མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོས་རང་ཡུལ་ནས་ས་ཆ་དང་གོ་སྐབས་ཤོར་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༣
Share on FacebookShare on TwitterShare on EmailShare on Whatsapp


བོད་ནས་གསར་དུ་འབྱོར་མཁན་ཞིག་གིས་ཁོ་རང་གི་མཐོང་ཐོས་མྱོང་གསུམ་དང་འབྲེལ་ཏེ། དེང་སྐབས་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག རྒྱ་རིགས་མང་པོ་ཞིག་བོད་ནང་གནས་སྤོར་བྱེད་ཀྱི་ཡོད་པ་དང་། དགོན་སྡེ་མང་པོ་ཞིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ་གྲྭ་རྒྱུན་གྱིས་སྟོང་བཞིན་ཡོད་སྐོར་བརྗོད་སོང་།

བོད་ནང་གི་ད་ལྟའི་གནས་ཚུལ་སྐོར་ལ་རྒྱུས་ལོན་ཡོང་ཆེད། ཕྱི་ཚེས་ ༢༤  ཉིན་འདི་ག་གསར་འགོད་པ་དྷ་སའི་རི་འདབས་ཀྱི་བཙན་བྱོལ་བོད་མིའི་དབུས་སྣེ་ལེན་ཁང་དུ་བསྐྱོད་སྐབས། ཉེ་ཆར་བོད་ནས་གསར་དུ་སྐྱབས་བཅོལ་ལ་འབྱོར་མཁན་མི་གྲངས་ ༣༨ འདུག  ཕ་ཡུལ་རྫ་ཆུ་ཁ་ནས་ཡིན་པའི་གྲྭ་བློ་བཟང་ལགས་ནི། དེ་སྔོན་རྒྱ་གཞུང་གིས་གདན་ས་གསུམ་ནས་མདོ་སྟོད་སྨད་ཁུལ་གྱི་གྲྭ་བཙུན་ཡོངས་རྫོགས་ཕྱིར་ཕུད་བཏང་བའི་གྲས་ཀྱི་གཅིག་རེད་འདུག  ཁོང་གིས་བརྗོད་པ་ལྟར་ན། དེང་སྐབས་བོད་ནང་དུ་གྲྭ་པ་མང་པོར་སློབ་གཉེར་གྱི་གོ་སྐབས་མ་རག་པའི་དཀའ་ངལ་འཕྲད་ཡོད་པ་དང༌། དེ་བཞིན། རྒྱ་གཞུང་གིས་ལྷ་ས་ཁུལ་དུ་གནས་སྡོད་མདོ་སྟོད་སྨད་ཀྱི་བོད་མི་ཚོ་ཕྱིར་ཕུད་དང༌། ལྷ་སའི་ཡུལ་མི་རྣམས་ཀྱང་གྲོང་ཁྱེར་གྱི་མཐའ་འདབས་ལ་གནས་སྤོར་བྱེད་འཇུག་གི་ཡོད་འདུག

    གྲྭ་བློ་བཟང་ལགས་ཀྱིས་རང་ཉིད་ལ་སློབ་གཉེར་གོ་སྐབས་མ་རག་པའི་དཀའ་ངལ་སྐོར་བརྗོད་དོན།  མ་གཞི་གྲྭ་བ་ཞིག་ལ་མཚོན་ན་ཆོས་སློབ་གཉེར་བྱ་རྒྱུ་དེ་ལས་འགན་གཙོ་བོ་ཆགས་ཡོད་པ་རེད།  ཡིན་ནའང༌།   སོ་སོའི་ཕ་ཡུལ་དུ་ཆོས་སློབ་གཉེར་བྱ་སའི་དགོན་སྡེ་བཤད་གྲྭ་ཆེན་པོ་མེད་པ་དང༌།  ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་གདན་ས་གསུམ་གཙོས་དགོན་སྡེ་བཤད་གྲྭ་ཆེ་ཁག་ནང་ཕྱོགས་མཐའ་ནས་ཡོང་བའི་གྲྭ་བཙུན་སློབ་གཉེར་བ་ཉར་མི་ཆོག་པའི་བཀག་རྒྱ་བཟོས་ཡོད་སྟབས། འདས་པའི་ལོ་ ༤ ཙམ་གྱི་རིང་སློབ་གཉེར་གྱི་གོ་སྐབས་མ་རག་པར་ཁྱིམ་དུ་སྡོད་དགོས་བྱུང་སོང༌། དཀའ་ངལ་འདི་ང་གཅིག་པུ་ཙམ་ལ་འཕྲད་པ་ཞིག་མ་ཡིན་པར། ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་གདན་ས་ཁག་ནས་ཕྱིར་ཕུད་བཏང་བའི་མདོ་སྟོད་སྨད་ཀྱི་གྲྭ་བཙུན་སློབ་གཉེར་བ་ཕལ་ཆེ་བར་གཅིག་མཚུངས་ཡིན། ཞེས་བརྗོད་སོང༌།

 

བོད་མི་རྒྱ་མིའི་བྲན་གཡོག་རེད།

 

ཁོང་གིས་མུ་མཐུད་བོད་མི་ཚོ་རྒྱ་མིའི་བྲན་གཡོག་ཏུ་འགྱུར་བཞིན་པའི་སྐོར་བརྗོད་རྒྱུར། ཉེ་སྔོན་རྒྱ་ནག་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་གཞུང་གིས་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་གཞི་ལྟར། རྒྱ་ནག་ལེའོ་ཉིན་ཞིང་ཆེན་གྱིས་ཁ་གཏད་རོགས་དངུལ་རྒྱ་སྒོར་དུང་ཕྱིར་ ༢།༡ གི་འགྲོ་གྲོན་བཏང་སྟེ། མ་འོངས་པའི་ལོ་གསུམ་ནང་ནག་ཆུ་རྫོང་དུ་སྡོད་ཁང་ཐོག་བརྩེགས་ཅན་ ༡༢༠༠ བརྒྱབ་སྟེ། ལེའོ་ཉིན་འཛུགས་སྐྲུན་ས་ཁུལ་ཞེས་པ་ཞིག་གསར་འཛུགས་བྱ་འཆར་ཡོད་འདུག རྒྱ་གཞུང་གིས་ལས་གཞི་དེ་དག་ནི་བོད་མི་ཚོར་རོགས་སྐྱོར་བྱས་པ་ཞིག་ཡིན་ཚུལ་བརྗོད་ཀྱིན་ཡོད་མོད། དོན་དངོས་ཐོག་ནག་ཆུ་ས་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ་རྒྱ་མི་མང་པོ་གནས་སྤོར་དང༌། ཞིང་འབྲོག་ཁུལ་གྱི་བོད་རིགས་རྣམས་རྒྱ་རིགས་ཁྲོད་མཉམ་བསྲེས་བྱས་ཏེ་བོད་མིའི་རིག་གནས་ཀྱི་ངོ་བོ་རྩ་མེད་བཟོ་ཆེད་ཡིན་འདུག  གྲྭ་བློ་བཟང་ལགས་ཉེ་སྔོན་ནག་ཆུ་ས་ཁུལ་དུ་ཞོར་ལས་ལ་ཕྱིན་སྐབས་ས་གནས་ས་ཐོག་ནས་མཐོང་ཐོས་ལྟར་ན། ད་སྐབས་ནག་ཆུ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་མང་པོ་བྱེད་བཞིན་ཡོད་པ་དང༌། ལས་གཞི་དེ་དག་གི་མགོ་དཔོན་ཚང་མ་རྒྱ་རིགས་རྐྱང་པ་ཡིན་པར་མ་ཟད། ཁོ་ཚོའི་ལག་འོག་ཏུ་ལས་ཀ་པ་རྣམས་ལའང་རྒྱ་བོད་མི་རིགས་ཀྱི་དབྱེ་བ་བཀར་ཏེ། རྒྱ་རིགས་རྣམས་ལ་ས་ཐིག་རྒྱག་པ་དང་དངོས་པོ་ཆུང་ངུ་ཡར་སྐྱེལ་མར་ལེན་གྱི་ལས་ཀ་ཙག་ཙིག་རིགས་བཀོད་སྒྲིག་དང༌། བོད་མི་རྣམས་ལ་ས་རྐོ་རྡོ་སློག་དང༌། དངོས་པོ་ལྕི་མོའི་རིགས་སྐྱེལ་འདྲེན་བྱེད་པར་ལས་བགོ་བྱེད་ཀྱིན་པར་མ་ཟད། ལས་ཕོགས་སྤྲོད་སྐབས་རྒྱ་རིགས་ཚོར་ཉིན་རེར་རྒྱ་སྒོར་ ༡༦༠ དང༌། བོད་མི་ཚོར་སྐྱེས་པ་རེར་རྒྱ་སྒོར་ ༨༠ དང་བུད་མེད་རེར་རྒྱ་སྒོར་ ༦༠ མ་གཏོགས་སྤྲོད་ཀྱིན་མེད་པ་རེད། གྲྭ་བློ་བཟང་ལགས་ཀྱིས་སྐབས་དེའི་དངོས་མཐོང་གནས་ཚུལ་ཞིག་དཔེར་མཚོན་དུ་དྲངས་དོན། ཉིན་ཞིག་བོད་མི་རྒད་པོ་ལོ་བདུན་ཅུར་ཉེ་བ་ཞིག་གིས་དངོས་པོ་ལྕི་མོ་དོ་བོ་གསུམ་སྐྱེལ་འདྲེན་བྱས་པའི་གླ་ཆར་རྒྱ་སྒོར་ ༡ མ་གཏོགས་སྤྲད་མ་སོང་ལ། ད་དུང་རྒད་པོའི་ཐོག་ལ་རྣམ་འགྱུར་ངན་པ་དང་མཐོང་ཆུང་གི་སྐད་ཆའང་བཤད་སོང༌། ད་སྐབས་བོད་མི་རྣམས་རང་གི་ས་ཐོག་ནས་རྒྱ་མིའི་བྲན་གཡོག་ཏུ་གྱུར་འདུག  ཅེས་བརྗོད་སོང༌།

 

བོད་མི་རང་ས་ནས་ཕྱིར་ཕུད།  

 

གྲྭ་བློ་བཟང་ལགས་ཀྱིས་ལྷ་ས་བརྒྱུད་རྒྱ་གར་དུ་བྲོས་བྱོལ་ཡོང་སྐབས།  ལྷ་ས་གྲོང་ཁྱེར་གྱི་བོད་མིའི་གནས་སྟངས་རིགས་ཤེས་རྟོགས་བྱུང་དོན་ལྟར་ན།  དེང་སྐབས་ལྷ་ས་ཁུལ་དུ་དམག་མིས་དམ་དྲག་ཤུགས་ཆེན་པོ་བྱས་ཏེ་ཇོ་ཁང་གི་མཆོད་མཇལ་དུས་ཡུན་ཡང་ཇེ་ཐུང་དུ་བཏང་ཡོད་པ་དང༌། ཕོ་བྲང་པོ་ཏ་ལའི་ནང་དུའང་མཆོད་མཇལ་བྱ་སའི་ལྷ་ཁང་རེ་གཉིས་ཤིག་མ་གཏོགས་གཞན་ཕལ་ཆེ་བ་སྒོ་བརྒྱབ་ཡོད་འདུག ད་སྐབས་བོད་མི་ཚོ་ཕོ་བྲང་པོ་ཏ་ལར་མཆོད་མཇལ་དུ་བསྐྱོད་སྐབས་འཛིན་བྱང་ཉོ་དགོས་པར་མ་ཟད། རྒྱ་ནག་ཉེན་རྟོག་པས་མདོ་སྟོད་སྨད་ཀྱི་བོད་མི་རྣམས་ལྷ་སའི་ཁུལ་ནས་ཕྱིར་ཕུད་གཏོང་ཆེད། དུས་རྒྱུན་ཁ་གཡར་ས་སྣ་ཚོགས་བཙལ་ཏེ་སུན་གཙེར་དང་ཆད་པ་སོགས་བཅད་དེ་འདུག་མི་བདེ་བ་བཟོ་བཞིན་ཡོད་འདུག  གྲྭ་བློ་བཟང་ལགས་ཀྱིས་རང་གིས་ལྷ་སར་དངོས་སུ་མཐོང་བའི་གནས་ཚུལ་ཞིག་བརྗོད་དོན། ཉིན་ཞིག་རྒྱ་ནག་ཉེན་རྟོག་པས་མདོ་སྨད་ནས་ཡིན་པའི་གཞོན་སྐྱེས་ཤིག་སྲང་ལམ་དུ་བཀག་སྟེ་ཞིབ་བཤེར་བྱེད་སྐབས། གཞོན་སྐྱེས་དེར་ལྷ་སར་བསྡད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ཚང་ཡོད་ནའང༌། ཁ་གཡར་ས་སྣ་ཚོགས་བཙལ་མཐར་ལག་ཁྱེར་ཁ་པར་ནང་གི་བོད་གཞས་ཤིག་ལ་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་འདོགས་བྱས་ཏེ་རྒྱ་སྒོར་ ༥༠༠ ཆད་པ་བཅད་སོང་ཟེར། དེ་བཞིན་ལྷ་ས་ཁུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་རྣམས་ལ་གྲོང་ཁྱེར་མཐའ་འདབས་ནས་ཁང་ས་ཉིས་ལྡབ་སྤྲོད་རྒྱུ་ཡིན་སྐོར་བརྗོད་ནས། ཇོ་ཁང་དང་ར་མོ་ཆེ་སོགས་ལྷ་ས་གྲོང་དབུས་ཀྱི་བོད་མི་འདུས་སྡོད་ཁང་ཁྱིམ་རྣམས་རྒྱ་གཞུང་ལ་བཙོང་དུ་བཅུག་སྟེ། བོད་མི་རྣམས་ལྷ་ས་གྲོང་ཁྱེར་གྱི་མཐའ་འདབས་ས་ཁུལ་དུ་གནས་སྤོར་དུ་འཇུག་གིན་འདུག་ཟེར། 

 

སྒྲུབ་གནས་སྟོང་བར་ལུས་འདུག

 

གྲོང་ཁྱེར་ལྷ་སའི་ཉེ་འདབས་སྟག་རྩེ་རྫོང་ཁོངས་སུ་ཡོད་པའི་བྲག་གཡེར་པ་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང༌། གནས་དེར་སློབ་དཔོན་པདྨ་འབྱུང་གནས་དང༌། ཇོ་བོ་རྗེ་ཨ་ཏི་ཤའི་གཙོས་པའི་དམ་པ་མང་པོ་བཞུགས་མྱོང་བ་མ་ཟད། སྐུ་གསུང་ཐུགས་རྟེན་མང་པོ་ཡོད་པའི་ནང་པའི་སྒྲུབ་གནས་རྩ་ཆེན་ཞིག་ཆགས་ཡོད།  བྲག་ཡེར་བ་དགོན་པའི་ནང་དེ་སྔོན་གྲྭ་བ་  ༡༠༠ ཡོད་འདུག  ཡིན་ནའང༌། ཉེ་སྔོན་གྲྭ་བློ་བཟང་ལགས་སྒྲུབ་གནས་དེར་མཆོད་མཇལ་དུ་ཕྱིན་སྐབས་མཐོང་ཐོས་བྱུང་བ་ལྟར་ན། ལྷ་ཁང་རེའི་ནང་གད་དར་བྱེད་མཁན་གྲྭ་བ་རེ་རེ་མ་གཏོགས་ཧ་ལམ་མཐོང་རྒྱུ་མེད་པའི་གནས་སྟངས་ཆགས་ཡོད་འདུག  གྲྭ་བློ་བཟང་ལགས་ཀྱིས་བརྗོད་པ་ལྟར་ན། ཁོ་རང་བྲག་གཡེར་བར་གནས་མཇལ་སྐབས་དགོན་པའི་ཉེ་འཁྲིས་སུ་སྒྲུབ་སྦྱོང་བྱེད་བཞིན་པའི་གྲྭ་རྒན་པ་ཞིག་དང་གླེང་མོལ་བྱུང་སྐབས། དབུ་སྐྲ་དཀར་པོར་གྱུར་ཡོད་པའི་གྲྭ་རྒན་པ་དེས་མིག་ལ་མཆི་མ་འཁོར་བཞིན། ད་སྐབས་དགོན་པའི་ནང་ཆོས་ཉམས་ལེན་བྱེད་མཁན་གྱི་གྲྭ་བ་རྣམ་དག་ཚང་མ་རྒྱ་གཞུང་གིས་བཙན་གྱིས་ཕྱིར་ཕུད་རྗེས། དེའི་ཤུལ་དུ་སྡོམ་ཁྲིམས་དང་སྤྱོད་པ་མི་གཙང་པའི་གྲྭ་ ༣༠ ཙམ་བཞག་ཡོད་པ་དང༌། ད་ལྟ་དགོན་པའི་ཆོ་ག་ཕྱག་ལེན་ཡོད་ཚད་ཉམས་ཏེ་ཤུལ་མེད་དུ་གྱུར་ཡོད་སྐོར་བརྗོད་བྱུང་ཟེར།   

 

ཕྱི་ལོ་ ༢༠༠༨ ལོར་བོད་ས་སྟོད་སྨད་བར་གསུམ་དུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས། རྒྱ་གཞུང་གིས་བོད་ཁུལ་ཡོངས་ལ་སྔར་བས་དྲག་གནོན་བྱེད་བཞིན་པར་མ་ཟད། བོད་ལ་རོགས་སྐྱོར་ཆེད་ཡོང་བ་ཡིན་པར་ཁ་གཡར་ཏེ་རྒྱ་རིགས་མང་པོ་བོད་ནང་གནས་སྤོར་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༤ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 1

  1. འཇམ་བཟང་། says:
    ལོ་ 15 སྔོན།

    བཙན་བྱོལ་བ་ཚོ། ད་ང་ཚོའི་ཕྱི་ཕྱོགས་ནས། གམ་བགྲོད་དང་། མར་མེ་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་སོགས་བྱེད་པའི་དུས་དེ་རྫོགས་བའི་དུས་ལ་སླེབས་སོང་།
    ད་ང་ཚོ་ཡར་ལངས། ང་ཚོ་རང་ཡུལ་དུ་ལོག་འགྲོ། སུ་ཞིག་གིས་བཀག་ན་ཡང་། རྡོ་དང་། དབྱུག་པ། གྲི་དང་། མེ་མདའ་གང་གི་རྒྱབ་ན་ཡང་། ཕ་ཟད་བུ་ལ་ཐུག། བུ་ཟད་མ་ལ་ཐུག་ཀྱང་རུང་། ང་ཚོ་སོ་སོའི་རང་ཡུལ་དུ་ལོག། ད་དུང་གཞུང་འབེྲལ་མ་ཡིན་པའི་ཚོགས་པ་ཚོ། ཁྱེད་ཚོའི་ནམ་རྒྱུན་གསར་འགོད་གསལ་བསྒྲགས་རྫུབ་པོ་གང་འདྲ་ཞིག་སྤེལ་གི་ཡོད། བོད་མི་ས་ཡ་དྲུག་གི་ཆེད་དུ་ཡིན་ཚུལ་བརྗོད་ཀྱི་ཨེ་ཡོད། ད་ཁྱེད་ཚོ་དངོས་གནས་བོད་མི་ས་ཡ་དྲུག་གི་ཆེད་དུ་ཡིན་ན། རང་ཡུལ་ལ་འགྲོ་བསྐྱོད་ཀྱི་མགོ་འཛུགས་བྱས་དང་། ང་ཚོ་ཡང་སླེབས་གི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese