མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སཾ་སྐྲི་ཏའི་གནས་སྟངས་ཆགས་ཉེན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

བརྡ་དང་ཐ་སྙད་གསར་བ་རྣམས་བོད་པའི་སྐད་ཡིག་ནང་ཚུར་བླངས་ཏེ་སྣོན་པ་རྒྱག་མ་ཐུབ་པ་ཡིན་ན། ཉིན་གཅིག་བོད་པའི་སྐད་ཡིག་དེ་ད་ལྟའི་སཾ་སྐྲི་ཏའི་གནས་སྟངས་ཆགས་རྒྱུ་ཡིན་པ་མིག་མཐོང་ལག་ཟིན་རེད་ཟེར། 

དེ་རིང་སྔ་དྲོ་ཆུ་ཚོད་༡༠དང་ཕྱེད་ཀའི་སྟེང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲོག་འོག དཔེ་མཛོད་ཚོགས་ཁང་གསར་བའི་ནང་རྩོམ་སྒྱུར་ཟབ་སྦྱོང་འཛིན་གྲྭ་ཐེངས་ ༦ པའི་དབུ་འཛུགས་མཛད་སྒོ་ཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་དུ་རང་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་དང་།དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་གཉིས་གཙོས་པའི།ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་རྣམ་པ་དང་སློབ་ཕྲུག་རྣམས་བཅས་མཉམ་ཞུགས་གནང་འདུག མཛད་སྒོའི་ཐོག་སྐུ་མགྲོན་རྣམ་གཉིས་ཀྱིས་ཡིག་སྒྱུར་དང་འབྲེལ་བའི་མཛད་སྒོའི་གཏམ་བཤད་གནང་གྲུབ་རྗེས། དགེ་སློབ་ཚང་མས་སོ་སོ་ཕན་ཚུན་ངོ་སྤྲོད་གནང་སྟེ་མཛད་སྒོ་མཇུག་སྒྲིལ་སོང་། 

བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་ལོ་ལྟར་མཐོ་སློབ་ཁག་གི་སློབ་ཕྲུག་གཙོས་པའི་ཡིག་སྒྱུར་ཐད་མོས་བློ་ཡོད་རིགས་རྣམས་ལ་རྩོམ་སྒྱུར་གྱི་སྐོར་ལ་ཟབ་སྦྱོང་སྤྲོད་བཞིན་པ་ལྟར། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ད་ལོའི་རྩོམ་སྒྱུར་ཟབ་སྦྱོང་འཛིན་གྲྭ་དེ་འཚོགས་མགོ་ཚུགས་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་ཁྱོན་བསྡོམས་སློབ་ཕྲུག་ ༣༠ སླེབས་འདུག དེའི་ཁྲོད་འཛིན་རིམ་བཅོ་ལྔ་ (BA) ཐོན་པའི་མཐོ་རིམ་སློབ་མ་ ༡༥ ལ་བོད་ཀྱི་དཔེ་མཛོད་ཁང་གི་ངོས་ནས་སློབ་ཡོན་རོགས་དངུལ་ཕུལ་ཡོད་པ་དང་། དེ་འཕྲོས་ཀྱི་ས་མིག་ ༡༥ བཙན་བྱོལ་སྤྱི་ནང་གི་ལས་ཁུངས་ཁག་གི་ལས་བྱེད་དང་མི་སྒེར། དེ་བཞིན་བོད་ཡིག་སློབ་མཁན་ཕྱི་རྒྱལ་བ་བཅས་ཁག་གསུམ་ལ་ས་མིག་ ༥ རེ་ཕུལ་ཡོད་པ་རེད།  ཐེངས་འདིར་དུས་ཡུན་ཟླ་གསུམ་རིང་སློབ་ཕྲུག་རྣམས་ལ་རྩོམ་སྒྱུར་ཟབ་སྦྱོང་སྤྲོད་འཆར་ཡོད་འདུག
ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་དྲུང་ཆེ་ངག་དབང་ཡེ་ཤེས་ཀྱིས་རྩོམ་སྒྱུར་ཟབ་སྦྱོང་འཛིན་གྲྭ་འཛུགས་དགོས་པའི་དམིགས་ཡུལ་དང་འབྲེལ་ཏེ་བརྗོད་དོན། བོད་རང་བཙན་ཤོར་རྗེས་བོད་ནང་དུ་རྒྱ་གཞུང་གིས་བོད་པའི་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་སྟབས། སྐྱབས་བཅོལ་ནང་ཕེབས་མཁན་ང་ཚོ་མི་རེ་ངོ་རེར་བོད་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་གཏོང་རྒྱུའི་འོས་འགན་ཡོད་པ་རེད། བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་ཟབ་སྦྱོང་གི་ལས་རིམ་འདིའང་།བོད་ཀྱི་རིག་གནས་མི་ཉམས་རྒྱུན་འཛིན་གཏོང་བའི་ཆ་ཤས་གལ་ཆེན་པོ་གཅིག་ཆགས་བསྡད་ཡོད་པ་རེད།བོད་པའི་སྐད་ཡིག་ནང་མེད་པའི་རིག་གཞུང་མང་པོ་བོད་ཡིག་ནང་ཚུར་བསྒྱུར་བ་དང་། དེ་བཞིན། བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་གཞན་པའི་ནང་ཕར་བསྒྱུར་བ་གང་ཡིན་ཡང་། སྤུས་དག་པོ་ཞིག་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་འདུག་བསམ་ཏེ་ལོ་ལྟར་ཟབ་སྦྱོང་འདི་ཕུལ་བཞིན་ཡོད་པ་རེད། ད་ལྟའི་བར་སྔ་ཕྱིར་རྩོམ་སྒྱུར་ཟབ་སྦྱོང་འཛིན་གྲྭ་ཐེངས་ལྔ་བསྡུས་ཏེ་སློབ་ཕྲུག་༡༠༠ལྷག་ལ་ཟབ་སྦྱོང་གོ་སྐབས་ཕུལ་བ་རེད།ཟབ་སྦྱོང་ལ་ཞུགས་མཁན་སློབ་ཕྲུག་སྔོན་མ་དག་གིས་བརྗོད་པ་ལྟར་ན།ཟླ་གསུམ་རིང་ཟབ་སྦྱོང་ཕུལ་བ་འདིས་ཁོ་ཚོར་ཕན་ཐོགས་ཆེན་པོ་བྱུང་འདུག ད་ཐེངས་ཡིན་ནའང་ཟླ་གསུམ་རིང་གི་ཟབ་སྦྱོང་འདི་བརྒྱུད་ནས་རྩོམ་སྒྱུར་ཐད་སློབ་ཕྲུག་ཚང་མར་གདེང་ཚོད་གང་འཚམ་སླེབས་ཐུབ་པའི་རེ་བ་ཡོད།ཅེས་བརྗོད་སོང་།
དེ་རྗེས་སྐུ་མགྲོན་གཙོ་བོ་རང་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་སྐད་ཡིག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་སྐོར་ནས་བརྗོད་དོན།  ཁྱེད་རང་ཚོས་གཞན་པའི་སྐད་ཡིག་ནང་ཕར་བསྒྱུར་བ་དང་། བོད་ཡིག་ནང་ཚུར་བསྒྱུར་གང་གནང་བ་ཡིན་ནའང་། ཐུག་ས་གཅིག་དེ་བོད་པའི་སྐད་ཡིག་ཆགས་བསྡད་ཡོད་པ་རེད།དེར་བརྟེན།བོད་པའི་སྐད་ཡིག་དང་འབྲེལ་བའི་གཞི་རིམ་གྱི་གནད་དོན་ཁ་ཤས་ཤིག་ཞུས་ན་བསམ་སོང་།བོད་མི་རིགས་ཀྱིས་སྤོབས་པ་བྱེད་རན་ཡོད་པ་མང་པོའི་ནང་ནས་གཅིག་ནི།ང་རང་ཚོར་མི་རིགས་གཞན་སུའང་ལའང་འགྲམ་ཆུ་ལྡིང་མི་དགོས་པའི་སྐད་ཡིག་ཅིག་ཡོད་པ་དེ་རེད།སྤྱིར་འཛམ་བུ་གླིང་འདིའི་སྒང་ལ་སྐད་ཡིག་ཧ་ཅང་མང་པོ་ཡོད་སྟབས། མི་རིགས་གཞན་ཞིག་གིས་བལྟ་དུས་ང་ཚོར་སྐད་ཡིག་འདི་འདྲ་ཞིག་ཡོད་པར་ཧ་ལས་རྒྱུ་གང་ཡང་མེད་པ་ཞིག་མཐོང་སྲིད་པ་རེད།ཡིན་ནའང་།སོ་སོའི་སྐད་ཡིག་གི་ཁྱད་ཆོས་དང་ཆེ་བ་ཤེས་པ་ཡིན་ན་རང་བཞིན་གྱིས་སྤྲོ་བ་ཞིག་འཕེལ་ཡོང་གི་རེད།སྐད་ཡིག་རིག་གནས་ཐད་ཀྱི་རིགས་གཅིག་ཆེད་མཁས་པ་སུས་བལྟས་ཀྱང་། སྒྲ་གདངས་དང་བརྡ་སྤྲོད་ཀྱི་འགྲོ་སྟངས།བྱ་བྱེད་དུས་གསུམ་གྱི་དབྱེ་བ་གང་ཅིའི་ཐད་ནས། ང་ཚོའི་སྐད་ཡིག་དེ་ཕྱུག་ཤོས་ཤིག་ཆགས་བསྡད་ཡོད་པ་རེད།དེང་སྐབས་ཐ་སྙད་གསར་བ་མང་པོ་དུས་ཐོག་ཚུར་བསྒྱུར་མ་ཐུབ་པའི་དཀའ་ངལ་ཅིག་འཕྲད་བཞིན་པ་དེ་ནི།ང་རང་ཚོས་འཐུས་ཤོར་རེད་མ་གཏོགས་སྐད་ཡིག་གི་སྐྱོན་གང་ཡང་མ་རེད།ཅེས་དང་།
ཡང་ཁོང་གིས་བརྗོད་དོན། རིག་གཞུང་སྲུང་སྐྱོབ་བྱེད་དགོས་ན།སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པ་རེད།ང་ཚོ་ཤེས་རིག་ལུས་ཁུངས་ཀྱི་ངོས་ནས་རྩ་དོན་གཉིས་བཤད་ཀྱིན་ཡོད།དང་པོ།  བོད་པའི་སྐད་ཡིག་ནང་ཡོད་པའི་རིག་གཞུང་རྩ་ཆེན་པོ་རྣམས་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་དེ་རེད། གལ་སྲིད་སྐད་ཡིག་མར་ཉམས་ཆག་ཏུ་གྱུར་པ་ཡིན་ན།མི་རབས་བརྗེ་འགྲོ་དུས་སྐད་ཡིག་དེའི་ནང་ཡོད་པའི་དོན་དག་རྣམས་མགོ་ཚོས་ཀྱི་མ་རེད།དེར་བརྟེན།སྔོན་གྱི་མེས་རྣམས་པའི་དུས་ནས་འཛིན་སྐྱོང་སྤེལ་གསུམ་གནང་བའི་པོ་ཏི་སྟོང་ཕྲག་མང་པོ་ཡོད་པ་དག་ཚང་མ་རྒྱུན་འཛིན་ཡོང་ཆེད་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་རྒྱུ་གཙོ་བོ་ཆགས་ཡོད་པ་རེད།བརྗོད་བྱ་བརྗོད་བྱེད་གང་ཐད་ནས་བེད་སྤྱོད་མེད་པའི་རིགས་རང་བཞིན་གྱིས་ཡལ་འགྲོ་གི་རེད་མ་གཏོགས། གཞན་རྙིང་པ་རེད་ཟེར་ནས་གཡུག་རྐྱང་མི་བྱེད་པར་སྲུང་སྐྱོབ་བྱ་དགོས། ཡིན་ནའང་།སྔོན་མ་དེ་གཅིག་པུ་སྲུང་སྐྱོབ་བྱས་བསྡད་པ་ཡིན་ན་ཡང་འགྲིག་གི་ཡོད་པ་མ་རེད།  རྩ་དོན་གཉིས་པ་ནི། འགྱུར་འགྲོས་ཟེར་བ་དེ་སུ་གང་ལའང་དམིགས་བསལ་ཡོད་པ་མ་རེད།ཚང་མ་མཉམ་དུ་འགྲོ་དགོས་ཀྱིན་ཡོད་སྟབས།  འཛམ་བུ་གླིང་གི་སྒང་ལ་རིག་གནས་གསར་བ་མང་པོ་ཞིག་སླེབས་ཀྱིན་ཡོད་པ་རེད། དེ་དག་གི་བརྡ་དང་ཐ་སྙད་གསར་བ་རྣམས་བོད་པའི་སྐད་ཡིག་ནང་ཚུར་བླངས་ཏེ་སྣོན་པ་རྒྱག་མ་ཐུབ་པ་ཡིན་ན། ཉིན་གཅིག་བོད་པའི་སྐད་ཡིག་དེ་ད་ལྟའི་སཾ་སྐྲི་ཏའི་གནས་སྟངས་ཆགས་རྒྱུ་ཡིན་པ་མིག་མཐོང་ལག་ཟིན་རེད།བོད་པའི་སྐད་ཡིག་དེ་ག་དུས་ཡིན་ཡང་དགོས་མཁོ་དང་བེད་སྤྱོད་ཡོད་པ་ཞིག་ཏུ་གནས་ཐུབ་རྒྱུར། རྙིང་པ་མ་ཉམས་པ་དང་གསར་བ་དུས་ཐོག་སྣོན་པ་རྒྱག་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། རྗེས་མ་སློབ་ཕྲུག་ཁྱེད་རྣམ་པ་ཚོས་རྩོམ་སྒྱུར་བྱེད་སྐབས་ཀྱང་དེ་གཉིས་ཀ་མ་ཚང་བ་ཡིན་ན་ཧ་ལམ་ཁག་པོ་རེད། ཅེས་བརྗོད་སོང་།
གཞན་ཡང་། སློབ་ཕྲུག་ཁག་ཅིག་ལ་དམིགས་ཡུལ་ག་འདྲ་ཞིག་ཁུར་ནས་ཟབ་སྦྱོང་འཛིན་གྲྭ་འདིར་ཞུགས་ཀྱི་ཡོད་མེད་དྲིས་སྐབས། སི་ཕན་རྒྱལ་ཁབ་ནས་ཡིན་པའི་ཧྥ་རེན་ལགས་ཀྱིས། ངས་དེ་སྔོན་ལོ་གཉིས་རིང་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐད་སྒྱུར་སློབ་གྲྭའི་ནང་བོད་ཀྱི་བརྡ་སྤྲོད་སུམ་རྟགས་ལ་སློབ་སྦྱོང་དང་། དེ་རྗེས་ལོ་གཉིས་རིང་གཙོ་བོ་ནང་ཆོས་ཀྱི་ཕྱོགས་ལ་སློབ་གཉེར་བྱས་པ་ཡིན། ཟབ་སྦྱོང་འཛིན་གྲྭ་འདིར་སྐད་སྒྱུར་གྱི་ཕྱོགས་ནས་ཉམས་མྱོང་མང་པོ་ཡོད་པའི་དགེ་རྒན་དང་། དེ་བཞིན་སྐད་སྒྱུར་གྱི་སྐོར་ནས་སློབ་ཕྲུག་མང་པོར་བསམ་ཚུལ་བརྗེ་རེས་གྱི་གོ་སྐབས་ཡོད་སྟབས། རང་ཉིད་ལ་ཉམས་མྱོང་དང་སློབ་སྦྱོང་མང་པོ་རག་གི་རེད་བསམ་ཏེ་འཛིན་གྲྭ་འདིར་ཞུགས་པ་ཡིན། ངའི་དམིགས་ཡུལ་ནི་མ་འོངས་པར་བོད་ཡིག་ཡག་པོ་ཞིག་ཤེས་རྗེས་བོད་པའི་ནང་ཆོས་ཀྱི་སྐོར་དབྱིན་ཡིག་དང་སི་ཕན་སྐད་ཡིག་ནང་སྒྱུར་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད། ཅེས་བརྗོད་སོང་། དེ་རྗེས། དགའ་ལྡན་ཤར་རྩེ་ནས་ཡིན་པའི་གྲྭ་བྱམས་པ་བློ་བཟང་ལགས་ཀྱིས་བརྗོད་རྒྱུར། ང་ལ་མཚོན་ན་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་དམིགས་བསལ་དཔེ་མཛོད་ཁང་ལ་བཏང་སྟེ། དབྱིན་ཡིག་དང་ལྷག་པར་དབྱིན་སྐད་ནང་གི་ནང་ཆོས་ཀྱི་ཚིག་རིས་ཐོག་ལ་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། དམིགས་ཡུལ་གཙོ་བོ་ནི་ནང་ཆོས་དེ་ཕྱིའི་རྒྱལ་ཁབ་ནང་སྤེལ་བ་ལ་སྐད་ཡིག་མེད་ན་ཡོང་ཐབས་མེད་པ་ཡིན་དུས། གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་དམིགས་སུ་བཀར་ཏེ་ང་ཚོ་གྲྭ་བ་གསུམ་ལ་དབྱིན་ཡིག་སློབ་སྦྱོང་གི་གོ་སྐབས་སྤྲད་པ་རེད། འཛམ་བུ་གླིང་འདིའི་སྒང་ལ་ང་ཚོར་ངོམས་ཆོག་པ་ཞིག་ཡོད་པ་དེ་ནི་ནང་ཆོས་རེད། དེ་ལས་ལྷག་པ་གཞན་གང་ཡང་ཡོད་པ་མ་རེད། སྔོན་མ་ངའི་གྲོགས་པོ་ཁ་ཤས་ཟབ་སྦྱོང་འཛིན་གྲྭ་འདིར་ཞུགས་ཏེ་ཡར་རྒྱས་ཡག་པོ་ཕྱིན་འདུག མ་འོངས་པར་ཡང་འདི་འདྲའི་ཟབ་སྦྱོང་མང་པོ་འཛུགས་ཐུབ་རྒྱུར་རེ་བ་དང་སྨོན་ལམ་ཡོད། ཅེས་བརྗོད་སོང་། 

རྩོམ་སྒྱུར་ཟབ་སྦྱོང་འཛིན་གྲྭ་འདི་ནི་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༠༦ ནས་མགོ་འཛུགས་གནང་སྟེ་ད་ལྟའི་བར་སྔ་ཕྱིར་ཐེངས་ ༥ ལ་ཚོགས་ཡོད་པ་དང་། མཐོ་སློབ་ཁག་གི་སློབ་ཕྲུག་གཙོས་དང་གྲྭ་བ། ལས་བྱེད་སོགས་མི་གྲངས་ ༡༠༠ ལྷག་ལ་རྩོམ་སྒྱུར་གྱི་ཟབ་སྦྱོང་གོ་སྐབས་ཕུལ་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།    

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༧ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 7

  1. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    ང་ཚོས་དུས་དང་མཐུན་པར་གཏན་འབེབས་བྱས་པའི་རང་མི་རིགས་ཀྱི་བརྡ་ཆད་གསར་བ་དེ་དག་ཚིག་མཛོད་ཅིག་བཟོས་པས་གཏན་ནས་འགྲིག་ཏུ་མེད་པས། ངེས་པར་དུ་ཚིག་མཛོད་དེ་ཡང་སྤྱི་ཚོགས་ཀྱི་བཀོལ་སྤྱོད་ཁོར་ཡུག་དང་ཁ་ཐག་ཉེ་རུ་གཏོང་དགོས་པས། ཉེ་ཆར་ཤེས་རིག་ལས་ཁུངས་ནས་བཏོན་པའི་ཚིག་མཛོད་གསར་མ་དེ་དག་ཀྱང་སྤྱི་ཚོགས་སུ་རིན་མེད་དུ་འགྲེམས་སྤེལ་བྱེད་ན་ལག་ལེན་དུ་བསྟར་བའི་གོ་སྐབས་མང་པོ་ཞིག་འབྱུང་བའི་རེ་བ་ཆེ་བར་སྙམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ནི། བོད་ཆོས་ཉམས་ལེན་པ་ས་ཡ་༡༣ཡས་མས་ཡོད་པ་ཚོས། བོད་ཀྱི་སྐད་ཡིག་འདི་བཞིན་སཾ་སྐྲི་ཏའི་གནས་སྟངས་ཆགས་ཉེན་ལས་སྐྱོབས་མི་ཐུབ་པ་མེད། འོན་ཀྱང་གཟབ་གཟབ་བྱས་ནས་དཀའ་ལས་རྒྱོབས་དགོས་འདུག

    Reply
  3. ཅང་མེད། says:
    ལོ་ 15 སྔོན།

    མགོ་བོ་སྒུར་ནས་ལག་པའི་མིག་ཆུ་ཕྱིས་ན་འདོད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཀུར་འོས་ཤེས་རིག་དྲུང་ཆེན་ཀརྨ་དགེ་ལེགས་ལགས།
    ཤེས་རིག་ལས་ཁུངས་ཀྱིས་ཐ་སྙད་གསར་པའི་ཚིག་མཛོད་གཅིག་བཟོས་ཡོད་ཞེས་གསར་ལམ་ཁག་ཏུ་སྟོན་གནང་སོང་། ཡིན་ནའང་འཛམ་གླིང་རྒྱལ་ཁབ་སུམ་ཅུ་སུམ་གྲངས་ནང་དུ་ཁ་འཐོར་དུ་གནས་པའི་བོད་མི་ཚོའི་ལག་ཏུ་ག་དུས་རག་གི་རེད་དམ། དངོས་གནས་བྱས་ན་གྲྭ་བློ་བཟང་སྨོན་ལམ་གྱིས་ཚིག་མཛོད་ལྟར་ཀམ་པུང་དྲའི་རྒྱུད་ནས་བོད་མི་ཚང་མའི་བེད་སྤྱོད་གཏོང་ཐུབ་པ་ཞིག་བཟོས་ན་ག་འདྲ་ཡག་པོ།

    ངོ་མ་ཁྱེད་ཚོ་ལ་ངོ་ཚ་ཡག་མི་འདུག ཁ་ནས་རིག་གཞུང་དང་སྐད་ཡིག་ཟེར་ཞོར་ཐ་སྙད་གསར་པའི་ཚིག་མཛོད་འདྲ་ཞིག་བཟོས་ཡོད་པ་དེ་ཡང་བོད་རྒྱ་ཆེ་མི་དམངས་སུ་རིོན་མེད་ཐོག་ནས་སྤྲོད་ཀྱི་མི་འདུག ཁ་མ་ཡིན་དོན་གྱི་བོད་ཀྱི་སྐད་ཡིག་བསམ་གྱི་ཡོད་ན་་ཨ་ཁུ་སྨོན་ལམ་ལྟར་ཀམ་པུང་དྲའི་རྒྱུད་ནས་བོད་མི་ཚང་མས་བེད་སྤྱོད་གཏོང་ཐུབ་པ་ཞིག་བཟོ་རོགས།

    ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཐ་སྙད་གསར་པའི་ཚིག་མཛོད་དེ་ཙོང་བརྩི་ཡིན་པས། ཞབས་འདྲེན་རེད་ད། གྲྭ་སྨོན་ལམ་ལགས་ཀྱི་མདུན་དུ་ཡང་ངོ་ཚ་གི་མི་འདུག་གམ།

    Reply
  5. གངས་ཅན། says:
    ལོ་ 15 སྔོན།

    ཨ་མའི་བུ་དེ་ཡིས། ཁ་སྒོ་ལ་མིད་ཐག་འཕྲང་མེད་ལ། ཁ་ཚོད་མེད་ནང་གི་ཚིག་བདག་མེད་བཤད་ཀྱི་འདུག སྐུ་ངོ་འདིས་ད་ལྟ་བར་དུ་བཙན་བྱོལ་ནང་དུ་ས་སྙི་མོ་ལ་རྐང་པ་སྲ་མོ་བརྟེན་ནས་ལས་ཀ་བྱས་པ་ལ་ཡི་རང་མེད་ན། བསྙོན་འཛུགས་རྒྱུ་ནི་མ་འོས་པ་ཞིག་རེད། རང་ཉིད་ཀྱིས་ད་ལྟ་བར་དུ་སྤྱི་ཚོགས་ནང་དུ་ག་རེ་བྱས་དང་གང་ཞིག་སྒྲུབ་ཡོད་སྟོན་དང་། སྐུ་ངོས་ད་ལྟའི་དངོས་ཡོད་གནས་ཚུལ་དང་འདས་སོང་གི་ལོ་ཟླའི་ནང་ཕྱག་ལས་ཁྲོད་ཐོབ་པའི་མྱོང་བས་ལམ་སྟོན་གནང་བར་མི་དགའ་བ་ཅི་ཞིག་འདུག བཙན་བྱོལ་གྱི་སྤྱི་ཚོགས་དང་རང་ཉིད་ཀྱི་བྱས་པ་ཕྱིར་འདང་ཞིག་བརྒྱབ་སྟེ། ས་འཇམ་ས་དང་རྩྭ་ཆུ་བཟང་ས་བསྙེགས་པའི་སྐུ་ངོ་རྣམས་དང་མི་འདྲ་བ་ཤེས་ན་བཟང་། དྲིན་བྱས་དྲིན་དུ་མི་གོ་ན་དུད་འགྲོ་ལས་ཁྱད་ཅི།

    Reply
  6. ཨ་མའི་བུ། says:
    ལོ་ 15 སྔོན།

    ལེགས་བཤད་ལས། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིག་པ་ཞེས་པ་བཞིན་ལོ་མང་ཤེས་རིག་ལྷན་ཁང་གི་རྐུབ་སྟེགས་ཟིན་ཏེ་སྐད་ཆ་ཐབས་སྐྱོ་པོ་འདི་འདྲ་ཤིག་བཤད་འདུག དུས་ཡུན་རིང་པོ་འདིའི་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབས་ཆེད་དུ་ལས་ཀ་མ་བྱས་པར་ཐ་ན་བོད་མི་རིགས་ཀྱི་རིག་གཞུང་ཆེད་དུ་ལོ་མང་ཞབས་རྗེ་ཞུ་མྱོང་བའི་ལྷག་བསམ་ཅན་གྱི་བྱས་པ་ཅན་དེ་ཚོའི་རིགས་ཕྱིེར་འབུད་བཏང།
    ཉིན་གཅིག་བོད་པའི་སྐད་ཡིག་དེ་ད་ལྟའི་སཾ་སྐྲི་ཏའི་གནས་སྟངས་ཆགས་རྒྱུ་ཡིན་པ་བཟོ་མཁན་གཡུ་ཐོག་རྐམ་དགེ་ལེགས་ལ་སོགས་པའི་སེང་ལྤགས་གྱོན་པའི་ལྦ་མོའི་ཁྱེད་ཚོའི་རིགས་དེ་རེད།

    Reply
  7. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་རིག་གཞུང་ལ་དོ་སྣང་དང་ཆག་འཇིག་གི་གདོང་ལེན་ངོ་མ་དེ་བརྡ་དང་ཐ་སྙད་གསར་པ་འདི་ཚོ་གསལ་སྟོན་དང་གསར་གཏོད་གཞད་སྐད་ཀྱི་ལེགས་ཆ་རང་གི་སྐད་ཡིག་ཏུ་ཕབ་བསྒྱུར་དང་རང་གི་ལེགས་ཆ་གཞན་གྱི་སྐད་ཡིག་ཏུ་འགོད་ཐུབ་པ་ནི་ངེས་པར་དུ་དགོས་ངེས་པ་ཅན་དང་མེད་དུ་མི་རུང་བ་ཡིན་ཙང་ཟབ་སྦྱང་འདིའི་གོ་སྐབས་གནང་ཐུབ་པ་དགེ་འོས་སློབ་གྲོགས་ཚང་མ་ལ་སྙིང་ནས་རྗེས་སུ་ཡི་རང་ཡོད། ལྷག་པར་དུ་དེང་དུས་བོད་ཀྱི་དྲྭ་རྒྱ་ཁག་ལ་གཞན་པའི་རྒྱལ་ཁབ་ནང་གི་དྲྭ་རྒྱ་ནང་བཞིན་དུ་བོད་ཡིག་རང་གི་ཐོག་ནས་སྤྱི་སྒེར་ཡོངས་ཀྱི་བྱ་བ་གསལ་སྟོན་ཐུབ་པ་ཞིག་བཟོ་ཐུབ་ན་ཤིན་ཏུ་དགེ་མཚན་ཆེན་པོ་ལྡན་པས་དེ་ཚོའི་སྟེང་དུ་དགེ་སློབ་ཚང་མས་ཐུགས་ཁུར་ཟབ་བཞེས་གནང་ཐུབ་པའི་འབོད་བསྐུལ་ཡང་ཡང་ཞུ་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese