མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀའི་ནང་མགྲོན་འབོད།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༩
Share on FacebookShare on TwitterShare on EmailShare on Whatsapp

ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མན་ཀྲུ་ཀྲུ་ལགས་ཀྱིས།  ཁོང་ཉིད་དགོངས་གྲངས་ ༨༠ ལོན་པའི་སྐྱེས་སྐར་མཛད་སྒོའི་ཐོག་༸གོང་ས་མཆོག་གདན་ཞུ་མགྲོན་འབོད་ཞུས་འདུག

ཟླ་ ༨ ཚེས་ ༢༧ ཉིན་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཡེ་ཤེས་ཆོས་དཔོན་ཌེ་སི་མན་ཀྲུ་ཀྲུ་ལགས་ཀྱིས་ལྷོ་ཨ་ཧྥུ་རི་ཀའི་༼གཟའ་ཉི་མའི་རང་བཙན་གསར་ཤོག༽ཐོག  ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གྱི་ཁོང་ཉིད་དགོངས་གྲངས་ ༨༠ ཕེབས་པའི་སྐྱེས་སྐར་མཛད་སྒོའི་སྟེང་། ༸གོང་ས་མཆོག་ཕེབས་རྒྱུར་མགྲོན་འབོད་གདན་ཞུ་ཕུལ་བ་ལྟར་༸གོང་ས་མཆོག་ནས་ཀྱང་ཞལ་བཞེས་གནང་ཡོད་པའི་གནས་ཚུལ་སྐོར་བརྗོད་པ་རེད། དེ་བཞིན། གཟའ་ཉི་མའི་རང་བཙན་གསར་ཤོག་གིས་ལྷོ་ཨ་ཧྥུ་རི་ཀའི་ཕྱི་འབྲེལ་སྡེ་ཁག་ནས་ཐོན་པའི་གནས་ཚུལ་ལུང་འདྲེན་ཞུས་པ་ལྟར་ན། ༸གོང་ས་མཆོག་གིས་ལྡི་ལིར་བཅའ་སྡོད་ལྷོ་ཨ་ཧྥུ་རི་ཀའི་གཞུང་ཚབ་ཁང་གི་མཐོ་རིམ་དཔོན་རིགས་ལ་ཐོངས་མཆན་ཞུ་ཡིག་གནང་ཟིན་ནའང་། ལྷོ་ཨ་ཧྥུ་རི་ཀའི་གཞུང་ཚབ་ཁང་གིས་སྙན་ཞུ་ཡི་གེ་འབྱོར་མེད་ལུགས་བརྗོད་པར་བརྟེན།  ༸གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་བསྐྱར་དུ་ཐོངས་མཆན་སྙན་ཞུ་འབུལ་འཆར་ཡོད་སྐོར་བརྗོད་འདུག

 

གཟའ་ཉི་མའི་རང་བཙན་གསར་ཤོག་གིས་བཅར་འདྲའི་སྐབས། ལྷོ་ཨ་ཧྥུ་རི་ཀའི་ཡེ་ཤུ་ཆོས་དཔོན་ཌེ་སི་མན་ཀྲུ་ཀྲུ་ལགས་ཀྱིས། ང་རང་ལོ་ ༨༠ སོན་པའི་སྐྱེས་སྐར་མཛད་སྒོའི་ཐོག་ཏཱ་ལའི་བླ་མ་མཆོག་མགྲོན་འབོད་ཞུས་པར་ཁོང་གིས་ངོས་བཞེས་གནང་བྱུང་བས་ང་རང་ཧ་ཅང་དགའ་བོ་བྱུང་། ངས་རེ་བར་ང་ཚོའི་སྲིད་གཞུང་གི་ངོས་ནས་ཁོང་ཉིད་ཕེབས་རྒྱུར་དགོས་ངེས་ཀྱི་ཐོངས་མཆན་ཡིག་ཆ་ཁག་གཙང་འབུལ་ཡོངས་པའི་རེ་བ་ཡོད། ཅེས་བརྗོད་པ་དང་།  གཞན་ཡང་། གནད་དོན་དེའི་ཐད་ལྷོ་ཨ་ཧྥུ་རི་ཀའི་ནང་སྲིད་མགྲིན་ཚབ་པ་མཱ་མའོ་བྷོ་(Ronnie Mamoepa) ཡིས་བརྗོད་དོན། ཏཱ་ལའི་བླ་མ་མཆོག་གིས་ཐོངས་མཆན་ཞུ་ཡིག་ཕུལ་རྗེས། ལྡི་ལི་ལྷོ་ཨ་ཧྥུ་རི་ཀའི་གཞུང་ཚབ་ཁང་གིས་ཕཱི་རེ་ཁྲོ་རེ་ཡཱ་ (Pretoria) གཞུང་ལ་བརྡ་སྦྱོར་བཏང་ལྟར། ཁོང་ཉིད་ལ་ཐོངས་མཆན་སྤྲོད་རྒྱུའི་ཐད་ཞིབ་འཇུག་གནང་གི་རེད། ཏཱ་ལའི་བླ་མ་མཆོག་གི་ཐོངས་མཆན་ཐད་རྒྱུན་ལྡན་གྱི་འགྲོ་ལུགས་ལྟར་བབ་བསྟུན་ཐག་གཅོད་གནང་གི་རེད། ཅེས་བརྗོད་འདུག

 

ཆབ་སྲིད་ཉམས་ཞིབ་པ་དག་གིས་༸གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀའི་ནང་ཆིབས་བསྒྱུར་ཐད། རྒྱ་གཞུང་གིས་ཨ་ཧྥི་རི་ཀ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་ཀྱིན་ཡོད་པར་མ་ཟད། ལྷོ་ཨ་ཧྥི་རི་ཀ་རྒྱལ་ཁབ་ལ་མཚོན་ནའང་དཔའ་འབྱོར་ཚོང་དོན་འབྲེལ་བའི་ཐད་ནས་ར་ཤི་ཡ་དང་། བྷར་ཛིལ། རྒྱ་གར། རྒྱ་ནག་བཅས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བཞིའི་ཚོང་དོན་ཚོགས་པ་ཡིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༠ ལོར་ལྷོ་ཨ་ཧྥུ་རི་ཀའི་ཇའོ་ནེ་སི་བྷིག་ཏུ་འཛམ་གླིང་རྐང་སྦོལ་རྩེད་འགྲན་གྱི་སྐབས་དང་བསྟུན་ནས། རྩེད་འགྲན་དང་འབྲེལ་བའི་ཞི་བདེ་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་འཆར་སྟ་གོན་གནང་སྟེ། ༸གོང་ས་མཆོག་ཚོགས་མགོན་དུ་གདན་ཞུ་ཞུས་པར་ལྷོ་ཨ་ཧྥུ་རི་ཀ་གཞུང་གིས་ཐོངས་མཆན་སྤྲད་མེད་པར་བརྟེན། ཡེ་ཤུའི་ཆོས་དཔོན་ཌེ་སི་མན་ཀྲུ་ཀྲུ་(Archbishop Desmond Tutu) དང་ཨ་ཧྥུ་རི་ཀའི་སྲིད་འཛིན་ཟུར་བ་ཌེ་ཁི་ལིར་ཁི་ (De Klerk) རྣམ་གཉིས་ཀྱིས་གཞུང་གི་བྱ་སྤྱོད་དེར་ངོ་རྒོལ་དང་ཞི་བདེ་བགྲོ་གླེང་ཚོགས་འདུ་དེ་ཕྱིར་བསྡུ་བྱས་ཡོད་པ་རེད། སྐབས་དེར་ལྷོ་ཨ་ཧྥུ་རི་ཀའི་ཕྱི་འབྲེལ་མཱར་ཐཱ་ཏ་ལཱ་བྷ་ནི་  (Martha Talabani)  ཡིས་༸གོང་ས་མཆོག་ལྷོ་ཨ་ཧྥུ་རི་ཀའི་ནང་ཕེབས་རྒྱུར་དགའ་བསུ་ཡོད་པ་དང་། དེ་སྔའི་ཐག་གཅོད་དེ་ནི་སྲིད་གཞུང་དང་བརྡ་ལན་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། རྗེས་སུ་ལྷོ་ཨ་ཧྥི་རི་ཀ་གཞུང་གིས་༸གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པའི་རྒྱུ་མཚན་ནི། ལྷོ་ཨ་ཧྥི་རི་ཀ་དང་རྒྱ་ནག་གི་འབྲེལ་བར་ཤུགས་རྐྱེན་འབྱུང་བར་དོགས་ཏེ་མ་སྤྲད་པ་ངོས་ལེན་བྱས་ཡོད།  

ཐེངས་འདིའི་ཐོངས་མཆན་དེ་ནི་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་མི་མང་ལ་རྩིས་སྤྲོད་གནང་རྗེས་ཀྱི་ལྷོ་ཨ་ཧྥི་རི་ཀར་ཐོངས་མཆན་ཞུས་པ་དང་པོ་དེ་ཆགས་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 2

  1. བློ་བཟང་རྒྱལ་མཚན། says:
    ལོ་ 11 སྔོན།

    ཕྱི་རྒྱལ་ཁག་གི་གཞུང་ཚབ་ཁང་ཁག་གིས་༧གོ་ས་མཆོག་ལ་ཡངས་ཐོངསམཆོམཆན་མ་སྤྲོད་ན་
    ང་ཚོ་བོད་མི་སྐྱུས་མ་དེ་ཚོ་ལ་ཐོངས་མཆན་རག་རྒྱུའི་རེ་བ་ཕར་ཆེས་ཟད་པ་འདྲ་བོ་རེད།་
    ཡིན་ན་ཡང་གནས་ཚུལ་འདི་བཟང་པོ་ཞིག་རེད
    གལ་སྲིད་མི་བོད་དེ་ཚོ་ཕྱི་རྒྱལ་ལ་འགྲོ་རྒྱུའུ་རེ་བ་ཟད་པར་ཡིན་ན།     ཕྱིར་བོད་དུ་ལོག་ཏེ་རང་ས་རང་བདག་བྱེད་མཁན་མང་དུ་འགྲོ་ངེས་རེད།

    Reply
  2. ས་འཛིན་དཀར་པོ། says:
    ལོ་ 11 སྔོན།

    མུན་ནག་ནང་གི་སྒྲོན་མེ་གཉིས། །
    ཟླུམ་གཟུགས་ནང་གི་ཉི་ཟླ་གཉིས། །
    མི་བུ་ནང་གི་ཞི་བདེ་གཉིས། །
    འཛམ་གླིང་ནང་གི་དེད་དཔོན་གཉིས། །
    ཆོས་ལུགས་ནང་གི་བླ་ཆེན། །
    འགྲོ་མང་ཡོངས་ཀྱི་སྐྱབས་གནས་གཉིས། །
    དུས་རབས་ཉེར་གཅིག་ལམ་སྟོན་གཉིས། །
    ཞི་བདེའི་གསོལ་འབྱེད་སྟོན་པ་གཉིས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist