མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཞིག་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གཞོན་སྐྱེས་རྩོམ་པ་པོ་པདྨ་རིན་ཆེན་ལགས་འཛིན་བཟུང་གཅར་རྡུང་བྱས་ཏེ་སྨན་ཁང་དུ་བསྐྱལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༥ཉིན་རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་རྫོང་གི་གཞོན་སྐྱེས་རྩོམ་པ་པོ་པདྨ་རིན་ཆེན་ནམ། སྨྱུག་མིང་ལ་དུག་ཚེར་འབོད་པ་ཁོང་བྲག་མགོ་མི་མང་བདེ་འཇགས་ལས་ཁུངས་ཀྱིས་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ས་གནས་སྨན་ཁང་དུ་བསྐྱལ་ཡོད་འདུགདེ་ནི།ཁོང་གིས་འདི་ལོའི་ལོ་མགོར་༼ལྟོས༽ཞེས་པའི་དཔེ་དེབ་ཅིག་བརྩམས་པའི་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས།ཞི་རྒོལ་གྱི་སྐབས་སུ་རྒྱ་ནག་གི་མནར་སྤྱོད་མྱངས་པའི་བོད་མི་ཁག་ཅིག་ལ་དྲི་བ་དྲིས་ལན་བྱས་ཏེ་གནས་ཚུལ་བཀོད་པ་དང་། ད་དུང་ཁོང་གི་དེབ་དེའི་ནང་ཁམས་སྐྱེ་རྒུ་མདོའི་གོད་ཆག་ཐད་རྒྱ་ནག་གི་ཁ་ཞེ་གཉིས་མེད་ཀྱི་རོགས་སྐྱོར་བྱས་མེད་པ་དེར་སྐྱོན་བརྗོད་ཀྱང་བྱས་ཡོད་སྟབས།དཀར་མཛེས་རྫོང་བྲག་མགོ་མི་མང་བདེ་འཇགས་ལས་ཁུངས་ཀྱིས་ཁོང་ལ་མི་རིགས་འཁོན་དཀྲུག་བཟོ་མཁན་གྱི་ཉེས་མིང་འོག་འཛིན་བཟུང་གཅར་རྡུང་བྱས་ཏེ་སྨན་ཁང་ཞིག་ཏུ་བསྐྱལ་དགོས་བྱུང་འདུག།    ཁོང་གི་དཔེ་དེབ་གྲངས་ ༢༠༠༠ ཙམ་བོད་ནང་འགྲེམས་སྤེལ་བྱས་ཡོད་འདུག

གསར་འགོད་པ། དོན་གོ།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༡ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 9

  1. རྩ་ཐང་། says:
    ལོ་ 15 སྔོན།

    ཨ་ཁ། ད་ཡིན་ན་ག་དུས་ཡིན་རུང་ང་ཚོའི་གཞོན་སྐྱེས་ཤེས་ཡོན་ཅན་མི་རིགས་ཀྱི་ལ་རྒྱ་ཆེ་བ་རྣམས་དེ་ལྟར་འཕྲོ་བརླགས་འགྲོ་ན་ཤིན་ཏུ་ནས་ཕངས་པོ་རེད་ད། ད་དངོས་གནས་གཅིག་བྱེད་རན་ཐག་ཆོད་མིན་འདུག་གས

    Reply
  2. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    ད་ལྟ་ང་ཚོའི་སྨྱུག་ཐོགས་པ་དག་མུན་པར་ལྷུང་བཞིན་པའི་སྐབས་ཤིག་རེད། འདི་ཡང་ངེས་པར་དུ་དྲ་ལམ་གྱི་ལས་འགུལ་ཙམ་ཞིག་ཡིན་ནའང་སྤེལ་རན་རེད་སྙམ།

    Reply
  3. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཡང་ངའི་སྤུན་ཟླ་ཞིག་རྒྱ་འདྲེས་རྨས་འདུག རྨས་ནས་སྨན་ཁང་དུ་བསྙལ་འདུག འོན་ཀྱང་ཁོང་གི་ཆོད་སེམས་དང་རྒྱལ་ཞེན། རང་ཚུགས་དང་བློས་གཏོང་སོགས་ནམ་ཡང་འགྱེལ་མི་སྲིད། ཁྱོད་དང་ང་ཚོ་རྒྱལ་གྱུར་ཅིག །

    Reply
  4. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    ཡ་ཡ་རྒྱ་དམར་པའི་རྩོམ་པ་པོ་ལ་ལག་སྡུག་གཅིག་བཏབ་སྤྱི་འཐུས་ཚོགས་གཙོས་ཁ་སྡུག་གཅིག་བཏབ་ད་ནི་ཚར་སོ་་་་་་་་་་་་་་་་་་་་་

    Reply
  5. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 15 སྔོན།

    སྙིང་རྗེ།
    ད་ཡང་ཀླ་ཀློ་ཚོར་མེད་ཚོས་ངའི་ཨ་ཇོ་ཞིག་བཙོན་ལ་བཅུག་འདུག་པས་སེམས་པ་སྐྱོ་བ་ལ།
    ཨ་ཇོ་ལགས། ཁྱེད་ཀྱི་ཆེད་དུ་ངས་ཁ་འདོན་བྱེད་ཆོག

    Reply
  6. ཤིང་ལོ། says:
    ལོ་ 15 སྔོན།

    མཁས་པའི་རི་མོ་ལ་རྒྱའི་གདོང་ལ་བྲིས།།
    བཙུན་པའི་མེ་ཏོག་རང་གི་རིགས་ལ་བྱིན།།
    བཟང་བོའི་ངང་རྒྱུད་གངས་ལྗོངས་ཡུལ་དུ་བསྲིངས།།
    བདེན་དོན་རིག་པའི་བུ་ཆུང་རྒྱལ་གྱུར་ཅིག།

    Reply
  7. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རྩོམ་པ་པོ་པདྨ་རིན་ཆེན་ལགས་ཀྱི་ཤེས་ཡོན་དང་བསམ་བློའི་གནས་ཚད་སོགས་ངོ་མ་རླབས་ཆེན་ཞིག་ཡིན་པ་བརྗོད་མ་དགོས་པ་ཞིག་རེད།    ད་སྐབས་ཁོང་བཙོན་ཁང་དུ་ལྩགས་སྒྲོག་གི་བཅུག་ནས་གཅར་རྡུང་བཟོད་མི་ཐུབ་པ་ཞིག་ཡོད་པ་ཤེས་གསལ་བཞིན།   ཁྱེད་བཙོན་ཁང་དུ་འགྲོ་བ་འདི་བོད་མི་རིགས་ཀྱི་ཆེད་དུ་ཡིན་པ་ལས་རང་གི་ཁ་ལྟོ་གི་ཆེད་དུ་མིན་པ་རེད་ངོ་མ་རླབས་ཆེན་རེད་ཁྱེད་ཀྱི་བོད་མི་རིགས་ཀྱི་ཆེད་རྩོམ་ཡིག་འདྲ་མིན་ཞིག་བྲིས་འདུག་པ་ཡི་རང་བསྔགས་བརྗོད་དང་ཁྱེད་མྱུར་དུ་བཙོན་ལས་ཐར་བའི་སྨོན་འདུན་ཡོད་ཁྱེད་ཀྱི་ད་ལྟའི་གནས་བབ་ལ་གདུང་སེམས་མཉམ་སྐྱེད་དང་ད་དུང་ཁྱེད་ལྟ་བུ་རྩོམ་པ་པོ་གང་མང་ཞིག་མྱུར་དུ་བཙོན་ལས་ཐར་བའི་སྨོན་འདུག་ཞུ།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་ཁ་ཁ་་་ཡང་བོད་རིགས་སྤུན་གྲོགས་ཤེས་ཡོན་ཅན་ཞིག་གི་གཅར་རྡུང་རག་ཡོས་ས་རེད། གསར་འགོད་པ་་་་་དོན་གོ་ལགས། ཁམས་དཀར་འཛེས་ཁུལ་ལ་རྒྱུས་མངའ་མེད་པར་འདྲ། ཀྲུང་གོ་དམར་ཕྱོགས་པས་མིང་བཏགས་པ་གཞིར་བཟུང་གི་བཤད་ན་དཀར་འཛེས་དྲིག་ཟེར་གི་རེད། བྲག་འགོ་རྫོང་ཟེར་གི་རེད། སྤྱིའི་ཆ་ནས་ཏྲེ་ཧོར་ཁམས་པའི་ལུང་པ་འདིར་རྒྱ་ཆེ་པོ་རེད།

    དཀར་མཛེས་རྫོང་བྲག་འགོ་མི་དམངས་བདེ་འཇགས་ལས་ཁུངས་ཟེར་བ་ཞིག་ཡོད་མ་རེད། དཀར་མཛེས་དྲིག་བྲག་འགོ་རྫོང་མི་དམངས་བདེ་འཇགས་ལས་ཁུངས་ཡིན་གྱི་རེད་འདོད། ནོར་བཅོས་ཙམ་ཞུས་པ་ཡིན།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཁོང་ལ་རྒྱུས་ཡོད་པ་ཞིག་གིས་ཁོང་གི་ལོ་རྒྱུས་དང་ཐེངས་འདིའི་འཛིན་སྟངས་སོགས་འདིར་གསལ་བཤད་ཅིག་གནང་རོགས། ཁོང་གི་བརྩམས་ཆོས་དེབ་དེ་རྒྱ་གར་ལ་འབྱོར་ཡོད་དམ།
    རྩོམ་པ་པོ་ལ་ལྕགས་སྒྲོགས་བརྒྱབ་ཀྱང་རྩོམ་ཡིག་དང་བསམ་བློ་འཆིང་མི་ནུས། བྱས་པ་ལ་ཡི་རང་བསྔགས་བརྗོད་དང་གནས་བབ་ལ་གདུང་སེམས་མཉམ་སྐྱེད་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese