མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་གྱི་ཁས་ལེན།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་ནཱ་ཧ་ཛ་རེ་ཡིས་ལྐོག་ཟ་རུལ་སུངས་ཀྱི་ཁྲིམས་གཞི་བསྐྱར་དུ་ཐག་གཅོད་ཚད་ལྡན་ཞིག་མ་བྱུང་པར་དུ་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་མིན་ཞེས་བརྗོད་ཡོད་ལ། གཞུང་གིས་བསྐྱར་དུ་ཁྲིམས་གཞི་གཏན་འབེབ་བྱ་རྒྱུའི་ཁས་ལེན་དང་བགྲོ་གླེང་བྱེད་མགོ་བརྩམས་ཡོད་འདུག

དེ་རིང་ནི་རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་པ་ཨ་ནཱ་ཧ་ཛ་རེ་ཡི་ཟས་བཅད་ངོ་རྒོལ་གྱི་ཉིན་དགུ་བ་དེ་འགྲོ་བཞིན་ཡོད་ལ། གྲོས་ཚོགས་ནང་བསྐྱར་དུ་ཧ་ཛ་རེའི་དགོས་འདུན་ཐད་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་པ་མ་ཟད། སྲིད་བློན་མན་མོ་ཧན་སིན་གྱིས་ཧ་ཛ་རེ་ལ་ཕྱག་ཡིག་ཕུལ་ཏེ། ཁོང་གི་འཕྲོད་བསྟེན་ལ་དོ་ཁུར་བྱ་རྒྱུ་དང་ཟས་བཅད་ངོ་རྒོལ་མཚམས་འཇོགས་བྱ་དགོས་པའི་འབོད་སྐུལ། ཁོང་གི་དགོས་འདུན་ནི་རྒྱལ་ཁབ་ཀྱི་རྩ་དོན་ཡིན་པས་ཁྲིམས་གཞི་ཐག་གཅོད་ཚད་ལྡན་ཡོང་ཐབས་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་འདུག

ཁ་སང་དགུང་མོའི་ཆུ་ཚོད་ ༩ དང་སྐར་མ་༡༠ སྟེང་ཨ་ནཱ་ཧ་ཛ་རེ་ལགས་ཀྱིས། ཁོང་གི་དགོས་འདུན་ཐག་གཅོད་གཙང་མ་བྱུང་པར་དུ་ཟས་བཅད་ངོ་རྒོལ་མཚམས་འཇོགས་བྱ་རྒྱུ་མིན་པ་དང་། ཁྲིམས་གཞི་གཏན་འབེབ་དེ་གཞུང་གི་མི་སྣ་དང་མི་མང་འཐུས་མི་གཉིས་ཀྱིས་ཐག་གཅོད་བྱ་དགོས་ཚུལ་བརྗོད་ཅིང་། ད་ལྟ་ཨ་ནཱ་ཧ་ཛ་རེ་ཡི་གཟུགས་པོ་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་ཙམ་མ་ཟད། སྨན་པས་ཁོང་གི་མཁལ་མར་ནད་གཞི་བྱུང་ཡོད་པས་སྨན་བཅོས་བྱ་དགོས་ཚུལ་བརྗོད་ཀྱང་། ཨ་ནཱ་ཧ་ཛ་རེ་ཡིས་ཁོང་རྒྱལ་ཁབ་དང་མི་མང་གི་ཆེད་དུ་འཆི་རྒྱུར་གྲ་སྒྲིག་ཡོད་ཅེས་སྨན་བཅོས་བྱ་རྒྱུར་ཁས་ལེན་བྱས་མི་འདུག  

ཉིན་འགའི་གོང་ནས་རྒྱ་གར་ཡུལ་མི་འབུམ་ཕྲག་མང་པོ་གྲོང་ཁྱེར་ཁག་དང་། མི་མང་འདུས་སྡོད་ཀྱི་ས་ཚིགས་ཁག་ཏུ་འདུ་འཛོམས་བྱས་ཏེ། ཨ་ནཱ་ཧ་ཛ་རེ་ལ་རྒྱབ་སྐྱོར་གྱིས་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་གར་བ་ཚོས་ཀྱང་། ཨ་ནཱ་ཧ་ཛ་རེ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 3

  1. རྩེ། ཆུ་མིག says:
    ལོ་ 15 སྔོན།

    བོད། ཤ་ཁྲག་རུས་གསུམ་གྱི་མིག་གཅིག་གིས་མཐོང་གི་མེད་པ་འདྲ། ལོ་རེར་ཟླ་རེར་ང་ཚོ་བོད་པ་ཚང་གིས་ཀྱང་ཟས་བཅད་ཀྱི་ངོ་རྒོད་ནི་རྒན་གཞོན་ལ་དབྱེ་བ་མེད་པར་འཚམས་མ་ཆད་པར་འདི་འདྲའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཡིན་ན་ང་ཚོས་སོ་སོ་ལ་རྒྱལ་ཁབ་མེད་པར་ལུང་པ་གཞན་པ་ཞིག་གི་ནང་དུ་ཡོད་ཕྱིན་ཁོ་ཚོ་དང་མ་འདྲ་ས་མང་པོ་ཡོད་པ་རེད།

    Reply
  2. ས་འཛིན་དཀར་པོ། says:
    ལོ་ 15 སྔོན།

    རྒྱལ་ཁབ་དང་ནི་མི་རིགས་ཆེད། །གཅེས་པའི་སྲོག་དེ་འབེན་ལ་བཞག །རོ་བཅུད་ལྡན་པའི་བཟའ་བཏུང་རྣམས། །གད་རོ་བཞིན་དུ་རྒྱབ་ལ་བསྐྱུར། །རྒྱལ་གཅེས་དཔལ་འཛོམས་སྙིང་སྟོབས་དང་། འཚེ་མེད་ཞི་བདེར་རེ་ལ་བཅོལ། །ཉིན་མཚན་བག་སྒམ་བཅུ་ཕྲག་ནང་། །ཉམས་གུད་མེད་པའི་དཔའ་ངར་ལྡན། །ཨེ་མ་ཧ་ཛའི་སྙིང་སྟབས་ཅན། །བཅོས་མེད་གུས་བསྟོད་སྙིང་ནས་ཕུལ། །ངེད་ཅག་གངས་ཅན་དཔོན་རིགས་ཚོ། །འདྲེན་ཟུང་ཞལ་ཁ་ཕྱེ་ནས་ལྟོས། །མ་འོངས་བོད་ཀྱི་བདེ་དོན་ཆེད། །གང་དགོས་ལམ་ཁ་ཧ་ཛས་སྟོན། །བཅུད་ལྡན་ཟས་གོས་རེ་བཅོལ་ནས། །བོད་ཀྱི་བདེན་མཐའ་ཨུ་སེལ་འདུག །ཉམས་ཆུང་བོད་འབངས་ངར་བརྩོན་དེ། །རྣ་བར་ཨུ་ཐོས་དཔོན་རིགས་ལགས། །སྐར་ཆ་འགའ་ཡི་སྔ་རོལ་ན། །བཟའ་བཏུང་ཨུ་དོར་སྐུ་དྲགས་རྣམས། །ཁ་མཁས་ལྕེ་བདེ་ལམ་བསྒྱུར་ནས། །གཞིས་ལུས་བོད་རིགས་ཨ་ཐང་ཆད། །འོན་ཏང་བོད་ཀྱི་བདེ་དོན་ལ། །མགོ་དཔོན་དམའ་སྤྲང་ཡོངས་འཛོམས་ནས། །ཨ་ནཱ་ཧ་ཛའི་རྗེས་བསྙེགས་དགོས། །རྣ་བ་ཨུ་ཐོས་སྐུ་དྲགས་ཚོ། །མིག་ཟུང་ཞལ་ཁ་འབྱེད་ནས་ལྟོས། །ངེད་ཅག་བོད་ཀྱི་བདེ་སྡུག་གསལ། །ཁྱོད་དང་ངེད་གཉིས་ཕ་སའི་ཆེད། །ལག་གཡས་སྤར་ཁ་ཡོངས་བཙུམས་ནས། །ལ་ཐོད་དཔྲལ་བའི་ཡན་ལ་འགྲེང་། །རང་དབང་ཞི་བདེའི་སྐད་བརྡར་སྦྱོར། །ངེད་ཅག་བོད་ཀྱི་བདེ་དོན་ལེན། །བདེ་སྡུག་ཚོར་སྣང་གཅིག་མཚུངས་ཡིན། །ཁྱོད་དང་ངེད་གཉིས་བོད་པ་ཡིན། །ཁྱོད་བདེ་ངར་སྡུག་ཕྱོགས་མི་འབྱེད། །གཞུང་ལམ་ཕྲ་མོའི་གཅིག་ལ་གཞོལ། །ངེད་གཉིས་ཁྱིམ་གྱི་དྲོད་ཁ་གསོ། །རྣ་བ་ཨུ་ཐོས་སྐུ་དྲགས་ལགས། །ལག་གཉིས་ཐལ་མོ་སྦྱར་ནས་གསོལ། །བོད་འབངས་གཅིག་མཚུངས་དཀའ་སྡུག་ཞིག །ཡང་ཡང་བརྩོན་རོགས་དཔོན་རིགས་ཚོ། །སང་དང་གནངས་ཉིན་བོད་དོན་ཆེད། །འཛོམས་དགོས་ཁ་བརྡ་བསྒྲག་པའི་དུས། །ཁྱོད་དང་ངེད་གཉིས་དབྱེར་མེད་ངང་། །དཀའ་སྡུག་ལམ་འཕྲངས་གཅིག་བསྐྱོད་དགོས། །རྣ་བ་ཨུ་ཐོས་སྐུ་དྲགས་ལགས། །

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    འཚེ་མེད་ཞི་བའི་སྟོབས་ལ་སྐྱབས་སུ་འཆི། དེ་ཡི་ལམ་ཁར་ནུས་པ་ཡོད་པའི་མང་གཙོའི་ལམ་དེ་བཟང་བ་ལ། ཤུ་རེ་གོ རྒད་པོ་འདི་འདྲ་རེ་བོད་པ་ཚང་ལ་ཡོད་ན། རྗེས་སུ་ཡོང་མཁན་གྱི་མི་མང་ག་ཚོད་ཅིག་ཡོད་སྲིད་དམ། ཤུ་རེ་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese