མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

                     སྤོན་ཊ་གཏན་སློབ།        པདྨ་བསམ་གྲུབ།

ཉིས་སྟོང་བཅུ་གཅིག་ལོ་འདིར་འཛམ་གླིང་ལོ་རྒྱུས་ཐོག་མིའི་རིགས་ཀྱི་སྙིང་སྟོབས་དཔེ་མཚོན་དུ་བགྲང་འོས་པའི་ཆབ་སྲིད་གསར་བརྗེ་ཡི་རྡོ་རིང་དུ་མ་ཞིག་བསླངས་བྱུང༌། རྒྱལ་ཁབ་དེ་ཚོའི་མི་མང་གི་ཚེ་སྲོག་དང་ཁྲག་དྲོན་གྱི་བློས་གཏོང་ཆེན་པོ་དེས། ད་གཟོད་ཁོང་ཚོས་ཡུན་རིང་སྙིང་ལ་བརྣག་པའི་མངོན་འདོད་དེ། དམངས་གཙོའི་འཚོ་བར་རང་དབང་གིས་རོལ་བའི་སྟ་གོན་བྱས་སོང་། དེ་ལྟ་ནའང༌། སྒེར་སྡོམ་དང་དྲག་སྤྱོད་ལ་ཞེན་པའི་རྒྱ་ནག་ཏུ་འགྱུར་བ་སྤུ་ཉག་ཙམ་ཡང་མ་སོང༌། དེ་བས་རྒྱ་རིགས་སྒྱུ་རྩལ་པ་གྲགས་ཅན་ཨེ་ཝེ་ཝེ་ཡིས་པེ་ཅིན་ལ་“འཚེ་བའི་གྲོང་ཁྱེར”ཞེས་བོས་པ་བཞིན། ཁོང་གིས་ཡར་ཐོན་ཆེ་བའི་པེ་ཅིན་གྲོང་ཁྱེར་ཏེ་རྒྱ་ནག་གི་རྒྱལ་སའི་མི་མང་གི་གཞི་རྩའི་རང་དབང་ཐད། ཁོང་གླིང་ག་ཞིག་ཏུ་སྐྱོད་སྐབས་ཀྱི་འཕྲད་རྐྱེན་དཔེ་རུ་དྲངས་ཏེ་“མི་ཉུང་ཤས་ཤིག་ངའི་སར་ཡོང་ནས་ང་ལ་མཐེ་བོང་སྟོན་པ་དང་ཕྲག་པར་ལག་པ་འཇོག ཅིའི་ཕྱིར་ཁོང་ཚོས་དེ་འདི་འདྲའི་གསང་སྟབས་ཀྱིས་བྱེད་པ་ཡིན་ནམ། སུ་གང་གིས་ཀྱང་སྨྲ་སྒོ་འབྱེད་པར་མི་ནུས། ཁོང་ཚོས་ཅི་ཞིག་ལ་ངང་སྒུག་བྱེད་ཀྱིན་ཡོད་དམ།”ཞེས་གསུངས།

 

དཔལ་འབྱོར་དང་ཚོང་ལས་དར་ཆེ་བའི་རྒྱལ་ས་པེ་ཅིན་དུའང་མི་མང་ལ་རང་དབང་དང་དམངས་གཙོའི་རྣམ་པ་ཙམ་ཡང་མི་མངོན་པའི་ཚུལ་ལ་འདི་ལྟར་སྡུག་སྨྲེ་འདོན་དགོས་ན། ང་ཚོའི་ཕ་ཡུལ་བོད་དེ་ཉམ་ཐག་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་བཙན་འཛུལ་བས་དེ་ལྟར་མི་བྱེད་ག་ལ་སྲིད། དྲག་གནོན་ཅི་འདྲ་རྩུབ་ཅིང་དཀའ་སྡུག་གང་འདྲ་ཆེ་ཡང༌། བོད་བཙན་པོའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་མ་ཉམས་པའི་བོད་རྒྱ་ཆེའི་མི་མང་གིས་གཅིག་རྗེས་གཉིས་མཐུད་དུ་བཙན་གནོན་ལ་ངོ་རྒོལ་བྱས་ཤིང༌། རང་གི་གཅེས་པའི་ལུས་སྲོག་ཚུན་ཆད་མི་རིགས་ཀྱི་རང་དབང་དང་བདེན་པའི་དཔལ་འབར་དུ་བསྒྲོན་དང་སྒྲོན་བཞིན་ཡོད། སྐབས་དེ་འདྲའི་ཚེ་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་གི་སྐུ་དབང་ཡོད་ཚད་མི་དམངས་ལ་བརྒྱུད་སྤྲོད་ཀྱིས་འཛམ་གླིང་ལ་མིག་དཔེ་གསོན་ཉམས་ལྡན་པ་ཞིག་བཞག་གནང་མཛད། དེ་ན་ཚེ་སྲོག་དང་ཁྲག་དྲོན་གྱི་འགྲོ་གྲོན་མེད་ལ། བཙན་དབང་དང་གདུག་རྩུབ་ཀྱི་མནར་གཅོད་ཀྱང་མེད། དེ་ན་བྱམས་པ་དང་བརྩེ་བའི་དྲོད་ཁོད་འབའ་ཞིག དེ་ལྟའི་འཇིག་རྟེན་ན་དཀོན་པའི་ཁོང་གི་བཀའ་དྲིན་ཟླ་མེད་ཀྱིས། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་རི་སུལ་རྡ་རམ་ས་ལ་གཙོས་པའི་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་ཚོས་གཟི་བརྗིད་ཀྱི་ངང་ནས་དམངས་གཙོའི་དུས་དྲན་ཐེངས་ང་གཅིག་པ་སྲུང་བརྩི་བྱས་ཤིང༌། བཙན་བྱོལ་བོད་མིའི་ཡང་དག་པའི་དམངས་གཙོ་ཞེས་པའི་ཁ་གཡང་བསྒྲགས།

 

དོན་དངོས་སུ་ཡང་དེ་ལྟར་ཡིན་ཏེ། རླབས་ཆེ་བའི་གྲུབ་འབྲས་འདི་ནི་རྒྱལ་བ་རིན་པོ་ཆེ་ཁོང་ཉིད་ཀྱིས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་འབད་འབད་དུང་དུང་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་རིམ་པས་སྦྱོང་བརྡར་སྤྲད་པའི་འབྲས་བུ་ཁོ་ན་ཞིག་ཡིན་ལ། འདི་ནི་ལོ་རྒྱུས་ཤིག་གི་ངོས་དང་ཆབ་སྲིད་ལམ་ལུགས་ཀྱི་འཕེལ་རིམ་ཞིག་གི་ངོས་ནས་བསམ་ན་དེ་བས་ཀྱང་བླ་ན་མེད་པའི་གྲུབ་འབྲས་ཤིག་རེད། གྲུབ་འབྲས་འདི་ཁྱེར་ཏེ་ང་ཚོས་དགའ་སྤོབས་དང་རྒྱལ་ཁའི་ངང་དམངས་གཙོའི་དུས་དྲན་སྲུང་བརྩི་བྱས་ཡོད། འོན་ཀྱང༌། ཞིབ་དུ་བསམ་ན་དུས་དྲན་སྲུང་བརྩི་འདིས་འུ་ཅག་ལ་ངང་ངམ་ཤུགས་ཀྱིས་འགན་ཁུར་ལྕི་མོ་ཞིག་ཀྱང་བསྣམས་ཏེ་ཡོད། འགན་ཁུར་དེ་ཅི་ཞིག་ཡིན་ནམ། དེ་ནི་ཆབ་སྲིད་ཀྱི་ལམ་ལུགས་དང་ཁྲིམས་ལུགས་ཀྱི་ཁེ་དབང༌། སྤྱི་ཚོགས་ཀྱི་སྒྲོམ་གཞི་ལས་ལྷག་ཅིང༌། དེ་དག་དང་ནམ་ཡང་འབྲལ་དུ་མེད་པའི་སེམས་ཉིད་ཀྱི་དམངས་གཙོའོ།། འདི་ནི་སློབ་གསོ་དང་སྤྱི་ཚོགས་ལག་ལེན་རྒྱུད་ནས་འོངས་བའི་བློ་སྦྱོང་ཞིག་ཡིན་ལ། འདི་ནི་སུས་ཀྱང་སྤྲོད་ལེན་བྱེད་ཐབས་མེད་པའི་བློ་སྦྱོང་དང་སློབ་སྦྱོང་ཟུང་དུ་སྦྲགས་མའི་བློས་གཏོང་ཆེན་པོ་ཞིག་དང་། མཆོངས་སྐྱོད་ཆེན་པོ་ཞིག་གི་ཁ་ཕྱོགས་ཡིན། དེ་བས་ང་ཚོས་མི་རབས་གསར་བ་ཞེས་པའི་ཁ་ཕོ་དང་ལྷན་དུ་རང་ཉིད་ཀྱི་མི་འདང་ས་ངོས་ཟིན་དགོས་ལ། ང་ཚོའི་སྤྱི་ཚོགས་ཀྱི་རྒྱབ་མདུན་དག་ན། ད་ལྟ་ད་དུང་ཡང་མིའི་བསམ་གཤིས་ཐོག་གི་ནག་ཉེས་དང་རྨོངས་མུན་མཐུག་པོ་རུ་ཆགས་འདུག་ཅིང༌། བཤད་མཁན་གྱི་འོས་འགན་འདུ་ཤེས་དང་ཉན་མཁན་གྱི་ཁག་ཁུར་བསམ་པ་སོགས་ཀྱི་ཧྲག་བར་དག་ན་ཡང་དག་པའི་དམངས་གཙོའི་བློ་སྟོབས་ཀྱིས་གཙང་ཕྱག་བྱ་དགོས་པའི་སྙིགས་རོ་མང་བས། ང་ཚོར་རང་ཉིད་ནས་མགོ་བརྩམ་དགོས་ས་དང་། རང་ཉིད་ཀྱིས་རང་ཉིད་ལ་འཕྱི་དོར་བྱ་དགོས་པའི་འོས་འགན་ཤིན་ཏུ་ལྗིད་དོ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༤ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༦ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༩ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༡༠ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 3

  1. གླག་སྨྱོན། says:
    ལོ་ 15 སྔོན།

    དེ་སྔ་ནི་གནམ་ཟམ་གདོང་ལ་དབང་བའི་ལོ་ངོ་དག་ཡིན་པས་བཙན་བྱོལ་བོད་མའིསྒྲིག་འཛུགས་སུ་མང་གཙོ་ཞེས་འབོབ་དགོས་པ་ཡང་ཡང་བཤད་པས་རེད་མ་གཏོགས་དོན་ངོ་མ་དམངས་གཙོ་ཞེས་འབྲི་རྒྱུ་རེད། ཚིག་འདི་གཉིས་ཀྱི་དབྱེ་འབྱེད་དེ་ཟམ་གདོང་གིས་ཐོག་མར་བྱས་པ་རེད།

    Reply
  2. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    སི་ནེ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ངོས་ལེན་མེད་ཟེར།

    ཨོ་སི་ཁྲུ་ལི་ཡ་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་མང་གཙོའི་དུས་ཆེན་ཉིན་གཅིག་ཕྱིར་འཐེན་གྱིས་ཟླ་འདིའི་ཚེས་༣ ཉིན་སྲུང་བརྩི་བྱས་པ་དང་། སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲུང་ཆེ་དངོས་གྲུབ་རྒྱལ་མཚན་གཉིས་ཕེབས་ཡོད་པ་རེད།
    དེ་དང་སྟབས་བསྟུན་སི་ནེ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་གིས་རྩིས་སྤྲོད་རྩིས་ལེན་བྱེད་སྐབས། བཀྲ་ཤིས་རྒྱ་མཚོ་ཞེས་པ་ཡར་ལངས་ནས་དེ་སྔོན་༧གོང་ས་མཆོག་གིས་མང་གཙོ་མི་མང་ལ་གནང་སྟེ་མི་ལོ་ལྔ་བཅུ་ལྷག་ཙམ་འགྲོ་བཞིན་ཡོད་ཀྱང་། ད་དུང་ས་གནས་འདིར་རྒྱ་གུང་ཁྲན་གྱི་སྲིད་བྱུས་དང་གཅིག་མཚུངས་འདྲ་བོ་ཞིག་བྱེད་ཀྱི་ཡོད་པ་རེད། ངའི་ངོས་ནས་རྒྱུན་ལས་གསར་པ་ཚོར་ངོས་ལེན་བྱེད་ཐུབ་ཀྱི་མེད་ཅེས་བཤད།
    དེ་རྗེས་དཔལ་འབྱོར་ཚེ་རིང་ཞེས་པ་ཡར་ལངས་ཏེ་རྒྱུན་ལས་གསར་འདེམས་བྱུང་བ་དེ་དོན་དངོས་ཐོག་ཡག་པོ་དང་དྲང་པོ་བྱུང་མེད་པ་དེ། སྐུ་ཚབ་དོན་གཅོད་ཀྱིས་ཤེས་ཀྱི་ཡོད་དམ་མེད།འདིའི་ཐོག་ལ་དོན་གཅོད་ཀྱིས་གསལ་བཤད་དྲང་པོ་མ་བྱས་ན། ངས་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བཤད།
    དེ་ནས་ཨ་པོ་དགའ་དགའ་ཞེས་པ་ཡར་ལངས་ཏེ་ང་མི་རྒན་ཞིག་གི་རེ་བ་ལ། ཁྱེད་ཅག་འདིར་ཡོད་བོད་མི་ཚོར་བསམ་པ་རྣམ་དག་གིས་རེ་འདུན་ཡོད་པ་ནི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱས་ནས་སྡོད་དགོས་སྐོར་སོགས་མི་མང་ལ་བསླབ་བྱ་བརྒྱབ་སྟེ། མི་མང་གིས་ཀྱང་ཉན་བཞིན་པའི་སྐབས་སུ་གློ་བུར་དུ་རྡོ་རྗེ་སྒྲོལ་མ་དང་ཆོས་སྒྲོན་སོགས་ཀྱིས་འབོད་འགུག་བྱས་པའི་ས་གནས་ཉེན་རྟོག་པ་སླེབས་ཏེ། དཔལ་འབྱོར་ཚེ་རིང་ཁྲིད་བཅུག་ཡོད་པ་རེད། སྐབས་དེར་ཁག་ཅིག་དགའ་ནས་ལག་པ་བརྡབ་ཡོད་ཀྱང་མི་མང་པོ་ཧང་སང་བ་དང་། ཡང་ཁག་ཅིག་ནི་བོད་མི་ནང་ཁུལ་ལ་བསམ་ཚུལ་བཤད་པ་ཙམ་གྱིས་ཉེན་རྟོག་མི་སྣར་རྩིས་སྤྲོད་བྱས་པར་བློ་ཕམ་ཡོད་ཅེས་ངར་ཤུགས་ཀྱིས་བཤད་མཁན་བྱུང་ཡོད་པ་རེད།
    དཔལ་འབྱོར་ཚེ་རིང་གི་སྐྱེ་དམན་གཡང་ཕྱུག་སྐྱིད་ཀྱིས་ངའི་བཟའ་ཟླ་ཉེན་རྟོག་མི་སྣར་རྩིས་སྤྲད་བྱེད་དགོས་དོན་གང་ཡིན་རྒྱུན་ལས་དང་སྐུ་ཚབ་དོན་གཅོད་སོགས་ཀྱིས་ངེས་པར་དུ་གསལ་བཤད་བྱེད་དགོས་ཞེས་ངར་ཤུགས་ཆེན་པོའི་ཐོག་ནས་བཤད་ཀྱང་། སྐུ་ཚབ་དོན་གཅོད་དང་རྒྱུན་ལས་གསར་རྙིང་སུ་ཞིག་གིས་གསལ་བཤད་རྒྱག་རོགས་མ་བྱས་པའི་དབང་གིས་མོའི་རོགས་པ་ཁག་ཅིག་ངར་ཤུགས་ལངས་ཏེ་ཁ་རྩོད་ཤུགས་ཆེན་བརྒྱབ་ཡོད་པ་རེད།
    དེ་སྔོན་སྐབས་བཅུ་གཅིག་པའི་རྒྱུན་ལས་འོས་འདེམས་བྱེད་སྐབས། ས་གནས་འོས་བསྡུའི་འགན་ལེན་ཚོགས་ཆུང་གི་ངོས་ནས་འོས་བསྡུ་ཚགས་ཚུད་བྱུང་ཡོད་མེད་ཀྱི་གླེང་རྙོག་ཅིག་མི་མང་ནང་ཡིག་ངག་གཉིས་ཀྱི་ཐོག་ནས་ཁྱབ་སྤེལ་བྱེད་བཞིན་ཡོད་པའི་དབང་གིས། ས་གནས་བོད་མི་བཀྲ་ཤིས་རྒྱ་མཚོ་དང་དཔལ་འབྱོར་ཚེ་རིང་སོགས་ཀྱིས་གསར་འདེམས་བྱུང་བའི་རྒྱུན་ལས་སྐབས་བཅུ་གཅིག་པ་དེ་དྲང་བདེན་གྱི་ལམ་ནས་འོས་འདེམས་བྱེད་ཐུབ་མེད་སྐོར་སོགས་བཤད་པའི་དབང་གིས། གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་རྡོ་རྗེ་སྒྲོལ་མ་དང་ཆོས་སྒྲོན་སོགས་ཀྱིས། ས་གནས་ཉེན་རྟོག་མི་སྣ་སྐད་བཏང་སྟེ། དཔལ་འབྱོར་ཚེ་རིང་དུས་རྒྱུན་བོད་མི་མཉམ་འཛོམས་སྐབས་སུ་རྙོག་གྲ་སློང་མཁན་རེད་ཅེས་ཉེན་རྟོག་རྩིས་སྤྲོད་བྱས་ཡོད་པ་རེད།
    མི་མང་ནང་རྙོག་གླེང་ཆེན་པོ་བྱུང་བ་དང་། ད་ཐེངས་ཀྱི་དུས་ཆེན་མཛད་སྒོ་མཇུག་སྒྲིལ་མ་ཐུབ་པར་གྲོལ་དགོས་བྱུང་ཡོད་པ་རེད།
    འོན་ཀྱང་དཔལ་འབྱོར་ཚེ་རིང་ཉེན་རྟོག་པས་སྐར་མ་འགའ་ཤས་རྗེས་སུ་ཕྱིར་བཏང་སོང་ལ། ཁོ་སྔར་ལྟར་རྩོད་པ་རྒྱག་ཏུ་སླེབས་སྐབས་ཉེན་རྟོག་པ་སྐད་གཏོང་མཁན་ཚོ་ངོ་གནོང་ནས་སྡོད་དགོས་བྱུང་ཡོད་པ་རེད།

    དེའི་མཚན་མོ་སྐུ་ཚབ་དོན་གཅོད་ཀྱིས་རྒྱུན་ལས་གསར་རྙིང་གཉིས་ཆ་བསྡུ་བསྐོང་བྱས་ཏེ། ཁྱོད་རང་ཚོས་ཉེན་རྟོག་མི་སྣ་སྐད་བཏང་ནས་མི་འཇུ་བཟུང་བྱེད་བཅུག་པ་ནི་ནོར་འཁྲུལ་ཆེན་པོ་ཡིན་སྐོར་སོགས་བཤད་ཡོད་པ་རེད་འདུག གནས་ཚུལ་འདིའི་རིགས་ད་ཐེངས་གཅིག་པུ་མིན་པར། ས་གནས་འདིར་ཡོད་པའི་བོད་མི་ཚོའི་བར་དུ་ལྷག་བསམ་དག་དང་མ་དག བསྟུན་མཁས་དང་བྱེད་སྟངས་འགྲིག་མིན་ཇི་སྙེད་ཅིག་གིས་དཀའ་ངལ་གང་མང་ཞིག་འཕྲད་ཀྱི་ཡོད་པ་རེད།
    བོད་པ་ཚོས་སྨོན་ལམ་འདོན་ས་དང། ཚོགས་འདུ་སོགས་འདུ་འཛོམས་བྱེད་ས་ཡི་ཤུ་ལྷ་ཁང་ཞིག་ནམ་རྒྱུན་གཡར་གྱི་ཡོད་ཡོད་ནའང། ད་ཐེངས་འདིར་ཉེན་རྟོག་མི་སྣ་ཁྲིད་དེ་བོད་མི་ཚོར་རྙོག་གླེང་བྱུང་བའི་རྐྱེན་གྱིས་ད་ནས་བཟུང་སྟེ། བོད་པ་ཚོར་ལྷ་ཁང་གཡར་མི་ཆོག་པའི་བརྡ་ཁྱབ་ཀྱང་འབྱོར་ཟིན་ཡོད་པ་རེད།།
    ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་སིར་ནེ་གྲོང་ཁྱེར་ནས།
    མཐའ་མའི་བསྐྱར་བཅོས། ( ‘༢༠༡༡, ༠༩, ༧’ )
    མཐའ་མའི་བསྐྱར་བཅོས། ( ‘༢༠༡༡, ༠༩, ༧’ )
    འདི་ནི་བོད་ཀྱི་བང་ཆེན་ལས་འདྲེན་བཀོད་བྱས་བ་ཡིན། དམངས་གཙོ་ལག་ལེན་བསྟར་རྒྱུ་ཕར་བཞག་ནས་རྒྱ་ནག་གི་སྲིད་ཇུས་དངོས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལག་བསྟར་གཏོང་བཞིན་པའི་ཟུར་ཞིག་རེད།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    སྤྱིར་བཏང་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་ཡག་པོ་ཞེ་དྲགས་གསུངས་འདུག འོན་ཀྱང་ཁྱེད་ཀྱིས་དམངས་གཙོ་ཞེས་པའི་ཚིག་དེ་ཡང་ཡང་བེད་སྤྱོད་གནང་འདུག མཇུག་ཏུ་བཀའ་དྲི་ཞུ་རྒྱུར། དམངས་གཙོ་དང་མང་གཙོ་གཉིས་ལ་ཁྱད་པར་གང་ཡོད་དམ། གལ་སྲིད་གཅིག་པ་ཡིན་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དམངས་གཙོ་ཞེས་པའི་ཚིག་འདི་བཀོལ་སྤྱོད་མི་བྱེད་དོན་ཅི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese