མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་རང་སྒེར་ངོས་ནས་ལོ་གཉིས་གོང་ནས་གསལ་པོར་ཤེས་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དམངས་གཙོའི་དུས་དྲན་དང་བསྟུན་ཏེ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མི་མང་ལ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་སྟངས་སྐོར་ངོ་སྤྲོད་གནང་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་ ༢ ཉིན་ཏེ་བོད་ཀྱི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༡ འཁོར་བའི་དུས་དྲན་ཉིན་མོར་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༼༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་དོན་དང་བཅའ་ཁྲིམས་བསྐྱར་བཅོས་༽ཞེས་པའི་བརྗོད་གཞིའི་ཏོག་ངྷ་སའི་མང་ཚོགས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད།  

ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གནང་དོན་ལ། ཐེངས་འདིའི་བགྲོ་གླེང་ནི་བོད་ཀྱི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ང་གཅིག་འཁོར་བའི་དུས་དྲན་དང་བསྟུན་ཏེ་བསྡུས་པ་ཞིག་ཡིན་ཞིང་། བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་ཕྱོགས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་གཞི་རིམ་མང་ཚོགས་ནང་ཤེས་རྟོགས་ཡོང་སླད་ཡིན་ཟེར།  

 

མཛད་སྒོའི་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་སྐུ་ན་ཆུང་དུས་ནས་དམངས་གཙོའི་ལྟ་གྲུབ་ལ་མོས་པ་ཡོད་ལུགས་དང་། ཁོང་བགྲེས་ཡོལ་དུ་ཕེབས་སྟངས་དང་བཅའ་ཁྲིམས་བསྐྱར་བཅོས་གནང་ཕྱོགས། འདས་པའི་ལོ་ལྔ་བཅུ་ལྷག་གི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་འཕེལ་རིམ་སྐོར་གསུངས་ཏེ། ཕྱི་ལོ་ ༡༩༦༠ ལོའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་ལས་འཁུར་དམ་འབུལ་ཞུ་ཐུབ་པ་དེ་བོད་ཀྱི་དམངས་གཙོའི་འཕེལ་རིམ་ཐོག་ལེའུ་དང་པོ་དེ་ཆགས་ཡོད་པ་དང་། ཁོང་གི་དགོངས་གཞི་ལྟར་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་དངོས་སུ་གཏན་འབེབས་གནང་ཐུབ་ཡོད་སྐོར་སོགས་གསུངས་ཡོད།

ཁོང་གིས་མུ་མཐུད་དུ། ༡༩༨༧ ལོ་ཙམ་ནས་༧གོང་ས་མཆོག་གིས་བཀའ་སྤྱི་གཉིས་ལ་ཁྱེད་ཚོས་ངོས་རང་མེད་པ་བཞིན་ལས་ཀ་བྱ་དགོས་པ་རེད་ཅེས་བཀའ་སློབ་གནང་ཡོད་པ་ལྟར། ༡༩༩༨ ལོ་ནས་སྤྱི་འཐུས་ཀྱི་གྲོས་ཆོད་ཁག་ལ་མཚན་རྟགས་བསྐྱོན་མི་དགོས་པའི་ཐག་གཅོད་གནང་ཡོད་འདུག་ལ། བཀའ་བློན་ཁྲི་པ་བདམས་སྟངས་ཐད་དུ་ཡང་གྲོས་བསྡུར་དང་གྲོས་ཆོད་བརྒྱུད་མཐར། ༧གོང་ས་མཆོག་གིས་ང་ཚོས་ངེས་པར་དུ་འགྱུར་བ་གཏོང་དགོས་ཀྱི་འདུག ཉིན་ཞིག་ངོས་རང་མེད་པ་ཆགས་ན་དཀའ་ངལ་འཕྲད་ཀྱི་རེད། འགྱུར་བ་དེ་རྗེས་མ་གཏོང་རྒྱུ་ལས་ད་ལྟ་བཏང་ན་ཡག་གི་རེད་གསུངས་ཏེ། ༢༠༠༡ ཕྱི་ཟླ་ ༣ པའི་སྤྱི་འཐུས་གྲོས་ཚོགས་ནང་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ཡོད་པ་དང་། འགྲོི་སྟངས་དེའི་ཐོག་ནས་ཟམ་གདོང་རིན་པོ་ཆེ་མཆོག་མི་མང་གིས་ཐད་ཀར་བདམས་པའི་བཀའ་བློན་ཁྲི་པ་ཐོག་མ་ཆགས་ཡོད་སྐོར་གསུངས་སོང་།  

 

མཐའ་མར་ཚོགས་གཙོ་མཆོག་གིས། ལོ་ ༢ གོང་ང་རང་སྤྱི་འཐུས་ཚོགས་གཙོར་སྡོད་སྐབས། ང་ཚོ་དམངས་གཙོའི་འཕེལ་རིམ་དང་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་ཕོ་བྲང་དུ་བཅར་སྐབས། ༧གོང་ས་མཆོག་གིས་རྒྱལ་ཁབ་ཅིག་གི་ཆབ་སྲིད་འགན་དབང་དེ་མི་གཅིག་གིས་འཁུར་ན་ཉེན་ཁ་ཆེན་པོ་ཡོད་པ་རེད། བླ་མ་གཅིག་དང་བླ་བྲང་གི་འགན་འཁུར་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད་གསུངས་སོང་། བཀའ་སློབ་དེ་ང་ཚོའི་འོད་སྡེར་བཟོ་རྒྱུའི་ཆེད་གསུངས་སྟབས་ཁྱབ་བསྒྲགས་ལ་དེ་ཙམ་འགྲོ་ཐུབ་ཡོད་པ་མ་རེད། འདས་པའི་ལོ་ལྔ་བཅུའི་རིང་༧གོང་ས་མཆོག་གིས་རིམ་པ་བཞིན་འགྱུར་བ་བཏང་སྟེ་གྲ་སྒྲིག་གནང་ཡོད་པ་དེ། ང་རང་སྒེར་ངོས་ནས་ལོ་གཉིས་གོང་ནས་གསལ་པོར་ཤེས་ཀྱི་ཡོད། ཡིན་ནའང་། ན་ནིང་ལོར་ཁེ་ཎ་ཌའི་ཊོ་རིན་ཊོར་གསར་འགོད་པའི་དྲི་བའི་ལན་དུ། ༧གོང་ས་མཆོག་གིས་ཁོང་གི་བགྲེས་ཡོལ་གྲོས་ཚོགས་དང་བཀའ་བསྡུར་གནང་རྒྱུ་ཡིན་ཚུལ་གསུངས་རྗེས་ཁྱབ་བསྒྲགས་ཕྱིན་ཡང་། གསར་ལམ་མང་པོ་ཞིག་གིས་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བཀའ་སློབ་གནང་མ་ཐག་ཕྱག་ལས་གནང་མཚམས་འཇོག་རྒྱུ་ཡིན་པའི་གོ་བ་ལེན་གྱི་འདུག སྐབས་དེར་ང་ལའང་བརྒྱུད་ལམ་ཁག་འདྲ་མིན་ནས་ཁ་པར་ཡོང་སྟེ་སྐད་ཆ་འདྲི་མཁན་བྱུང་སོང་། ངས་བསམ་ན། ཤུགས་རྐྱེན་དེའི་འོག་ནས་༧གོང་ས་མཆོག་གི་དགོངས་གཞི་ལ་འགྱུར་བ་མགྱོཊ་པོ་ཕྱིན་པ་རེད་བསམ་གྱི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༨ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 7

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    རྡོ་རྗེ་ཚེ་རིང་ལགས ང་རང་དུས་བབ་ནང་༢༠༠༩ཙམ་ནས་མཆན་འདེབས་མགོ་བརྩམས་པ་ཡིན། དེ་སྔོན་རྡོ་རྗེ་ཚེ་རིང་ཟེར་བ་ང་རང་གཅིག་པུ་ལས་མིན་འདུག འོན་ཀྱང་རྡོ་རྗེ་ཚེ་རིང་གསར་པ་ཁྱོད་རང་ཐོན་ཡོང་གི་འདུག་པས། ངའི་བསམ་ཚུལ་དུ་ང་གཉིས་བསམ་བློའི་ཁ་ཕྱོགས་ཀྱི་ཆ་ནས་མི་མཐུན་ས་མང་པོ་ཞིག་ཏན་ཏན་ཡོང་གི་རེད། བྱས་ཙམ་ཁྱེད་རང་དུས་བབ་ནང་འཛུལ་མཁན་ཕྱི་མ་དེ་ཡིན་ཕྱིན་ཁྱེད་རང་གི་མིང་གི་མགོ་མཇུག་གང་རུང་དུ་མིང་གཞན་ཞིག་བཀོད་ན་ཡག་པོ་ཡོང་ས་རེད།

    Reply
  2. གངས་དཀར་སྒྲོལ་མ་མཚོ། says:
    ལོ་ 15 སྔོན།

    ཆེས་བཀུར་བར་འོས་པའི་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱི་ཤེས་འབྱོན་དང་ལྷག་བསམ་ལ་ཁ་སྔོན་གྲོས་ཚོགས་ནང་སྲིད་སྐྱོང་ཟུར་པ་མཁས་དབང་ཟམ་གདོང་རིན་ཆེས་བསྟོད་བསྔགས་བྱེད་པ་ངོ་མ་དོན་ལྡན་རེད་ལ་སྐུ་ཉིད་ཀྱིས་དབུ་ཁྲིད་འོག་གྲོས་ཚོགས་རྗེས་མའི་ནང་བཅའ་ཁྲིམས་བསྐྱར་བཅོས་ཁག་བདེ་ལེགས་ངང་ལེགས་འགྲུབ་ཡོང་བའི་ཡིད་ཆེས་ཡོད།
    སྲིད་སྐྱོང་དང་ཚོགས་གཙོ་བོ་གཉིས་དབང་ཚད་འདྲ་མཉམ་ཐོག་ནས་ཕན་ཚུན་གུས་བཀུར་བྱ་དགོས་ལས་ཚོགས་གཙོ་གཅིག་བུས་སྲིད་སྐྱོང་ལ་གུས་བཀུར་བྱ་དགོས་པའི་མང་གཙོ་སྲིད་གཞུང་ཞིག་གང་ན་ཡོད་དམ།
    འགན་འཁུར་མེད་པའི་སྐད་ཆ་དང་དགོས་མེད་ཀྱི་རྙོག་གླེང་མ་མང་།

    Reply
  3. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབས་རྩོམ་སྒྲིག་པ་ལགས། ཐེངས་འདིར་རྗེས་འདེད་མཁན་གྱི་གྲས་ན་རྡོ་རྗེ་ཚེ་རིང་ཞེས་ཕྲན་གྱི་མིང་མཚུངས་ཞིག་འདུག་སྟབས། དེ་ལུགས་བཞིན་ངེད་གཉིས་མ་ནོར་བའི་ཆེད་དུ་རྟགས་གང་རུང་ཞིག་ངའི་ཐོ་མིང་ལ་བསྟུན་ནས་བསྒྱུར་བཅོས་རེ་བྱེད་རོགས།

    Reply
  4. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ད་ཚོགས་གཙོ་མཆོག་ལ་ཞེན་པ་འདྲ་ལོག་སོང་། ཁ་མཁས་འདྲ་ཆགས་ཙམ་ལས་གཞན་ཅང་མཐོང་མ་སོང་།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤེན་པ་ཚེ་རིང་ལགས་་་ཁྱེད་རང་སྒེར་གཅོད་ཞིག་ཡིན་པྭ། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདི་ལ་འགྱུར་བ་གཏོང་གི་མིན་ཟེར་ནས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་དམངས་མོས་བྱུང་ཡོད་ནའང་ཁྱོད་ཚོས་སྒེར་གཅོད་བྱས་ནས་དམངས་མོས་སུ་གུས་བཀུར་མེད་པར་བོད་གཞུང་མིང་བསྒྱུར་བཞག་ཡོད་པྭ། ད་དུང་མང་གཙོ་སྐོར་ཅིག་བཤད་ནས་ངོ་ཚ་ཡ་འདྲ་མེད་པས། སུ་ཡིས་ཁྱོད་ཀྱི་སྐད་ཆ་ལ་ཡིད་ཆེས་བྱེད་ཀྱི་རེད་དམ། བསམ་བློ་ཡག་པོ་ཐོངས་ལོ། བོད་རྒྱལ་ཁབ་ཀྱི་ཆེད་དུ་ན་ཐུབ་མཁན་དང་ཤི་ཐུབ་མཁན་དེ་འདྲ་མང་པོ་ཡོད་ས་རེད་ད།

    Reply
  6. tashi.dorjeee says:
    ལོ་ 15 སྔོན།

    གངས་མང་འདི་སྙིང་རྗེས་ཡང་འདི་འདྲ་ཞིག་རེད་ཧཧཧཧ

    Reply
  7. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་གིས་ནམ་ཡང་ང་དང་ངའི་ཟེར་གྱི་མང་དྲག་གི དེ་རིང་ཡང་ང་རང་གི་ལོ་གཉིས་སྔོན་ནས་ཤེས་ཀྱི་ཡོད་པ་དང་། ཉེ་སྔོན་གནམ་ཐང་ནས་ང་དང་ངའི་དྲན་སོང་ཟེར་ཡ་སོགས་ཀྱི་མང་གཙོའི་ལམ་ལུགས་ལ་འགོག་རྐྱེན་ཆེན་པོ་ཐེབས་སྲིད། འབྱུང་འགྱུར་གྱི་ལོ་ལྔ་བོ་ཡང་སྔར་བཞིན་གཏམ་གླེང་དང་མི་ཁ་ལས་ཐར་ཏེ་མཁས་དབང་བློ་བཟང་གི་དཔུང་གྲོགས་བྱེད་རྒྱུ་གལ་ཆེན་རེད། ཕར་ལྟ་ཚོད་ལ་བཀའ་ཁྲི་བློ་སེང་ཚང་ལ་ཡང་གུས་ཞབས་མེད་པ་འདྲ་བོ་བྱེད་ཀྱི་འདུག དེ་ནི་བསམ་གཞིག་དང་སྐུབ་སྟེགས་ལ་འདང་མ་བརྒྱབ་པ་ཞིག་རེད། ཉེ་སྔོན་གོང་ས་མཆོག་གིས་ཀྱང་བཀའ་ཁྲི་ལ་གུས་ཞབས་བྱེད་ལུགས་ལ་ལྟོས་དང་། མདོར་ན་མཉམ་ལས་དང་གཅིག་སྒྲིལ་གྱིས་མང་གཙོའི་ལམ་ལུགས་ལ་རྐྱང་རྟ་བྱེད་རྒྱུ་གལ་ཆེན་དུ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese