མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་བསྒྲཊ་གཏམ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་བོད་ཨ་མདོ་རྔ་པ་ས་ཁུལ་དང་དཀར་མཛེས་ས་ཁུལ་གྱི་ཛ་དྲག་གི་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད། གསལ་བསྒྲགས་དེའི་ནང་།
ཕྱི་ལོ་ ༢༠༠༨ ནས་བོད་ཆོལ་གསུམ་ཡོངས་སུ་ཞི་བའི་ངོ་རྒོལ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གཞུང་གིས་བོད་ནང་སྲིད་བྱུས་འཛིན་ཕྱོགས་ལ་མོས་མཐུན་རྩ་བ་ནས་མེད་པར། རྒྱལ་སྤྱིའི་ནང་བོད་མིའི་མངོན་འདོད་གསལ་སྟོན་བྱས་ཡོད་ནའང་རྒྱ་གཞུང་དབང་འཛིན་པས་སྣང་མེད་སྐྱུར་འཇོག་གིས་བོད་མིར་ཉེས་མེད་ཁག་དཀྲི་དང༌། དྲག་གནོན། རྡུང་རྡེག འཛིན་བཟུང་བཀག་བསྐྱིལ་དང༌། དྲང་བདེན་གྱི་ཁྲིམས་བཤེར་མ་བརྒྱུད་པར་བཙོན་འཇུག་དང༌། སྲོག་ཐོག་བཏང་བ་སོགས་མི་སྤྱོད་ལས་འདས་པའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་ཡོད། ཅེས་དང་།

 ཁྱར་པར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྔ་བ་ཁུལ་དུ་ཟླ་གྲངས་དུ་མར་ངོ་རྒོལ་སྐད་འབོད་བྱུང་བར་ཚབས་ཆེའི་དྲག་གནོན་དང༌།  ཉེ་བའི་ཆར་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༦ ནས་ཁམས་དཀར་མཛེས་རྫོང་དུ་གྲྭ་ཚེ་དབང་བཀྲ་ཤིས་དང༌། གྲྭ་འགྱུར་མེད་བསོད་ནམས་གཉིས་ཀྱིས་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ྋགོང་ས་མཆོག་བོད་ནང་མྱུར་དུ་གདན་ཞུ་གནང་དགོས། བོད་ལ་རང་དབང་དགོས་ཞེས་སོགས་ཞི་བའི་སྐད་འབོད་གནང་ཡོད་ལ། དུས་དེ་ནས་ད་ལྟའི་བར་ཞི་རྒོལ་མཚམས་ཆད་མེད། ད་བར་ཤེས་རྟོགས་བྱུང་བར་གཞིགས་ན་མི་གྲངས་ ༢༢ འཇུ་བཟུང་གིས་རྡུང་རྡེག་དང༌། བཙོན་འཇུག་མནར་གཅོད་གཏོང་བཞིན་པར་བོད་མི་རྣམས་སེམས་ཚབས་ཆེན་པོའི་ངང་ཁོང་རྣམ་པའི་ཚེ་སྲོག་གི་རིན་ཐང་དང༌། གཟུགས་ཁམས་འཕྲོད་བསྟེན། ཟས་གོས་གནས་མལ་བཅས་ཐད་ཇི་ལྟར་འབྱུང་གི་ཡོད་མེད་དོགས་གནས་སུ་གྱུར་ཡོད།

ཐབས་རྡུགས་འདི་རིགས་རྒྱ་གཞུང་གིས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཤུགས་དྲག་བྱ་རྒྱུ་དང༌།  དེ་བཞིན་རྒྱལ་སྤྱིའི་གཞུང་ཁག་དང༌། སྒྲིག་འཛུགས་ཁག ཚོགས་སྡེ་ཁག་བཅས་ཀྱིས་དཀར་མཛེས་ཕྱོགས་ཀྱི་བོད་མི་འཇུ་བཟུང་དང༌། བཙོན་འཇུག་བྱས་པ་དེ་དག་མྱུར་དུ་ཀློད་གྲོལ་ཡོང་ཐབས་སུ་རྒྱ་གཞུང་ལ་སྐུལ་མ་དང༌གནོན་ཤུགས། གནས་ཚུལ་རྩད་གཅོད་ཡོང་ཐབས་གནང་དགོས་པའི་གཞེན་བསྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

 

 

འབྲེལ་ཡོད་གསར་འགྱུར།

Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣

མཆན། 2

  1. ཤར་མདའ། says:
    ལོ་ 14 སྔོན།

    བོད་མི་སྤྱི་འཐུས་རྒྱུད་ལས་ཚོས་གསར་འགོད་གསར་བསྒྲགས་ཤིག་གནང་ཡོད་པ་དེ་ནི་བོད་མིའི་ངོ་འདོད་དང་མཐུན་པ་ཞིག་རེད།   ད་སྐབས་ཁམས་དཀར་མཛེས་ཁུར་དུ་བོད་མིའི་དབའ་རྒོད་གང་མང་ཞིག་གིས་རང་སྲོག་བློས་གཏོང་གི་ལས་འགུལ་འདྲ་མིན་ཞིག་བྱེད་བཞིན་པ་འདི་ནི་རིན་ཐང་མེད་པ་ཞིག་རེད་དེ་མཚུངས་ཨ་མདོ་རྔ་བའི་གནས་ཚུལ་ཡང་གཅིག་པ་འདྲ་བོ་རེད་ངོ་མ་མདོ་དབུས་ཁམས་གསུམ་ཚང་མས་བོད་མིའི་ན་ཚ་དེ་འདྲ་ན་ང་ཚོ་ལ་རེ་བ་ཆེན་པོ་ཡོད་རེད།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    སྐྱིད་ན་སྐྱིད་ཀྱི་ཇ་ཆང་འཐུང་རོགས་་བོད་རིགས་སྤུན་ཟླ་རེད།
    སྡུག་ན་སྡུག་གི་ས་མཐའ་འཁྱམས་རོགས་བོད་རིགས་སྤུན་ཟླ་རེད།

    ཤི་ན་ཤི་བོའི་རོ་བདག་རྒྱབ་རོགས་བོད་སྤུན་ཟླ་རེད།
    གསོན་ན་གསོན་གྱི་འཚོ་བ་བསྐྱེལ་རོགས་བོད་རིགས་ཟླ་རེད།

    དགའ་ན་དགའ་བའི་གླུ་དབྱངས་ལེན་རོགས་བོད་རིགས་སྤུན་ཟླ་རེད།
    སྐྱོ་ན་སྐྱོ་བའི་སེམས་གསོལ་བཏང་རོགས་བོད་རིགས་སྤུན་ཟླ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese