ཡོད།  དེ་ནི་དྲང་བདེན་ལ་དགའ་བའི་མི་གཅིག་ཡིན་དུས་ངེས་པར་ཀློད་དགོས་པ་ཞིག་ཆགས་ཡོད་པ་རེད་འཚམས་འདྲི་ཡོད་ལ་དགའ་བསུ་ཡོད།

    Reply
  5. ཇ་མ་ says:
    ལོ་ 15 སྔོན།

    སྐུ་ཞབས་ཨེ་ལགས་ཀློད་གྲོལ་ཐོབ་པ་སྟབས་ཡག་པོ་རེད། རྗེས་ཕྱོགས་གཟབ་གཟབ་གནང་རོགས། གོ་སྐབས་ཡག་ཤོས་བྱུང་ན་ཕྱི་ལ་ཐོན་རྒྱུ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese