མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རྣམ་པ་སྲུང་སྐྱོབ་ཀྱི་ལས་གཞི་ཁག་ཅིག་༧གོང་ས་མཆོག་ལ་སྦྱན་འབུལ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་ཧྥ་རན་སིའི་གྲོང་འཁྱེར་བཅུ་གསུམ་གྱི་སྤྱི་ཁྱབ་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་གྲོང་འཁྱེར་སྤྱི་ཁྱབ་དེ་དག་གིས་བོད་ནང་གི་གྲོང་དང་གྲོང་ཁྱེར་ ༣༢༠ ཙམ་ནང་བོད་ཀྱི་གདོད་མིའི་རྣམ་པ་སྲུང་སྐྱོབ་ཐད་ལས་གཞི་ཁག་ཅིག་སྦྱན་འབུལ་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་བཟུང་༧སྤྱི་ནོར་༧གོང་ས་ཆེན་པོ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལྔའི་ནང་ཆིབས་བསྒྱུར་གྱིས་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༡༢ ཉིན་སུད་སུའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཧྥ་རན་སིའི་ཤར་ཕྱོགས་མོན་སྰ་ལེ་ཧྥུའི་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དེ་གར་ནང་བའི་བསྟི་གནས་བཤད་སྒྲུབ་ཆོས་འཁོར་གླིང་གི་འཛུགས་བསྐྲུན་ལེགས་གྲུབ་བྱུང་བའི་མཛད་སྒོ་དབུ་འབྱེད་དང་། ལྷ་ཁང་ལ་རབ་གནས། མཛད་སྒོར་ཕེབས་པའི་ཡུལ་མི་དང་དམིགས་བསལ་སོག་པོ་དང་ར་ཤི་ཡ་ནས་ཕེབས་པའི་ཆོས་ཞུ་བ་ཚོར་བསྟི་གནས་དེའི་བྱུང་རིམ་ལོ་རྒྱུས་དང་། འབྱུང་འགྱུར་འཛིན་སྐྱོང་གནང་སྟངས་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད། བཤད་སྒྲུབ་ཆོས་འཁོར་གླིང་ནི་ར་ཤི་ཡའི་གྲོས་ཚོགས་འཐུས་མི་(Raefe lGimalov)ལགས་ཀྱིས་རྒྱུ་གྲོན་སྦྱར་ནས་གསར་དུ་འཛུགས་སྐྲུན་བྱས་པ་ཞིག་ཡིན་ལ། ཇི་ལྟར་གསོབ་འདེབས་ཞུས་པ་ལྟར་༧གོང་ས་མཆོག་གིས་དགོན་པར་མཚན་གསོལ་གནང་བ་མ་ཟད། བསྟི་གནས་འདིའི་འབྱུང་འགྱུར་གྱི་འཛིན་སྐྱོང་གང་ཡོད་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་གནང་གཏན་འཁེལ་ཡོད་འདུག

 

ཕྱི་ཚེས་ ༡༣ ནས་བཟུང་གྲོང་ཁྱེར་ཐོ་ལོ་སིའི་ནང་ཉིན་གསུམ་རིང་ཐེངས་འདིའི་ཧྥ་རན་སིའི་མཛད་འཕྲིན་དངོས་གཞི་སྟེ། དད་ལྡན་མང་ཚོགས་ ༩༠༠༠ བརྒལ་བར་སློབ་དཔོན་ཀ་མ་ལ་ཤྰི་ལས་མཛད་པའི་༼ སྒོམ་རིམ་བ་མའི་༽བཀའ་ཁྲིད་གནང་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོར་གསུང་ཆོས་ར་བའི་ནང་མི་མང་ཆིག་ཁྲི་ལྔ་སྟོང་བརྒལ་བར་༼བདེ་སྐྱིད་ཀྱི་འབྱུང་རྩ།༽ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་བསྩལ་ཡོད་པ་རེད། ཐེངས་འདིའི་བཀའ་ཁྲིད་དང་མང་ཚོགས་ལ་བཀའ་སློབ་གནང་བ་དེར་ཡུ་རོབ་གཙོས་པའི་འཛམ་གླིང་ཡུལ་གྲུ་ ༣༠ ལྷག་གི་དད་ལྡན་ཆོས་ཞུ་བ་འཛོམས་ཡོད་པ་དང་། ཉིན་གསུམ་རིང་གི་བཀའ་ཁྲིད་དང་མང་ཚོགས་བཀའ་སློབ་གནང་བ་ཁག་ཧྥ་རན་སིའི་སྐད་དང་དབྱིན་སྐད། རྒྱ་སྐད། དེ་བཞིན་ཀམ་བྷོ་ཌི་ཡ་སོགས་ཚུད་པའི་སྐད་རིགས་ ༨ ནང་གསུང་བསྒྱུར་བྱས་ཡོད་པ་རེད།

 

ཆིབས་བསྒྱུར་འདི་༧གོང་ས་མཆོག་གི་བོད་ཀྱི་ཆབ་སྲིད་འགན་དབང་མི་མང་ཀྱི་དབུ་འཁྲིད་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་རྗེས་ཡིན་ནའང་། གནམ་ཐང་དང་གསུང་ཆོས་བར་གསེང་ཁག་ཏུ་གསར་འགོད་པ་དང་། གྲོང་ཁྱེར་སྤྱི་ཁྱབ་པ་རྣམ་པ། ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣ་ཁག་ལ་མཇལ་འཕྲད་གནང་སྟེ། ཁོང་གི་ཆབ་སྲིད་འགན་དབང་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་བའི་བྱུང་རིམ་དང་། དེ་བཞིན་བོད་ཀྱི་འདས་པ་དང་མ་འོངས་པའི་སྲིད་དོན་གནས་སྟངས་ཐད་ལ་བཅར་འདྲི་དང་ལེན་དང་བཀའ་སློབ་གནང་བ་སོགས་སྲིད་ཕྱོགས་ཀྱི་མཛད་འཕྲིན་མི་ཉུང་བ་ཞིག་བསྐྱངས་ཡོད་པ་རེད། ཕྱི་ཚེས་ ༡༢ ཉིན་གནམ་ཐང་དུ་ཕེབས་འབྱོར་སྐབས་གསར་འགོད་པ་ཚོར་ཐེངས་འདིའི་ཆིབས་བསྒྱུར་སྐོར་ཀྱི་ཐུགས་ཚོར་གསུངས་དོན། ‘‘སྔོན་མ་ང་ཧྥ་རན་སི་ལྷོ་ཕྱོགས་འདི་ལ་ཐེངས་མ་ཁ་ཤས་ཡོང་བ་རེད། སྐབས་དེ་དུས་ངས་བོད་ཀྱི་ཆབ་སྲིད་ཀྱི་འགན་ལེན་མུས་ཡིན་པར་སོང་ཕྱོགས་གང་ཅིའི་ཐད་ནས་ལྷོད་ལྷོད་མེིད་ནའང་། ད་ཐེངས་ངས་ཆབ་སྲིད་ཀྱི་འགན་མཚམས་བཞག་ནས་བསླེབས་པ་ཡིན་སྟབས་རྦད་དེ་ལྷོད་ལྷོད་རེད”། ཅེས་བཞད་མོལ་དང་བཅས་གསུངས་བ་དང་།དེ་བཞིན་ཁོང་གིས་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་མི་སྒེར་བ་གཅིག་དང་།ཆོས་ལུགས་གཅིགཡང་ན་ཚོགས་པ་གཅིག་གིས་ཆབ་སྲིད་ལ་དབང་བསྒྱུར་བཞིན་པ་དེ་དུས་ཚོད་ཀྱི་ཆ་ནས་མཚམས་འཇོག་དགོས་ཆགས་ཡོད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད’’ཅེས་གསུངས།

 

དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་སྔོ་དྲོར་༧གོང་ས་མཆོག་གིས་ཧྥ་རན་སིའི་གྲོང་ཁྱེར་ ༡༣ ཙམ་གྱི་སྤྱི་ཁྱབ་པ་དང་། ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་འཐུས་མི་ཁག་ཅིག་དང་སྔ་ཕྱིར་མཇལ་འཕྲད་གནང་ཡོད་པ་རེད། སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པ་དེ་དག་གིས་བོད་ནང་གི་གྲོང་དང་གྲོང་ཁྱེར་ཁག་གི་བོད་ཀྱི་རྣམ་པ་སྲུང་སྐྱོབ་ཐད་ལས་གཞི་ཁག་ཅིག་སྤྱན་འབུལ་ཞུས་ཡོད་འདུག ལས་གཞི་དེ་དག་ནང་ཧྥ་རན་སིའི་གྲོང་ཁྱེར་དེ་དག་གིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བརྒྱུད་ལམ་ཐོག བོད་ནང་གི་གྲོང་དང་གྲོང་ཁྱེར་ཁག་ནང་བོད་ཀྱི་གདོད་མིའི་རྣམ་པ་སྲུང་སྐྱོབ་ཐད་ལས་གཞི་ཁག་ལག་བསྟར་བྱ་འཆར་ཡོད་འདུག་ལ། ད་ལྟའི་ཆར་ལས་གཞི་དེ་དག་ནང་བོད་ནང་གི་གྲོང་དང་གྲོང་ཁྱེར་ཁག་ ༣༢༠ ལྷག་ཚུད་ཡོད་འདུག དེ་བཞིན་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་སྐབས་༧གོང་ས་མཆོག་གིས་ཁོང་གི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་བའི་བྱུང་རིམ་དང་། བོད་ཀྱི་དམངས་གཙོའི་འཕེལ་རིམ། ཆབ་སྲིད་གནས་བབ་བཅས་ཀྱི་ཐད་བཀའ་སློབ་བསྩལ་བ་དང་། གྲོས་ཚོགས་འཐུས་མི་རྣམ་པས་ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱལ་སྤྱིའི་འགྱུར་འགྲོས་ཁྲོད་ཀྱི་བོད་ཀྱི་གནས་བབ། དེ་བཞིན་ཉེ་སྔོན་ཨ་རིར་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་སྐབས་ཀྱི་གནས་ཚུལ་ཁག་དང་འབྲེལ་བའི་བཀའ་འདྲི་ཞུས་པར་བཀའ་ལན་བསྩལ་ཡོད་པ་མ་ཟད། ཕ་རི་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འབྲེལ་མཐུད་ཁང་གིས་བོད་དོན་རྒྱབ་སྐྱོར་བ་རྒན་པ་དང་གྲོས་ཚོགས་འཐུས་མི་ཟུར་བ་སྐུ་ཞབས་  (Jean-Michel Belorgey) ལགས་ཀྱིས་ད་བར་བོད་དོན་ཐད་སྐུ་ངལ་བསྐྱོན་པར་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་དེ་༧གོང་ས་མཆོག་གིས་ཐད་ཀར་བསྩལ་ཡོད་པ་རེད། སྐུ་ཞབས་ཁོང་ནི་ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་དུ་འཛུགས་མཁན་དེ་ཡིན་ཞིང་། ཕྱི་ལོ་ ༡༩༩༠ ལོར་བཙུགས་པ་ནས་ད་ལྟའི་ཆར་གྲོས་ཚོགས་འཐུས་མི་ ༡༨༣ ཡོད་འདུག

 

༧གོང་ས་མཆོག་གི་ཧྥ་རན་སིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༦ ཉིན་ཨེ་སི་ཌོན་ནེ་ཡའི་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག དེ་གར་ཡུལ་དེའི་མང་ཚོགས་ལ་༼འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར།༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། དེ་ནས་རིམ་བཞིན་ཧྥིན་ལན་ཌི་དང་། འཇར་མན་བཅས་སུ་ཆིབས་བསྒྱུར་གྱིས་ཐེངས་འདིའི་ཡུ་རོབ་མཛད་འཕྲིན་ཁག་གི་མཇུག་མུ་མཐུད་བསྐྱང་རྒྱུ་ཡིན་འདུག

 

ཕྱི་ལོ་ ༡༩༨༢ ལོར་༧གོང་ས་མཆོག་ཐེངས་དང་པོར་ཧྥ་རན་སིར་ཕེབས་པ་ནས་ད་ལྟའི་བར་ཐེངས་ ༡༩ ཙམ་ལ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཆིབས་བསྒྱུར་རིམ་པ་ཁག་གི་སྐབས་ཧྥ་རན་སིའི་སྲིད་འཛིན་ལས་ཐོག་རྣམ་པ་གཉིས་དང་། སྲིད་འཛིན་ཟུར་བ། དེ་བཞིན་གཞུང་དང་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོར་རྒྱལ་ས་ཕ་རི་སིའི་ཕུལ་བྱུང་གྲོང་མིའི་མཚན་སྙན་གཟེངས་རྟགས་ཀྱང་འབུལ་བཞེས་གནང་ཡོད་པ་རེད།

 

 གསར་འགྱུར་མཁོ་གཏོང་བ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. མདའ་དཔོན། says:
    ལོ་ 15 སྔོན།

    གསར་འགོད་པས་གསར་འགྱུར་ཞིབ་འབྲི་བྱེད་སྟང་ལ་ཡིད་སྨོན་ཤོར་ཡོད།
    འདིར་སླེབས་ནས་ཇ་ཆང་ཞིག་ཡང་མཉམ་དུ་འཐུང་མ་ཐུབ་ལ་སེམས་པ་སྐྱོ་ཡོད།

    Reply
  2. ཕྱུགས་རྫི says:
    ལོ་ 15 སྔོན།

    ངས་ཀྱང་ཀླགས་ཡོད་

    Reply
  3. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
    དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
    བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
    འཛམ་གླིང་མཁས་བའི་གཙུག་རྒྱན་གངས་ཅན་བ།།
    ༧བསྟན་འཛིན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

    Reply
  4. ནགས་མཚོ says:
    ལོ་ 15 སྔོན།

    གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་སུ།
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།
    ཞབས་པད་སྲིད་མཐའི་བར་བརྟན་གྱུག་གཅིག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese