མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཞུགས་སྒར་དུ་གསུང་ཆོས།

བོད་ཀྱི་དུས་བབ།
༢༠༡༡/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp


ལྷོ་ཤར་ཨེ་ཤ་ཡའི་ནང་པའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། ༧གོང་ས་མཆོག་གིས་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སིང་གྷ་ཕོར་དང་མཱ་ལེ་ཤི་ཡ་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༥༤ ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་ ༡༠༠༠ ལྷག་དང་། དེ་བཞིན་ངྷ་སའི་ཉེ་འཁོར་གྱི་བོད་རིགས་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་ ༥༠༠༠༠ བརྒལ་བར། དུས་ཡུན་ཉིན་གསུམ་རིང་གི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་༼བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པར་བྱེད་པ་༽བཀའ་ཁྲིད་གནང་མགོ་བཙུགས་ཡོད་ཅིང་། ཐེངས་འདིའི་གསུང་ཆོས་དེ་སྐད་རིགས་མི་འདྲ་བ་ ༦ ནང་གསུང་བསྒྱུར་ཞུ་བཞིན་ཡོད་པ་རེད། གསུང་ཆོས་མགོ་འཛུགས་མ་གནང་གོང་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་མདོར་བསྡུས་ཤིག་གནང་ཡོད་པ་མ་ཟད། སྐབས་དེར། ཁོང་གིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ངོ་མ་ནི། ནང་སེམས་ཀྱི་རིན་ཐང་ཡར་རྒྱས་ལས་ཡོང་དགོས་པ་ཞིག་ལས་ཕྱིའི་དངོས་པོའི་ལོངས་སྤྱོད་ཁོ་ནས་ང་ཚོར་བདེ་སྐྱིད་འདོད་པ་ཁེངས་པ་ཞིག་བསྐྲུན་ཐབས་མེད་སྐོར་སོགས་གསུངས་ཡོད་པ་རེད།

ཉིན་གསུམ་གྱི་གསུང་ཆོས་བསྩལ་རྗེས་༧གོང་ས་མཆོག་གིས་མུ་མཐུད་དུ་རྒྱ་གར་རྒྱལ་ས་རྒྱལ་ལྡི་དང་ཁེ་ན་ཎ་བཅས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

མཆན། 3

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 12 སྔོན།

    བླ་མའི་སྐུ་ཚེ་བརྟན་པར་ཤོག འགྲོ་རྣམས་བསམ་དོན་འགྲུབ་པར་ཤོག

    Reply
  2. གཡག says:
    ལོ་ 12 སྔོན།

    སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་ཤོག བོད་མི་རིགས་ཀྱི་སྙིང་ནོར་དང་ལ་རྒྱ་གཟི་བྱིན། བསོད་ནམས་རེད།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    ལྷ་སའི་རྒན་མོས་ཇོར་མི་མཇལ་་ཞེས་པ་དེ་ང་ལ་བྱུང་་་
    ཁོང་གིས་སྐུ་ངལ་ཞིག་ཀྱང་མ་གསོས་པར་འདི་ལྟར་མུ་མཐུད་ནས་འགྲོ་དོན་བསྐྱངས་ན་སེམས་ཀྱིས་ཀྱང་བཟོད་ནི་ཞིག་མ་རེད་ད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist