མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་ཡུལ་བཞག་སྟེ་གནས་ངེས་མེད་དུ་འགྲོ་རྒྱུར་སེམས་འཚབ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp


“ལོ་འགའི་རྗེས་ནས། ང་ཚོས་གཅན་ཚའི་རྨ་འགྲམ་གྱི་ས་ཆ་ཡག་ཤོས་དེ་བཞག་སྟེ། ནཱ་གོར་མོའི་བན་ཆེན་ཞིང་བདེ་ཟེར་བའི་མི་མེད་ལུང་སྟོང་གི་ས་ཁུལ་དེར་འགྲོ་དགོས་པ་རེད།” ཟེར།

ངྷ་སར་གནས་སྡོད་སྐུ་ཞབས་རིན་ཆེན་དོན་གྲུབ་ལགས་ཀྱིས། ཉེ་ཆར་ཕ་ཡུལ་ལ་ཁ་པར་བཏང་སྟེ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལོ་ཤས་གོང་ནས་རྒྱ་གཞུང་གིས་གཅན་ཚ་རྫོང་དང་ཐག་མི་རིང་བའི་སར་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཞིག་སྤེལ་རྒྱུར་ཁ་གཡར་ཏེ། རྨ་ཆུའི་ཉེ་འདབས་སུ་ཡོད་པའི་བོད་རིགས་ཁྱིམ་ཚང་ ༥༠༠ ཙམ་བཙན་ཚུགས་ཀྱིས་རྫོང་དེའི་ “ཤ་བཟང་ཐང་ ” ཟེར་བའི་ལུང་ཁུག་ཅིག་ཏུ་གནས་སྤོར་བྱེད་དུ་བཅུག་ཡོད་པར་མ་ཟད། མ་འོངས་པའི་ལྔའི་ནང་རྫོང་དེའི་སྣང་རའི་གྲོང་བརྒྱད་གཙོས་པའི་བོད་རིགས་གྲོང་སྡེ་བདུན་གྱི་ཁྱིམ་ཚང་ ༣༠༠ ལྷག་བསྐྱར་དུ་ནཱ་གོར་མོའི་མཐའ་མཚམས་ས་ཁུལ་ཞིག་ཏུ་གནས་སྤོ་བྱེད་དུ་འཇུག་རྒྱུ་ཡིན་འདུག  

ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ པའི་སྟེང་། ཕ་ཡུལ་མདོ་སྨད་གཙན་ཚ་ནས་ཡིན་ཞིང་། ད་ལྟ་ངྷ་སར་གནས་སྡོད་བྱེད་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྐུ་ཞབས་རིན་ཆེན་དོན་གྲུབ་ལགས་ཀྱིས། ཉེ་ཆར་བོིད་ལ་ཁ་པར་བཏང་སྟེ་གནས་ཚུལ་ཤེས་རྟོགས་བྱུང་བ་རྣམས་འདི་ག་གསར་ཁང་ལ་ངོ་སྤྲོད་བྱས་པ་ལྟར་ན། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཆུ་མཛོད་གསར་ཁང་གི་ལས་གཞི་འདྲ་མིན་སྤེལ་བཞིན་པ་དེས། བོད་རིགས་མང་ཚོགས་ཀྱི་དཔལ་འབྱོར་དང་འཚོ་བའི་གནས་སྟངས་ཐོག་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། ལྷག་པར་དུ། རྒྱ་གཞུང་གིས་ལོ་ཤས་གོང་ནས་མཚོ་སྔོན་གཙན་ཚ་རྫོང་གི་ཉེ་འདབས་སུ་ཡོད་པའི་ “ ཤ་བོ་འགག་ ” ཏུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཆེན་པོ་ཞིག་སྤེལ་བའི་རྐྱེན་གྱིས། རྨ་ཆུའི་ཉེ་འགྲམ་དུ་གཞིས་ཆགས་པའི་གཅན་ཚའི་བོད་རིགས་ཞིང་པའི་གྲོང་སྡེ་བདུན་ཙམ་གྱི་ཁྱིམ་ཚང་ ༥༠༠ ཙམ། རྫོང་མཐའ་མཚམས་ཀྱི་ཤ་བཟང་ཐང་ཟེར་བའི་ལུང་ཁུག་ཅིག་ཏུ་གནས་སྤོར་བྱེད་དུ་བཅུག་ཡོད་ལ། མ་འོངས་པའི་ལོ་འགའི་ནང་ད་དུང་ཁྱིམ་ཚང་ ༣༠༠ ལྷག་ནཱ་གོར་མོའི་མཐའ་མཚམས་ས་ཁུལ་གྱི་དམག་སྒར་ཞིག་ཏུ་གནས་སྤོ་བྱ་དགོས་ཀྱི་ཡོད་པ་རེད། ས་ཞིང་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་བཞིན་པའི་གཙན་ཚའི་མི་དམངས་ལ་མཚོན་ན། ས་ཞིང་ནི་འཚོ་བའི་རྟེན་གཞི་གལ་ཆེན་ཞིག་དང་རྒྱུ་ནོར་ཡོངས་ཁུངས་གཙོ་བོ་ཞིག་ཆགས་ཡོད་སྟབས། འདི་ལྟར་ཁྱིམ་ཚང་མང་པོ་ཞིག་དུས་གཅིག་ལ་མི་འདོད་བཞིན་ས་གནས་གཞན་ལ་གནས་སྤོར་དུ་བཅུག་པ་འདིས། ས་གནས་མང་ཚོགས་ཀྱི་སེམས་ལ་རང་བཞིན་གྱིས་དངངས་སྐྲག་ཅིག་བསླེབ་ཡོང་གི་ཡོད་འདུག  

སྐུ་ཞབས་རིན་ཆེན་དོན་གྲུབ་ལགས་ཀྱིས། གཅན་ཚ་ས་ཁུལ་གྱི་གནམ་གཤིས་དྲོད་གྲང་སྙོམ་པོའི་ཡིན་པའི་ཆེ་བ་བརྗོད་བཞིན་རྒྱ་ནག་སྲིད་བྱུས་ཀྱི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་བ་ལྟར་ན། “རྒྱ་གཞུང་གིས་ཤ་བོ་འགག་ཆུ་མཛོད་གསར་རྒྱག་ལ་ཁ་གཡར་ཏེ། ༢༠༠༦ ལོར་རྨ་ཆུའི་ཉེ་འགྲམ་དུ་ཡོད་པའི་མགུར་དང་འབར་རྩ། རྟ་ར་ཁ། སོ་རྡེའུ། སྣང་ར་ཞང་ཁོངས་ཀྱི་གྲོང་སྡེ་ཁག་བཞིའི་བོད་རིགས་ཁྱིམ་ཚང་ ༥༠༠ ལྷག་མཚོ་དྲུག་ཞང་ཁོངས་ཀྱི་ཤ་བཟང་ཐང་དུ་གནས་སྤོར་བྱེད་དུ་བཅུག་པ་རེད། ས་ཆ་དེར་ས་དོང་དང་བྱེ་རྡོ་མང་བ། འཐུང་ཆུ་དཀོན་པ། ཞིང་ཁར་ལོ་ཏོག་མི་སྨིོན་པ་བཅས་ཀྱིས་བོད་མི་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་འདུག” ཅེས་དང་།

བོད་མི་གནས་སྤོ་བྱས་པའི་སྲིད་བྱུས་དེའི་ཐོག་ནས་གཙན་ཚ་ས་ཁུལ་དུ་ལྐོག་ཟ་རུལ་སུངས་གི་གནས་སྟངས་དང་འབྲེལ་ནས་བོད་རིགས་ཁྱིམ་ཚང་ནང་ཁུལ་ལ་རྩོད་རྙོག་ཆེ་རུ་འགྲོ་བཞིན་པའི་ཐད་ལ། “ ང་ཚོ་གནས་སྤོ་བྱེད་མཁན་ཁྱིམ་ཚང་རེར་ཆ་སྙོམས་ས་ཞིང་མུའུ་ ༥ རེ་ཡོད་ནའང་། རྒྱ་ནག་མགོ་ཁྲིད་ཚོས་ལྐོག་ཟ་བྱས་ཏེ་ས་རིན་ཕྱེད་ཀ་ལས་སྤྲོད་ཀྱི་མེད་པ་དང་། ཡང་གྲོང་སྡེ་ཁ་ཤས་སུ་ཁྱིམ་ཚང་ཚང་མ་གནས་སྤོ་བྱེད་དགོས་མིན་གྱི་གནས་སྟངས་ཐོག་གཞུང་གི་ལས་བྱེད་ཚོས་ལས་ཀ་ཏག་ཏག་མ་བྱས་སྟབས། སྡེ་མི་ཚོས་ང་ཚོ་སྤོར་རྒྱུ་མིན། ཁོང་ཚོ་སྤོར་རྒྱུ་མིན་ཟེར་ནས་ཁྱིམ་མཚེས་བར་དཀའ་ངལ་འཕྲད་ཀྱི་འདུག་ ” བརྗོད་བྱུང་།

མ་འོངས་པའི་ལོ་ཤས་ནང་གཅན་ཚ་རྫོང་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་མར་ཁུ་ཐང་དང་འབར་རྩ། མགུར། དེ་མིན་སྣང་རའི་གྲོང་བརྒྱད་ཁོངས་ཀྱི་གྲོང་སྡེ་ཁག་བདུན་གྱི་བོད་རིགས་ཁྱིམ་ཚང་རྣམས་ནཱ་གོར་མོའི་ཕྱོགས་སུ་གནས་སྤོ་བྱ་དགོས་ཀྱི་འདུག་ལ། རིན་ཆེན་ལགས་ཀྱིས་རྒྱ་གཞུང་གིས་གཅན་ཚའི་བོད་རིགས་རྣམས་ས་ཆ་ཁུག་ཀྱོག་ཅིག་ལ་བཙན་གྱིས་རྒྱུ་མ་ཕུད་འདེད་བྱས་པ་དེ། ས་གཤིས་ལེགས་པའི་གཅན་ཚའི་ཡུལ་དེར་རྒྱ་མི་མང་པོ་གནས་སྤོར་བྱ་རྒྱུའི་ངན་བྱུས་ཡོད་སྐོར་སོགས་བརྗོད་བཞིན། “ལོ་འགའི་རྗེས་ནས། ང་ཚོས་གཅན་ཚའི་རྨ་འགྲམ་གྱི་ས་ཆ་ཡག་ཤོས་དེ་བཞག་སྟེ། ནཱ་གོར་མོའི་བན་ཆེན་ཞིང་བདེ་ཟེར་བའི་མི་མེད་ལུང་སྟོང་གི་ས་ཁུལ་དེར་འགྲོ་དགོས་པ་རེད། ས་ཁུལ་དེར་སྔོན་ཆད་རྒྱ་ནག་དམག་མི་བསྡད་མྱོིང་ཡོད་སྟབས། ས་ཞིང་མུའུ་ ༢༠༠༠ ཙམ་ས་སྒང་ལ་བསྐྱུར་བཞག་ཡོད་པ་རེད། ད་ལྟ་གཅན་ཚའི་མི་དམངས་ཀྱིས་ཕ་ཡུལ་བཞག་སྟེ་གནས་ངེས་མེད་དུ་འགྲོ་རྒྱུར་སེམས་འཚབ་བྱེད་ཀྱི་འདུག” ཅེས་བརྗོད་སོང་།

གཅན་ཚ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་རྫོང་ཞིག་ཡིན་ཞིང་། རྫོང་དེར་ཁྱོན་མི་འབོར་མི་ལྔ་ཁྲི་ལྷག་ཡོད་པའི་ནང་བོད་རིགས་ ༣༠༠༠༠ ལྷག་ཡོད་ཅིང་། མི་རིགས་གཙོ་བོ་བོད་དང་རྒྱ་རིགས། ཁ་ཆེ། ཟ་ལེར་བཅས་ཡིན་ལ། ས་བབ་དམའ་ཤོས་མཚོ་ངོས་ནས་རྨིད་ ༢༠༠༠ དང་མཐོ་ཤོས་ ༤༠༠༠ ཙམ་རེད། མི་མང་གི་འཚོ་བ་གཙོ་བོ་ཞིང་ལས་དང་ཚོང་ལས་བཅས་ཡིན་འདུག  

གསར་འགོད་པ། དཔལ་ལྡན།



འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. གནས་ཚང་། says:
    ལོ་ 15 སྔོན།

    བོད་ས་འཛིན་དུ་བོད་མི་འགྲོ་དགོས་ཐུག་པར་སེམས་འཚབ་མེད། ཡིན་ནའི། བོད་ས་གཞན་སར་མཐོང་མཁན་ཚོར་ནམ་ཡང་ལམ་ཁ་གཞན་མེད་ཅེས་གྲོགས་པོ་ཤིག་གིས་གསུངས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese