མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་འགན་འཛིན་ལྷན་ཚོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་གཉིས་པ་དེ་རྡོར་གླིང་བོད་མིའི་གཞིས་སྒར་དུ་དབུ་འཛུགས་གནང་ཡོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་རེར་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་ས་གནས་གཞོན་ནུའི་སྐུ་ཚབ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བསྡུ་སྐོང་གིས། འདས་པའི་འཐབ་རྩོད་ཀྱི་ཉམས་མྱོང་དང་མ་འོངས་བོད་དོན་འཐབ་རྩོད་བྱེད་ཕྱོགས་བཅས་ཀྱི་ཐད་ཚོགས་འདུ་སྐོང་ཚོགས་ཀྱིས་གྲོས་ཆོད་གཏན་འབེབས་གནང་སྲོལ་ཡོད་པ་ལྟར། འདི་ལོའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ པ་དེ་ཟླ་འདིའི་ཕྱི་ཚེས་ ༢༢ ནས་བར་གྱི་ཉིན་ལྔ་རིང་རྡོར་གླིང་བོད་མིའི་གཞིས་ཆགས་སུ་ཚོགས་མགོ་བརྩམས་ཡོད་པ་དང་། དེར་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་ཡོངས་དང་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་ས་གནས་ ༣༨ ཙམ་གྱི་ཚོགས་མི་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག འདིའི་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དེར་ལགས་ཀྱིས་བརྗོད་དོན་ལྟར་ན། ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་གཞི་གཙོ་བོ། གཞོན་ནུའི་དབུས་ས་གཉིས་ཀྱིས་འདས་པའི་ལོ་གཅིག་གི་གྲོས་ཆོད་ཁག་ག་ཚོད་ཅིག་ལག་ལེན་བསྟར་བ་དང་ལྷག་ཡོད་མེད་བསྐྱར་ཞིབ་དང་། དབུས་ས་གཉིས་ཀྱི་ལོ་གཅིག་གི་ལས་བསྡོམས་དང་རྩི་ཁྲར་ཞིབ་བཤེར། བར་ལམ་བོད་ཀྱི་གནས་ཚུལ་གྱི་འགྱུར་འགྲོས་དང་མ་འོངས་པའི་ལོ་གཅིག་རིང་གི་བོད་དོན་འཐབ་རྩོད་དང་འབྲེལ་བའི་གྲོས་གཞི་ཁག་ལ་གྲོས་བསྡུར་གྱིས་གྲོས་ཆོད་གཏན་འབེབས་གནང་འཆར་ཡོད་འདུག

ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷིལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ བ་དེ་ཚོགས་ཡོད་པ་དང་། ༢༠༡༠ ལོར་བཞུགས་སྒར་ངྷ་སྟེང་བོད་ཁྱིམ་དུ་ཐེངས་ ༤༡ པ་དེ་ཚོགས་ཡོད་འདུག ཐེངས་འདིར་རྡོར་གླིང་བོད་མིའི་གཞིས་ཆགས་སུ་ཉིན་ལྔའི་རིང་ཚོགས་རྒྱུ་ཡིན་འདུག་ལ། མཐའ་མའི་ཉིན་དེར་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་(གཞོན་ནུའི་སྒྲིག་འཛུགས་དང་རང་བཙན་འཐབ་རྩོད།) ཅེས་པའི་ཟབ་སྦྱོང་ཞིག་ཀྱང་སྤྲོད་འཆར་ཡོད་འདུག 

 

༼ ཞིབ་ཕྲའི་གནས་ཚུལ་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༢༩ སྟེང་འགོད་འཆར་ཡོད་པས་དེར་གཟིགས་པར་ཞུ། ༽

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།
Mobile App

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

ཆུ་ཚོད་ ༢ སྔོན་ལ།
tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༢༣ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

༢༠༢༥/༡༡/༢༥
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤

མཆན། 10

  1. གྲགས་བསོད་ says:
    ལོ་ 14 སྔོན།

    གཞོན་ནུའི་ཐབ་བཙན་ནི་དྲང་བདེ་དང་ཡང་དག་པ་དངོས་ཡོད་དང་མཐུན་པའི་ཐབ་བཙན་ཅིག་ཡིན་པས་བོད་མི་ཚང་མ་གཞོན་ནུའི་རྒྱབ་ཏུ་ལངས་ཤོག གཞན་ལ་རེ་བ་བརྒྱ་ནས་མ་སྡོད་མ་གཏོགས་སྐྱང་ཀི་ཡིས་ལུག་ཟ་ནས་རྫོགས་འགྲོ་ས་རེད།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བླ་མའི་འཁོས་ལ་བལྟ། ནས་ཉུང་མས་ཚོགས་ཤ་བྱེད་པའི་རྒྱ་མིའི་དམར་པོ་ལ། ཞི་བདེ་ལྷོད་གསུམ། མི་ཕན་རང་བདེ། མི་སྨོན་རང་སྐྱིད་ལ་མི་དགའ་ནས། འཁོན་མེད་འཁོན་སློང་། ཉེས་མེད་ཉེས་འཛུགས་རྐྱང་རྐྱང་བྱེད་ནས། བདེན་པ་ནག་གསུབ་བཏང་། རྫུན་མའི་ལ་མོ་གཡོག་ནས། བོད་མི་རིགས་སྡོད་པའི་ཡུལ་མེད། རྩོད་པ་ལ་སུ་ཡང་མི་དགའ་ན་ཡང་དེ་ནང་དུ་སློང་ཅི་ཐུབ་དང་། ཁྱད་གསོད་བརྙེས་དམོད་ཁུང་མེད་ཁྲིམས་འཇུག་འདི་ཚོ་ནི་ངོ་མ་བཟོད་མི་ཐུབ་པས། སྔ་ནས་ད་བར་རང་བཙན་གཙང་མ་ལ་རྩོད་པ་ལ་སེམས་མ་ཞུམ། བོད་རང་བཙང་ཁུང་མེད་གཏན་ནས་མིན། རྒྱལ་རབ་ལོ་རྒྱུས་ཡོད། རིག་གཞུང་རང་འཕེར་ཡོད། ཆ་ཤས་ཀྱི་ཆ་ཤས་ཤིགས་ཀྱང་གཏན་ནས་མེད། བཟང་པོ་ཡིད་ལ་བཞག་ན། སྲག་པས་ཕ་ཤ་ལོན། ངན་པ་ཡིད་ལ་བཞག་ན། བྱི་བས་གླང་ཆེན་སློང་པ་བཞིན་དབུས་གཞོན་ལྷན་གྱིས་དབུ་ཁྲིད་པའི་བོད་མི་མགོ་ནག་ཚོ། ཕ་ཡུལ་ནས་དཔའ་རྒོད་ཚོས་རང་ལུས་མེར་བསྲེག་དང་རང་སྲོག་གཤིན་རྗེ་ལ་སྤྲོད་ཐུབ་པའི་མི་རིགས་ལ་་ཤ་ཞན་འདི་ཚོ་བོད་མི་རིགས་ཀྱི་བརྗེད་དུ་མེད་པའི་བྱས་རྗེས་ཡིན་ལ། ཁོང་རྣམ་པའི་རྗེས་སུ་ཤ་ཟད་རུས་ལ་མ་ཐུག་བར་དུ་རང་བཙན་རྩོད་དགོས། བོད་མི་ཚོ་ལོང་ཤོག རང་བཙན་རྩོད་པར་ཤོག གཞོན་ནུ་རྒྱལ་ལོ། བོད་གངས་ཅན་པའི་མངའ་ཐང་དང་རང་བཙན་རྒྱལ་ལོ།

    Reply
  3. བདེ་ཁང་བསོད་ནམས་བཟང་པོ། says:
    ལོ་ 14 སྔོན།

    ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུ།

    Reply
  4. བྱང་དམར། says:
    ལོ་ 14 སྔོན།

    རྩོད་དགོས་རང་བཙན་རྩོད་དགོས་བོད་པ་ཚོ། རང་དབང་མ་ཐོབ་བར་དུ་རྩོད་དགོས་བོད་པ་ཚོ། བདེན་པའི་བདེན་མཐའ་གསལ་ཡོང་བོད་པ་ཚོ། དངོས་པོའི་གཤིས་བབས་ཡིན་ནོ་བོད་པ་ཚོ།།

    Reply
  5. ཐོས་བསམ་ says:
    ལོ་ 14 སྔོན།

    གཞོན་ལྷན་ལྷན་ཚོགས་ཐེངས་ཞེ་གཉིས་པར་ཚོགས་བཞུགས་གནང་མཁན་ཡོངས་ལ་བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས་ཚོགས་འདུ་རྒྱལ་ཁའི་ལེགས་སྒྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  6. བདེན་རྒྱལ། says:
    ལོ་ 14 སྔོན།

    རྩོད་དགོས་རང་བཙན་རྩོད་དགོས་མཐའ་ཅིག་ཏུ་རྩོདདགོས། ཁ་ཤེས་ཞིག་གི་སོ་སོར་ཁེ་ཕན་ཞིག་དང་རྐུབ་གཙུག་ས་ཞིག་རག་དུས་རང་བཙན་བློས་གཏོང་བ་དེ་འདྲ་མེད་པ་ཞིག་དགོས། དེ་སྔོན་རང་བཙན་རྩོད་དུས་རྒྱ་མི་ནས་རང་བཙན་མ་རྩོད་དང་སྐད་ཆ་བཤད་ཆོག་ལབ་མྱོང་ཡོད། ད་ལྟ་རྒྱ་མི་བྱེད་ཀྱི་ཡིན་ལབ་དུས་ཁ་ཡ་བྱེད་ཀྱི་འདུག་གམ། མི་རབས་རྗེས་མ་རྣམས་ལ་ཅི་ཡང་མེད་པ་མ་བཟོ་ན་ཡག་པོ་རེད། བོད་མི་ཤི་གསོན་གཉིས་ཀྱི་རེ་བ་དེ་རང་བཙན་རེད་མི་ལོ་རྒྱ་ཁྲག་དུ་རྩོད་དགོས་ཀྱང་རྩོད་རྒྱུ་རེད།

    Reply
  7. བརྩོན་རྒྱམ། says:
    ལོ་ 14 སྔོན།

    བོད་མི་རིགས་ཀྱི་ཐོབ་ཐང་རེད་ངེས་པར་རྩོད་དགོས་པ་རེད་རྒྱབ་སྐྱོར་ཡོད།   བོད་མིའི་ལོ་རྒྱུས་སོགས་གང་ལ་ལྟས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་དངོས་ཡོདཡིན།  མུ་མཐུད་དུ་བརྩོད་དགོས་པ་རེད།  བོད་རང་བཙན་གཙང་མ་ཡིན།   བོད་རྒྱལ་ལོ།

    Reply
  8. ཁུགས་གཟར་དུག་མདའ། says:
    ལོ་ 14 སྔོན།

    མུ་མཐུན་ནས་རང་བཙན་གཙང་མ་བརྩོན་དགོས། བོད་གཞུང་གི་ལོགས་ཤོག་དེ་རང་བཙན་གཙང་མའི་ངོ་བོར་བསྒྱུར་དགོས། ངས་རྨི་ལམ་ཡང་དེ་ཡིན། གཞོན་ནུ་རྒྱལ་ལོ། རང་བཙན་གཙང་མ་རྒྱལ་ལོ།

    Reply
  9. རྒྱང་རིང་། says:
    ལོ་ 14 སྔོན།

    བོད་དོན་ལ་ཕན་པའི་ལྷན་ཚོགས་ཞིག་ཚོགས་ཐོབ་པའི་རེ་བ་རྒྱབ་བཞིན་ཡོད།

    Reply
  10. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    ད་ལས་ཀ་འདྲ་བྱེད་རྒྱུ་མེད་དུས་ཚོགས་འདུ་འཚོགས་མ་ཚོགས་ཡོད་མ་རེད། དེ་བས་འགྲོ་སོང་འཕྲོ་ལྷག་མིན་པར། ༼ གཞོན་ལྷན་དང་བོད་ཀྱི་ལོ་རྒྱུས་༽ཟེར་བའི་ཟབ་སྦྱོང་ཟ་སྦྱོང་མིན་པ་ཞིག་སྤྲད་ན་ལེགས་ཚོགས་དེ་ལས་ཆེ་བ་ཞིག་གང་དུ་ཡོད་དམ།

    ཞོར་དུ་རྩིས་ཁྲ་དེ་ཚོ་རྒྱ་ཆེའི་མི་མང་ལ་དག་གཙང་ཅིག་འབུལ་ཐུབ་ན་ཡག་གཱ དེ་མ་གཏོགས་གཞོན་ལྷན་ན་ལས་ཀ་ཡོད་པ་རེད་ལ། ལས་ཀྱང་ཐུབ་ཀི་མ་རེད་པཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese