མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་ཀློག་དེབ་ཆ་ཚང་རྒྱལ་གཅེས་རིང་ལུཊ་སྐོར་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་སློབ་འབྲིང་ཁག་ཏུ་བོད་སྐྱོར་རྒྱ་རིགས་ལས་བྱེད་ཟེར་བའི་བྱིས་པ་མངགས་གཏོང་བྱས་ཏེ། ས་གནས་བོད་མིའི་བྱིས་པར་སློབ་འཇུག་དང་ལས་ཀའི་གོ་སྐབས་ཤོར་བཞིན་ཡོད་པ་མ་ཟད། སློབ་འབྲིང་ཁག་གི་ཀློག་དེབ་ཆ་ཚང་རྒྱལ་གཅེས་རིང་ལུགས་སྐོར་ཡིན་འདུག   

འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཡོངས་སུ་ཞི་དྲག་གཉིས་ཐོག་ནས་བོད་སྐད་བོད་ཡིག་རྩ་མེད་གཏོང་བའི་སྲིད་བྱུས་རབ་དང་རིམ་པ་ལག་བསྟར་བྱས་ཡོད་ལ། ལྷག་པར་དུ་ ༢༠༠༢ ལོ་ཡས་མས་ནས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཡོད་པའི་སློབ་འབྲིང་ཁག་ཏུ་བོད་ཡིག་ལས་གཞན་པའི་སློབ་ཚན་ཆ་ཚང་རྒྱ་ཡིག་ཐོག་སློབ་ཁྲིད་བྱས་ཏེ། བོད་སྐད་ཡིག་བེད་མེད་ཀྱི་གནས་སུ་བསྐྱལ་ཡོད་པ་འདུག་ལ། སློབ་འབྲིང་ཁག་ཏུ་བོད་སྐྱོར་ལས་བྱེད་ཟེར་བའི་བྱིས་པ་དག་དང་། ཕ་མ་གཉིས་ཀྱི་གང་རུང་རྒྱ་རིགས་ཡིན་པའི་ལས་བྱེད་དག་གི་བྱིས་པ་མངགས་གཏོང་བྱེད་བཞིན་ཡོད་འདུག ལས་གནས་བསྐོ་བཞག་གི་སྐབས་སུའང་སློབ་ཆེན་མཐར་ཕྱིན་པའི་བོད་པའི་སློབ་མ་ཚོར་སྦྱངས་འབྲས་བཟང་མིན་ལ་མ་ལྟོས་པར་གྲོང་གསེབ་ཁུལ་དུ་གཏོང་བ་སོགས་བྱས་ཏེ། བོད་རིགས་སློབ་མ་ཚོར་སློབ་ཞུགས་དང་ལས་གནས་བསྐོ་བཞག་གང་ཐད་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག

གནས་ཚུལ་འདིའི་སྐོར་ལ་ད་ལྟའི་བར་ལྷ་ས་སློབ་འབྲིང་ལྔ་བའི་ནང་སློབ་སྦྱོང་བྱས་ཤིང་། ཉེ་ཆར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད་པའི་བསོད་ནམས་ལྷ་མོ་ལགས་ཀྱིས་བརྗོད་པ་ལྟར་ན། བོད་སྐྱོར་ལས་བྱེད་ཟེར་བའི་ཕ་མ་དག་གི་བྱིས་པ་སློབ་མར་བསྡུ་བ་དང་བོད་ཡིག་ལས་གཞན་པའི་སློབ་ཚན་ཆ་ཚང་རྒྱ་ཡིག་ནང་འཁྲིད་ཀྱི་ཡོད་པ་དེ་ ༢༠༠༢ ལོ་ཙམ་ནས་བོད་རང་སྐྱོང་ལྗོངས་ཀྱི་སློབ་འབྲིང་ཆ་ཚང་ལ་ལག་བསྟར་བྱས་ཡོད་འདུག དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གི་ཁྱབ་རྒྱ་ཆེ་རུ་གཏོང་ཆེད་དང་། ལོ་རེར་བོད་རང་སྐྱོང་ལྗོངས་ཀྱི་སློབ་མ་སྟོང་ཕྲག་འགའ་རྒྱ་ནག་པེ་ཅིན་དང་ཧྲང་ཧེ། ཀོང་ཏུང།  ཁྲོན་ཆེན། སི་ཁྲོན། ཨན་ཧེ་སོགས་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོད་ལྗོངས་སློབ་འབྲིང་ཁག་ཏུ་འགྲོ་སྐབས། སློབ་མ་ཚོ་རྒྱ་ཡིག་གི་ཐོག་ནས་རྗེས་ཆོད་ཀྱི་མེད་ཚུལ་བཤད་དེ་ལག་བསྟར་བྱས་པ་ཞིག་ཡིན་འདུག གནས་སྟངས་དེ་དག་གི་དབང་གིས། སློབ་གྲྭའི་ལས་འགུལ་ཁག་ཆ་ཚང་རྒྱ་ཡིག་གི་ལམ་ནས་སྤེལ་གྱི་ཡོད་པར་མ་ཟད། བོད་རིགས་སློབ་མར་དམིགས་པའི་བོད་སྐད་ཡིག་གི་ཀློག་དེབ་ནང་དོན་ཆ་ཚང་ཡང་རྒྱ་ཡིག་ལས་བསྒྱུར་བའི་རྒྱལ་གཅེས་རིང་ལུགས་སྐོར་ཁོ་ན་ལས། སུམ་རྟག་དག་གསུམ་དང་སྙན་ངག་སོགས་བོད་པའི་སྐད་ཡིག་རིག་གནས་ཀྱི་སློབ་དེབ་མཐོང་དཀོན་པའི་གནས་སྟངས་ཆགས་ཡོད་འདུག  

 

སྔོན་མ་ལྷ་ས་སློབ་འབྲིང་ལྔ་བའི་ནང་། གྲོང་གསེབ་ནས་ཡོང་བའི་སློབ་མ་ཚོས་བོད་ཡིག་ཐོག་དོ་སྣང་དང་དགའ་མོས་བྱེད་ཀྱི་ཡོད་ཀྱང་། སློབ་གྲྭའི་ཁོར་ཡུག་ནང་རྒྱ་སྐད་སྤྱི་སྐད་དུ་གྱུར་བ་དང་རྒྱ་ཡིག་གི་ཁྱབ་རྒྱ་ཆེ་བ། དགེ་སློབ་གཉིས་ཀས་ཚད་ལྡན་གྱི་རྒྱ་སྐད་མ་སྤྱད་ཚེ། སློབ་གྲྭའི་སྒྲིག་གཞི་དང་འགལ་བའི་རིགས་མང་པོ་ཡོད་པ་སོགས་ལ་བརྟེན་ཏེ། རིམ་གྱིས་བོད་སྐད་ཡིག་གི་ཁོར་ཡུག་མེད་པ་ཆགས་པ་དང་། ལྷག་པར་དུ་བོད་ཡིག་ཀློག་དེབ་མང་ཆེ་བ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་ཡིན་སྟབས། སློབ་མ་ཚོར་རིམ་གྱིས་བོད་ཡིག་ལ་དོ་སྣང་དང་དགའ་མོས་མེད་པའི་སྣང་ཚུལ་བྱུང་གི་ཡོད་འདུག ཕྱོགས་གཞན་ཞིག་ནས་སྔོན་མ་བོད་རང་སྐྱོང་ལྗོངས་ཀྱི་བོད་རིགས་སློབ་མ་ཚོར་སློབ་ཆེན་གྱི་ཡིག་རྒྱུགས་སྐབས་དམིགས་བསལ་སྐར་མ་ ༤༠ ཙམ་གྱི་ཁ་སྣོན་བྱེད་ཀྱི་ཡོད་ཀྱང་།  ཕྱིས་སུ་བོད་སྐྱོར་ལས་བྱེད་ཟེར་བ་དེ་དག་གིས་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་ཡོད་པའི་ཁོང་ཚོའི་བྱིས་པར་ལྷ་སའི་མི་སེར་གྱི་ཐེམ་ཐོའི་ཐོག་ཡིག་རྒྱུགས་སྤྲོད་དུ་བཅུག་སྟེ། མཐོ་སློབ་ཡག་ཤོས་དང་ལས་གནས་ཡག་ཤོས་བསྐོ་བཞག་བྱས་སྟབས། བོད་རིགས་སློབ་མ་ཚོས་རྒྱ་ཡིག་མ་ཤེས་ཚེ་མཐོ་སློབ་ཏུ་སྐྱོད་པ་དང་ལས་ཀ་འཚོལ་རྒྱུ་བཅས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་འདུག་ལ། མཐོ་སློབ་མཐར་ཕྱིན་པའི་སློབ་མ་ཁ་ཤས་ཀྱིས་པོ་ཏཱ་ལ་དང་ར་མོ་ཆེ། གཙུག་ལག་ཁང་གཡས་གཡོན་དུ་གཏན་འཇགས་མིན་པའི་བདེ་སྲུང་དམག་མིའི་ལས་ཀར་ཞུགས་ཏེ། ནམ་རྒྱུན་བོད་པ་ཚོས་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་རིགས་སྤེལ་གྱི་ཡོད་མེད་དང་། བོད་དོན་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྒྲོག་བྱེད་མིན་སོགས་ལ་ལྟ་རྟོག་གི་ལས་ཀ་བྱས་ཏེ་རྒྱ་གཞུང་གི་རྒྱུག་ཁྱི་ལྟ་བུར་གྱུར་ཡོད་འདུག  

ལྷ་ས་སློབ་འབྲིང་ལྔ་བ་ནི། ལྷ་ས་གྲོང་ཁྱེར་གྱི་ཉིང་རི་ལམ་དུ་ཡོད་པའི་དམའ་འབྲིང་དང་མཐོང་གཉིས་ཀ་ཡོད་པའི་སློབ་གྲྭ་ཞིག་ཡིན་ཞིང་། འདས་པའི་དུས་སུ་སློབ་གྲྭ་འདིར་ལྷ་སའི་ཉེ་ཁུལ་གྱི་ཉིང་རི་དང་ཚེ་གུང་ཐང་། ཐོ་སྡེ། ལྟག་རྩེ་བཅས་ཤང་བཞི་ཡི་སློབ་མ་ལས་མེད་ཀྱང་། ཕྱིས་སུ་གཞིས་ཀ་རྩེ་དང་འདམ་གཞུང་། ནག་ཆུ་བཅས་ནས་ཀྱང་རྒྱ་རིགས་བོད་སྐྱོར་ལས་བྱེད་པའི་བྱིས་པ་བསྡུ་རུབ་བྱས་ཡོད་འདུག  

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. ཇ་མ་ says:
    ལོ་ 15 སྔོན།

    དེང་སང་ལྷ་ས་གྲོང་ཁྱེར་ནང་སྤོ་ལགས་མོ་ལགས་ཚོས་རྒྱ་སྐད་མ་འདྲིས་པའི་བོད་སྐད་ཚང་མ་གསུང་མི་ཤེས་པས་ལྷ་སའི་གཞོན་སྐྱེས་ཚོར་ཁག་ག་ལ་ཡོད། བོད་རང་སྐྱོང་ལྗོངས་མངའ་འོག་ཏུ་བོད་སྐད་བོད་ཡིག་རྒྱ་མིའི་མེད་པར་མ་བཟོས་གོང་བོད་མི་རང་གིས་བོད་ཡིག་བོད་སྐད་བེད་སྤྱོད་གཏོང་གི་མེད་དུས་བོད་ཀྱི་སློབ་འབྲིང་ཚོར་བོད་ཡིག་མ་བསླབ་ཅིང་སྐྱོན་མེད།
    བོད་ཡིག་འདི་བོད་རང་སྐྱོང་ལྗོངས་ནང་དུ་སྔ་ན་འཕྱིས་འཆི་རྒྱུ་ཉག་གཅིག་རེད།

    Reply
  2. གྲགས་བསོད་ says:
    ལོ་ 15 སྔོན།

    རང་སྐྱོང་ལྗོངས་ཀྱི་སློབ་མ་དེ་དག་ལ་མི་རིགས་ལ་ཞེན་པའི་ལ་རྒྱལ་དང་སྐད་ཡིག་ལ་དུངས་བའི་བརྩེ་་སེམས་རེ་ཡོད་ན་ མཚོ་སྔོན་ཁུལ་དུ་ལོ་སྔོན་མ་སློབ་མ་ཚོས་ལས་འགུལ་གང་སྤེལ་སོང།

    Reply
  3. ས་འཛིན་དཀར་པོ། says:
    ལོ་ 15 སྔོན།

    གཞན་གྱིས་གཉའ་གནོན་ཅི་བྱས་ཀྱང་། །རང་མདོག་མི་དོར་དམ་བཅའ་དགོས། །སྐད་རིགས་སྣ་ཚོགས་ཐབས་སྟོན་ཀྱང་། །ཕ་སྐད་མི་དོར་བརྩེ་སེམས་དགོས། །དམར་པོའི་རྒྱ་གྲམ་མཐའ་བསྐོར་ཀྱང་། །ཕ་ཡིག་བྲག་རི་ལྟར་གཏན་དགོས། །

    Reply
  4. གཡག་རྒན། says:
    ལོ་ 15 སྔོན།

    རྒྱ་ནག་ལ་ངོ་དགའ་ནམ་ཡང་མི་བྱེད་ཁོ་དག་ཡིན།།
    བོད་རིགས་ལ་ངོ་ལོག་ནམ་ཡང་མི་བྱེད་ངོ་མ་ཡིན།།
    ཕུ་ནུ་ལ་ནང་དམེ་ནམ་ཡང་མི་བྱེད་བདེན་པ་ཡིན།།
    སྐད་རིགས་ཐོས་ཤོར་ནམ་ཡང་མི་བྱེད་དྲང་གཏམ་ཡིན།།
    ང་ཚོ་བོད་པ་ཚོར་སེམས་ཞིག་ཡོད་ན་བོད་ཀྱི་སྐད་རིགས་སློབ་སྦྱོང་བྱེད་མི་ཐུབ་པའི་གནད་དོན་གང་ལ་ཐུག་ཡོད་མེད་ངོས་གསར་བོར་ཟིན་དགོས།

    Reply
  5. ཉི་མ། says:
    ལོ་ 15 སྔོན།

    མཚོ་སྔོན་འོག་ཏུ་སྔར་ལོ་ཕྱི་ཟླ་གསུམ་པ་ནས་བོད་སྐད་ཡིག་ལས་གཞན་རྒྱ་ཡིག་ཐོག་གཏན་འབེབས་བྱ་རྒྱུའི་སྲིད་བྱུས་ཤིག་གྲགས་པ་རེད། སྐབས་དེར་བོད་རིགས་སློབ་ཕྲུག་ཚོའི་འབོད་སྒྲ་ཞིག་གོ་ཐོས་བྱུང་། བོད་རང་སྐྱོང་ལྗོངས་འོག་གི་སློབ་གྲྭ་ཡོངས་སྔོན་མ་ནས་བོད་ཀྱི་སྐད་ཡིག་གཅིག་པུ་ལས་སློབ་ཚན་གཞན་ཡོངས་རྫོགས་རྒྱ་ཡིག་རྒྱ་སྐད་ཡིན་རབས་གོ་སོང་། སི་ཁྲོན་དང་། ཀན་སུའུ་འོག་གི་གནས་སྟངས་གང་འདྲ་ཡིན་པ་གོ་ཨེ་བྱུང་།
    རྒྱུས་མངའ་ཡོད་མཁན་ཚོས་འདིར་བསམ་ཚུལ་རེ་འགོད་རོགས།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བོད་པ་ཡིན་ནས་བཟུང་བོད་ཡིག་ནི་ངེས་པར་དུ་དགོས་ལ། དུས་དང་མཚམས་པར་རྒྱ་ཡིག་མ་ཤེས་ན་དེ་བས་མི་འགྲིགས་པས། འདི་སྙད་དུ་མི་གཙུག་པར་སློབ་མ་རྣམས་ཀྱི་ངོས་ནས་ངེས་པར་དུ་རིག་པ་ཧུར་ཕྱུང་དགོས་པ་ནི་གནད་ཀྱི་དམ་པ་ཡིན་པར་འདོད། དེ་འདྲ་མ་བྱུང་ནས་རྒྱ་མི་ལ་སྙད་གཙུག་པ་གཅིག་པོས་ཕན་པ་ལས་གནོད་པའི་བྱ་བ་མང་བར་འབྱུང་གི་འདུག་སྙམས།

    Reply
  7. དྲག་རླུངས། says:
    ལོ་ 15 སྔོན།

    རྒྱ་ནག་སྡུག་པོ་ཡིན་པ་ཀུན་གྱིས་ཤེས།།
    བོད་ཡིག་རྩི་མཐོང་མེད་པ་རང་གིས་ལན།།
    རྒྱ་མིས་མགོ་སྐྱོར་བཏང་བ་ཀུན་གྱིས་ཤེས།།
    རང་དོན་རང་གཅེས་མེད་པ་རང་གིས་སྐྱོན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese