མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝར་ན་མཐོ་སློབ་ནང་གྲྭ་བཙུན་དགའ་རོཊ་སྒྲིག་མཁན་མངོན་གསལ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp


འདས་པའི་ལོ་འགའི་གོང་ནས་བཟུང་ཝར་ན་མཐོ་སློབ་ཀྱི་ཕྱིའི་འཛུགས་སྐྲུན་ཡར་རྒྱས་ཆེ་ཡང་ནང་གི་ཤེས་ཡོན་སྤུས་ཀ་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་སློབ་གྲྭའི་སྒྲིག་གཞི་དང་སློབ་མའི་ཀུན་སྤྱོད་ཀྱང་ཅུང་ཉམས་རྒུད་ཀྱི་སྣང་ཚུལ་བྱུང་སྟེ། སློབ་གྲྭའི་ཁོར་ཡུག་ནང་གྲྭ་བཙུན་ཚོའི་བར་དགའ་རོགས་སྒྲིག་བཞིན་པའི་གནས་ཚུལ་ཡང་མངོན་གསལ་དུ་འགྱུར་བཞིན་ཡོད་འདུག

ཝ་ཎ་མཐོ་སློབ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བོད་རིགས་མཐོ་སློབ་ཆེ་ཤོས་དེ་ཡིན་ཞིང་། འདས་པའི་ལོ་རྒྱུས་ཁྲོད་མཐོ་སློབ་དེས་ལོ་ཙཱ་བ་དང་ཤེས་ཡོན་ཅན་གང་མང་ཞིག་སྐྱེད་སྲིང་བྱས་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུའང་མཐོ་སློབ་དེ་ནས་མཐར་ཕྱིན་པའི་གཞུང་ཞབས་སྲི་ཞུ་བ་མང་པོ་ཞིག་བྱུང་ཡོད། བར་སྐབས་ཤིག་ནས་མཐོ་སློབ་དེའི་སློབ་མའི་ཤེས་ཚད་ཉམས་རྒུད་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ཞིག་བྱུང་ཡོད་ལ། ཉེ་བའི་ལོ་ཤས་ནས་ཝར་ཎ་མཐོ་སློབ་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་མང་དུ་ཕྱིན་པ་དང་། སློབ་གྲྭའི་དགེ་རྒན་མང་པོ་ཞིག་ཕྱི་རྒྱལ་ཁག་ཏུ་བསྐྱོད་པ་བཅས་ཀྱིས་སློབ་གྲྭ་སྤྱིའི་ཤེས་ཡོན་གྱི་མཁའ་དབུགས་དང་། བྱེ་བྲག་བོད་པའི་རྩ་དོན་འཐབ་རྩོད་ཀྱིས་མཚོན་པའི་མི་རིགས་ཀྱི་ལ་ཞེན་དང་། རིག་གཞུང་ལ་དུང་ཞེན་སོགས་ཀྱང་ཅུང་ཉམས་ཞན་དུ་འགྱུར་བཞིན་ཡོད་འདུག ལྷག་པར་དུ་ཝར་ན་མཐོ་སློབ་ནང་བོད་པའི་ཆོས་རྒྱུད་ཆེན་པོ་ཁག་གི་སྡེ་ཚན་ཡོད་པ་བཞིན། སློབ་ཕྲུག་གྲྭ་བཙུན་ཚོའི་ནང་དགའ་རོགས་སྒྲིག་བཞིན་ཡོད་པའི་ཚུལ་མིན་གནས་ཚུལ་ཞིག་ཁ་དར་བཞིན་ཡོད་པ་ཡོངས་གྲགས་ཆགས་ཡོད།

 

    ཝར་ཎ་མཐོ་སློབ་ཀྱི་མིག་དམར་ཤཱ་སྟི་ལགས་ཀྱིས་ད་ལྟའི་མཐོ་སློབ་དེའི་གནས་སྟངས་སྐོར་ངོ་སྤྲོད་བྱས་པ་ལྟར་ན། ད་ཆར་ཝར་ཎ་མཐོ་སློབ་ཏུ་ཁྱོན་སློབ་ཕྲུག་ ༤༠༠ ལྷག་ཡོད་པའི་ནང་ཕྱེད་ཀ་ཙམ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ཆགས་ཡོད་པ་དང་། མཐོ་སློབ་དེར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གྲངས་འབོར་མང་དུ་ཕྱིན་པ་དེས། སློབ་ཕྲུག་ཚོའི་བོད་ཀྱི་རིག་གཞུང་གི་ཤེས་ཚད་དང་ཆབ་སྲིད་ཀྱི་གོ་རྟོགས་ཇེ་ཞན་དུ་འགྲོ་བཞིན་ཡོད་འདུག་ལ། གནས་སྟངས་དེའི་དབང་གིས་མཐོ་སློབ་ཀྱི་སློབ་ཕྲུག་མང་དག་ཅིག་ལ་རང་གི་ལྟོ་རྒྱབ་ཙམ་ལས། མི་རིགས་དང་རིག་གཞུང་ལ་སྲི་ཞུ་བསྒྲུབ་རྒྱུའི་ཀུན་སློང་དང་དམིགས་ཡུལ་རྩ་ཡལ་དུ་འགྲོ་བཞིན་ཡོད་པ་དང་། སློབ་གྲྭའི་འཛིན་སྐྱོང་སྒྲིག་གཞི་ཚགས་ཚུད་མེད་པའི་གནས་སྟངས་འོག སློབ་གྲྭའི་བོད་རིགས་དགེ་རྒན་ཁག་ཅིག་རང་ཉིད་ཀྱི་སྒེར་དོན་ཆེད་ཕྱི་རྒྱལ་ཁག་ཏུ་ཡང་ཡང་སྐྱོད་བཞིན་པ་དེས། སློབ་མའི་ཉིན་རེའི་སློབ་ཁྲིད་ཐོག་འཐུས་ཤོར་ཆེན་པོ་འགྲོ་བཞིན་ཡོད་ཚུལ་བརྗོད་བྱུང་།

ལྷག་པར་དུ་ཁོང་གིས་ནན་ཏན་གྱིས་བརྗོད་པ་ཞིག་ནི། སློབ་ཕྲུག་གྲྭ་བ་རེ་ཟུང་གིས་སློབ་གྲྭའི་ཁོར་ཡིག་ནང་མངོན་སུམ་འཛེམས་མེད་ཀྱིས་སློབ་གྲོགས་ཨ་ནེ་དང་བུ་མོ་ཚོར་དགའ་རོགས་སྒྲིག་པ་དེ་འདུལ་བའི་ཁྲིམས་དང་སློབ་གྲྭའི་སྒྲིག་གཞི་གཉིས་ཀར་འགལ་གྱི་ཡོད་ཀྱང་། འཛིན་སྐྱོང་གིས་ལྟ་སྲུང་དོ་དམ་མི་གནང་བ་དེས་སློབ་གྲྭའི་མཚན་སྙན་དང་། བོད་ཀྱི་དགེ་འདུན་པར་མཚན་ཤས་བཟོ་བཞིན་ཡོད་པའི་དཀའ་ངལ་བརྗོད་བྱུང་ལ། སློབ་གྲྭའི་འཛིན་སྐྱོང་ངོས་ནས་རིགས་གཅིག་རྐང་འཛིན་(research in specialization) གཙོས་པའི་སློབ་གྲྭའི་གཏན་འབེབས་ལས་གཞི་འགའ་ཞིག་ཡིག་ཐོག་ཏུ་བཀོད་ཡོད་པ་ལྟར། ལག་ལེན་ཏག་ཏག་བསྟར་གྱི་མེད་པ་དེ་སློབ་སྦྱོང་མཐིལ་ཕྱིན་བྱ་འདོད་ཡོད་རིགས་ལ་འདོད་པ་མ་ཁེངས་པ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་བྱུང་།  

 

    མིག་དམར་ཤ་སྟི་ལགས་ཀྱིས་བརྗོད་དོན།  “ ཝར་ཎ་མཐོ་སློབ་ཀྱི་དངོས་པོའི་མཐུན་རྐྱེན་གང་འཚམ་ཡག་པོ་ཡོད་ཀྱང་། སློབ་ཕྲུག་ཚོར་མི་རིགས་སློབ་གསོ་དང་རིག་གཞུང་སློབ་སྦྱོང་གི་ཀུན་སློང་ཧ་ཅང་སྐྱོ་བོ་འདུག ཁོང་ཚོར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ངར་ཤུགས་དེ་མངོན་གསལ་དོད་པོས་ཇེ་ཞན་དུ་འགྲོ་བཞིན་འདུག་ལ། ད་ཆར་སློབ་ཕྲུག་མང་ཆེ་བར་ཝར་ན་མཐོ་སློབ་གྱི་ལག་ཁྱེར་ཙམ་རག་སྟེ། ལྟོ་རྒྱབ་འཚོལ་རྒྱུ་ལས་དམིགས་ཡུལ་གཞན་གང་ཡང་མེད་པ་ཆགས་ཀྱི་འདུག དགེ་རྒན་ལ་ཆ་བཞག་ནའང་། བོད་ཀྱི་ཆབ་སྲིད་གནད་དོན་གླེང་མཁན་ཤིན་ཏུ་དཀོན་པོ་རེད་ལ། དེའི་ཐོག་འཛིན་སྐྱོང་ལའང་དོ་སྣང་ཡོད་པ་མ་རེད། སློབ་ཕྲུག་ལ་མི་རིགས་སློབ་གསོ་མེད་པ་དང་རིག་གཞུང་གོ་རྟོགས་ཇེ་ཞན་དུ་ཕྱིན་པ་དང་བསྟུན་ཏེ། སྤྱི་ཚོགས་ཀྱི་སྣེ་འཁྲིད་ཐུབ་མཁན་གྱི་སློབ་ཕྲུག་རེ་བ་ཅན་ཞིག་ཕལ་ཆེར་སྟོན་རྒྱུ་མེད་པ་ཆགས་འདུག ཆུང་ས་ནས་བཤད་ན། སློབ་ཁྲིད་ཀྱི་ནང་སྦྱོང་འབྲི་དགོས་ཀྱི་མེད་དུས་སྐད་ཡིག་དང་རྩོམ་རིག་ཐོག་འཐུས་ཤོར་ཆེན་པོ་འགྲོ་བཞིན་འདུག གནས་སྟངས་འདི་དག་ཝར་ཎ་མཐོ་སློབ་ཀྱི་ཉམ་ཆག་གི་ཆ་རེད། ཡང་ཡར་རྒྱས་ཀྱི་ཆ་ཡང་མེད་པ་མ་རེད། སྔོན་ཆད་ཝར་ཎ་མཐོ་སློབ་ཏུ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་ཡོད་ཀྱང་། ༧གོང་ས་མཆོག་གིས་བཀའ་སློབ་ཡང་ཡང་ཕེབས་པ་དང་། ལོ་ཤས་གོང་ནས་ཆོས་རྒྱུད་ཕན་ཚུན་བར་ལྟ་གྲུབ་བགྲོ་གླེང་ཞིག་མགོ་འཛུགས་བྱས་རྗེས། སློབ་ཕྲུག་ནང་ཁུལ་དུ་ཆོས་ལུགས་ཕྱོགས་ཞེན་དེ་མེད་པ་ཆགས་འདུག ” ཞེས་བརྗོད་བྱུང་།

 

    ཝར་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་དོན་ཚན་བཞིའི་ཐོག་གསལ་བཤད་གནང་བའི་ནང་། དང་པོ། ཝར་ཎ་མཐོ་སློབ་ནི་ཐོག་མ་ནས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ་ལ་དམིགས་ཏེ་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། མཐོ་སློབ་འདིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གང་འཚམ་ཡོད་ཀྱང་སློབ་ཕྲུག་སྤྱིའི་གྲངས་འབོར་གྱི་ཕྱེད་ཀ་ཡང་ཟིན་མེད་སྐོར། ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་སྟབས་ཤེས་ཚད་ཀྱི་ཐོག་ནས་དཀའ་ངལ་མེད་ཚུལ་ཡང་བརྗོད་བྱུང་། སྔོན་མ་མཐོ་སློབ་ཀྱི་ཚུད་རྒྱུགས་ནང་བོད་ཡིག་གཙོ་བོ་དང་དབྱིན་ཧིན་གཉིས་གདམ་གསེས་བྱ་དགོས་ཤིང་། ཧིན་དུའི་ཡིག་རྒྱུགས་ཅུང་སླ་བོ་དང་། དབྱིན་ཡིག་དེ་ཅུང་ཁག་པོ་གཏོང་གི་ཡོད་ཀྱང་། ད་ཆར་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་དབྱིན་ཧིན་གཉིས་ཆར་ཡིག་རྒྱུགས་འདྲ་མཉམ་གཏོང་གི་ཡོད་ཟེར། གཉིས་པ། འཛིན་སྐྱོང་གིས་ཉམས་ཞིབ་སྡེ་ཚན་ཐོག་མཐུན་འགྱུར་གནང་བཞིན་ཡོད་ཀྱང་། ཉམས་ཞིབ་སློབ་སྦྱོང་ཐོག་ཡིག་རྒྱུགས་འཕྲོད་མཁན་ཧ་ཅང་ཉུང་ཉུང་ཡིན་སྟབས། ལས་གཞི་དེའི་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་བྱུང་ལ། ཕྱི་རྒྱལ་དང་རྒྱ་གར་མཐོ་སློབ་ཁག་ཏུ་ལས་བྱེད་ས་མིག་རག་གི་ཡོད་ཀྱང་། སློབ་ཕྲུག་གི་ཤེས་ཚད་ཀྱིས་རྐྱེན་པས་གོ་སྐབས་དེ་དག་ལེན་ཐུབ་ཀྱི་མི་འདུག་ཟེར། གསུམ། དགེ་རྒན་གྱི་ཐད་དུ། གཏན་འཇགས་དང་འཕྲལ་སེལ་དགེ་རྒན་རིགས་གཉིས་ཡོད་པ་དང་། ༢༠༠༡ ལོ་ནས་ ༢༠༠༨ ལོའི་བར་དགེ་རྒན་འདེམས་སྒྲུག་བྱེད་མ་ཐུབ་པར་ལྷག་ཡོད་ཀྱང་། ༢༠༠༨ ལོ་ནས་ཡིག་རྒྱུགས་ཀྱི་ལམ་ནས་གཏན་འཇགས་དགེ་རྒན་རྩེ་ཏོག་གིས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་དང་། འཕྲལ་སེལ་དགེ་རྒན་རྣམས་ཆོས་རྒྱུད་ཁག་གི་བླ་ཆེན་ཚོས་ཐད་བསྐོས་གནང་གི་ཡོད་སྟབས། དགེ་རྒན་གྱི་ཕྱོགས་ནས་འགྲིག་ཐག་ཆོད་ཡོད་ཟེར། བཞི། སློབ་གྲྭའི་སྒྲིག་གཞིའི་ཐོག་ཉལ་ཁང་རེར་དོ་དམ་པ་རེ་དང་། སློབ་གྲྭ་ཁྱོན་ཡོངས་ལ་རྒན་བདག་ཡོད་པ་མ་ཟད། རྒན་བདག་གི་གོང་ན་སྒྲིག་གཞིར་ལྟ་མཁན་སློབ་སྟོན་པའང་ཡོད་ཟེར། བཞི། སློབ་གྲྭའི་ནང་དགེ་འདུན་པ་རེ་ཟུང་གིས་དགའ་རོགས་སྒྲིག་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད། དགེ་འདུན་པ་དེ་ཚོས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་སྐབས་ང་ཚོས་ཐད་ཀར་སྐད་བཏང་སྟེ།  སློབ་གྲྭའི་ནང་སྡོད་འདོད་ཡོད་ན། ཚུལ་ཁྲིམས་གཙང་མ་སྲུང་དགོས་པ་རེད། དེ་མིན། སློབ་གྲྭ་ནས་ཕྱིར་འཐོན་དགོས་པ་རེད་ཅེས་བཤད་ཀྱི་ཡོད། དེའི་རྗེས་རིགས་གཅིག་སྡོད་མ་ཐུབ་པར་རྩ་དགོངས་ལ་འགྲོ་བཞིན་འདུག ཡང་སོ་སོའི་བྱེད་སྟངས་ལ་འགྱུར་བ་བཏང་སྟེ་ཡག་པོ་ཆགས་པའང་རེ་ཟུང་ཡོད། ད་ལོ་ནས་སློབ་གྲྭའི་འཛིན་སྐྱོང་གིས་སློབ་མའི་སྒྲིག་གཞི་ཁག་ཚགས་ཚུད་དུ་གཏོང་འཆར་ཡོད། ཅེས་བརྗོད་བྱུང་།

 

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་བསྐྱར་འགོད་བྱས། ༽

 

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༡ སྔོན་ལ།

མཆན། 46

  1. ཤི་མེད་ཚོར་མེད་། says:
    ལོ་ 14 སྔོན།

    སྤྱིར་བཏང་གྲ་བཙུན་དགའ་རོགས་སྒྲིག་པ་དེ་འགྲིག་མི་འགྲིག་གི་སྐད་ཆ་བཤད་པ་ནི་གང་ཟག་སོ་སོའི་བསམ་བློའི་རྒྱབ་ལྗོངས་ཀྱི་ཁ་དོག་ཅི་ཞིག་ཡིན་མིན་ལ་རག་ལས་པས། མཐའ་གཅིག་ཏུ་དེ་འགྲིག་འདི་མི་འགྲིག་གི་ཁ་མཚོན་གཅོད་རྒྱུ་ཧ་ཅང་ཁག་པོ་ཞིག་རེད་སྙམ། འོན་ཀྱང་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་འཆི་གསོན་གྱི་མཚམས་ལ་སླེབས་པའི་སྐབས་འདིར་ཝར་ན་མཐོ་སློབ་ལྟ་བུ་བོད་ཀྱི་རིག་གནས་ཀྱི་བང་མཛོད་འཛིན་པའི་གནས་དེར་ཕྱོགས་ཐམས་ཅད་ནས་ཡར་རྒྱས་གོང་འཕེལ་གྱི་གནས་ཚུལ་གོ་རྒྱུའི་ཚབ་ཏུ་ཉིན་རེ་མར་རྒུད་ཀྱི་གནས་ཚུལ་ཐབས་སྡུག་འདི་ལྟ་བུ་འབྱུང་བཞིན་པ་ནི་གཅིག་ནས་ངེད་ཅག་བཙན་བྱོལ་བའི་ངོ་ཚ་ཞིག་དང་གཉིས་ནས་ཁ་གཏད་ཀྱི་དགྲ་བོ་ཡིད་ཚིམ་པའི་རྒྱུ་རུ་གྱུར་བ་ནི་ཧ་ཅང་སྐྱོ་བོ།

    Reply
  2. འཇིག་རྟེན་ says:
    ལོ་ 14 སྔོན།

    དངོས་ནས་བདེན་པ་རེད་ཞབས་འདྲེན་དེ་དག་སློབ་གྲ་ནས་ཕྱིར་ཕུད་བཏང་ན་ཡག་པོ་རེད་་དེ་ལྟར་བྱེད་ནས་བཞག་ནས་བསྡད་ན་ཁོས་ཚོས་གྲ་ཆས་གོན་ནས་ཆང་བཟའ་དན་དན་རྒྱག་གི་རེད་ངོ་ཚ་བ་མེད་བ་དེ་ཚོའི་ཕན་ཐོག་གི་མ་རེད་།

    Reply
  3. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    གྲྭ་བརྩུན་དགའ་རོགས་སྒྲིག་པ་དེར་ཧ་ལས་པ་དང་ཧང་སངས་དགོས་པ་གང་ཡང་ཡོད་པ་མ་རེད་།དེ་ནི་དུས་རྒྱུན་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་རེད་།

    Reply
  4. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    ང་ཚོས་ཝར་ཎའི་དགེ་སློབ་འགས་བྱས་ཉེས་ཀྱིས་ཚང་མར་སྐྱོན་འཛུགས་བྱས་ནས་ཕན་རྒྱུ་མེད། དེ་ལས་དགེ་སློབ་དང་གྲྭ་བཙུན་རྣམས་ཀྱི་མིང་འདོན་བྱ་རྒྱུ་དེ་གལ་ཆེ། ང་རང་ཚོའི་སྤྱི་ཚོགས་ནང་དུ་སྐྱོན་ཆ་ཆེ་ཤོས་ནི། ཚོགས་པ་གཅིག་གི་ནང་དུ་མི་སྒེར་འགའ་ཞིག་གི་སྐྱོན་ཆ་ལས་ནག་ཉེས་ཡོངས་ཚོགས་པར་མགོ་ལ་གཡོག་ན་ཅི་ཡང་ཕན་རྒྱུ་མི་འདུག དེ་ལས། དགེ་སློབ་དང་གྲྭ་བཙུན་རྣམས་ཀྱི་མིང་འདོན་བྱེད་ནས་སྐྱོན་འཛུགས་བྱེད་དགོས་པ་ཡིན།

    དེ་མིན་མཐོ་སློབ་ལ་སྐྱོན་འཛུགས་བྱེད་ནས་ཕན་རྒྱུ་མེད་དོ། དེ་ལས་མིང་འདོན་བྱེད་པའི་དགེ་སློབ་རྣམས་བསྡུ་སྒྲུབ་ཀྱི་མཐོ་སློབ་ཀྱི་འཛིན་སྐྱོང་དང། དེ་བཞིན་འབྲེལ་ཡོད་ཀྱི་ཚན་པ་རྣམས་ལ་སྙན་ཞུ་དང་ལྷན་དུ་ཕུལ་ན་བལྟ་རྒྱུ་ཞིག་ཡོད།

    Reply
  5. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    མངའ་རིས་བུས་བཤད་པའི་སྐད་ཆ་ལ་རྒྱུ་མཚན་ཏོག་ཙམ་འདུག འདི་ནི་ངས་རྒྱུན་དུ་དྲན་བཞིན་པའི་བསམ་དོན་ཞིག་ཀྱང་ཡིན། གསར་འགོད་པ་ཞིག་ཡིན་པའི་ཆ་ནས་འགན་ཆེན་པོ་ཡོད། མི་རིགས་དང་ཆོས་ལུགས། དེ་བཞིན་བོད་རིགས་ནང་ཁུལ་ལ་མཚོན་ན་ཆོལ་ཁ་དང་ཆོས་ལུགས། ལུང་ཚན། གསར་འབྱོར་དང་གཞིས་ཆགས་པའི་དབར་གྱི་མཐུན་སྒྲིལ་ལ་དོ་ཕོག་གཏོང་རྒྱུའི་རིགས་ཀྱི་ཚིག་བེད་སྤྱོད་ནམ་ཡང་གཏོང་མི་ཉན། འོན་ཀྱང་དེང་གི་ཆར་བོད་རིགས་ཚགས་པར་གྱི་གསར་འགོད་པ་མང་ཆེ་བ་ལ་དེང་དུས་ཀྱི་གསར་འགོད་ཀྱི་ལས་རིགས་སློབ་སྦྱོང་བྱེད་མ་མྱོང་མཁན་ཤ་སྟག་ལ་སོང་། དྲང་པོ་དྲང་བཞག་གི་དར་ཆ་གཅིག་པུ་འཕྱར་ནས་གསར་འགྱུར་འགོད་པར་བྱེད།

    སྤྱིར་བཏང་གསར་འགོད་པ་གཅིག་པུ་མ་ཡིན་པར་དཔྱད་རྩོམ་པ་དང་གཏམ་བཤད་པ་སེར་སྐྱ་མང་ཆེ་བ་ནི་ཧི་མ་ལ་ཡ་མི་རིགས་དང་གཞིས་ཆགས་ནས་འཚར་ལོངས་བྱུང་བ་ཁག་ལ་བལྟ་སྟངས་ནི་ཤིན་ཏུ་སྐྱོ་བོ་རེད། ཕྱོགས་གཅིག་ནས་བཤད་ན་ཧི་མ་ལ་ཡ་དང་གཞིས་ཆགས་པ་དེ་དག་གི་ཁྲོད་ན་རྣམ་འགྱུར་དྲག་པོའི་ཡར་ལན་ལམ་སེང་མི་འདེབས་པ་དང་གཤིས་ཀ་ཞི་འཇམ་པས་ཡིན་ཤས་ཆེ། ཡང་ཕྱོགས་གཞན་ནས་བཤད་ན་གསར་འགོད་པ་དང་དཔྱད་རྩོམ་པ་དེ་དག་གི་ཀུན་སློང་དང་རང་གཤིས་སྐྱོ་བ་དང་། རང་ལྟ་མཆོག་འཛིན་གྱི་ལྟ་བ་ཤུགས་ཆེ་དྲག་པས་ཡིན་གྱི་རེད། བྱས་ཙང་། མཐུན་སྒྲིལ་ཟེར་བ་དེ་མྱུག་རྩེ་ནས་ཐོན་པ་དང་ཁ་ནས་འདྲ་ཆག་ཆག་གཅིག་པུས་བཤད་རྒྱུ་ཞིག་མ་ཡིན་པར་དུས་རྒྱུན་ལག་ལེན་གྱི་ཐོག་ལ་འཁེལ་དགོས་པ་ཞིག་ཡིན།

    Reply
  6. མངའ་རིས་བུ། says:
    ལོ་ 14 སྔོན།

    རྒྱང་མིག་ལགས།
    ངོས་རང་ཁོང་སེམས་ཁྲོ་དགོས་པའི་རྒྱུ་མཚན་མེད།
    ཁྱེད་ལ་མ་འོང་རྒྱང་ལྟ་བྱེད་པའི་མིག་ཡོད་ཚེ་ངས་བཤད་པ་དེ་དག་བདེན་པ་ཞིག་ཏུ་མཐོང་ཐུབ།
    ངས་བཤད་པ་ནི་མ་འོང་ཕུགས་རྒྱང་རིང་པའི་བོད་ཀྱི་གནད་དོན་རེད།
    གང་ཡིན་ཟེར་ན། བོད་ནི་རྒྱལ་ཁབ་ཆེན་པོ་གཉིས་དང་ལྷག་པར་དུ་ཧི་མ་ལ་ཡའི་རི་བརྒྱུད་རིང་པོར་གནས་པའི་མི་རིགས་དག་ཆགས་པའི་བལ་ཡུལ་དང་འབྲུག་ལས་སོགས་ཀྱི་ཡུལ་གྲུ་དག་གིས་བསྐོར་བའི་ཡུལ་ཞིག་ཡིན་པར་བརྟེན། བོད་ཀྱི་གནད་དོན་བསྒྲུབ་པར་རྒྱལ་ཁབ་དེ་དག་དང་ལྷག་པར་དུ་རྒྱལ་ཁབ་དེ་དག་གི་མཐའ་མཚམས་སུ་གནས་པའི་ཧི་མ་ལ་ཡའི་མི་རིགས་དེ་དག་དང་འབྲེལ་ལམ་མཐུན་བསྒྲིལ་སྟེ། མི་རིགས་འཆམ་མཐུན་ཞེས་༧གོང་ས་མཆོག་གིས་བཀའ་སློབ་ཡང་ཡང་གནང་བའི་གནད་དོན་དེ་རེད། གལ་ཏེ་ཧི་མ་ལ་ཡའི་མི་རིགས་དང་བོད་མི་རིགས་གཉིས་དབར་ལ་མ་མཐུན་པའི་གནས་སྟངས་ཞིག་བྱུང་ཚེ་དེ་ཡི་འབྱུང་འབྲས་ཅི་ཡོང་ཀུན་གྱིས་མཁྱེན་གསལ་རེད། ༧གོང་ས་མཆོག་ནས་དམིགས་ཀྱིས་བཀར་ཏེ་སྐུ་ངལ་ཚད་མེད་གནང་སྟེ་ཧི་མི་རྣམས་ལ་མཇལ་ཁ་གནང་བ་དང་བཀའ་སློབ་གནང་བ་ལས་སོགས་སྐུ་ངལ་ཚད་མེད་སྐྱོན་བཞིན་པ་དེ་དག་གསར་འགོད་པ་དང་རྩོམ་པ་པོ་མི་རིགས་རིང་ལུགས་ཀྱིས་བཟི་བའི་མཆན་པ་པོ་ལས་སོགས་ཀྱིས་ལག་རྗེས་རྐང་པས་བསུབ་པར་མ་བཟོད་ནས་འདི་ལྟར་བྲིས་པ་ལས་གནས་སྐབས་ཀྱིས་ཁེ་ཕན་ཁོ་ནར་དམིགས་ཏེ་མ་ཡིན་པར་ཕུགས་རྒྱང་རིང་པའི་བསམ་ཚུལ་ཞིག་བཤད་ཡོད་པས་ཁྱེད་རང་དེ་འདྲའི་དགོངས་པ་ཚོམས་དོན་ལར་ནས་མེད་དོ།

    Reply
  7. ནོར་འཛིན་དོན་འགྲུབ། says:
    ལོ་ 14 སྔོན།

    ཧ་ཧ་ཧ་ཧ་ཧ་་ཧ་ཧ་་་་་་་་་་་་དགའ་བོ་བཟོ་མཁན་གྲ་བཙུན་མ་རེད་་་་་་་་་་་དེ་དག་ཐམས་ཅད་ཕོ་གསར་དང་མོ་གསར་རེད་་་་་་་་་་་་་་དང་ཐོག་གྲ་བཙུན་མིང་དོན་ཤེས་པ་བྱེད་དགོས་པ་ཧ་ཅང་གནས་དོན་ཆེ་་་་་་་་་་་་་་་་་དེ་ནས་ཁྱེད་ཀྱིས་དགའ་བོ་བཟོ་མཁན་སུ་ཡིན་མིན་དང་སུ་མ་ཡིན་ཧ་གོ་ངོས་ཡིན་་་་་་་་་་་་བདེ་མོ་བྱོས་་་་་་་་་་་

    Reply
  8. རྒྱང་མིག་པ says:
    ལོ་ 14 སྔོན།

    མངའ་རིས་བུ་ལགས་ཐུགས་དགོངས་མ་ཚོམ་་་་་་་་ང་ཚོ་བོད་ཀྱི་རིགས་གཞུང་དང་གོམས་གཤིས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པར་འཁོར་ཡུག་ལེགས་པོ་ཞིག་ངེས་པར་དགོས་པ་རེད། ཕལ་ཆེར་གནས་ཡུལ་རྒྱལ་ཁབ་ཀྱིས་ཀྱང་བསམ་ཤེས་བྱེད་ངེས་རེད།

    Reply
  9. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    གསར་འགྱུར་དེའི་ནང་གྲྭ་བཙུན་སྐོར་ཅུང་ཞིག་བྲིས་འདུག་པ་དེར་ཁ་གསབ་གྱི་ཚུལ་དུ། ལྷོ་ཕྱོགས་གདན་ས་ཁག་ལ་དཀའ་བཅུ་པ་དང་སློབ་དཔོན་གྱི་ལག་ཁྱེར་ཐོབ་པར་ཕལ་ཆེར་ལོ་བཅོ་ལྔ་ཉི་ཤུ་ཙམ་དགོས་ཤིང་། ཝ་ནར་ལོ་བདུན་དགུ་ཙམ་ལ་དཀའ་བཅུ་པ་དང་སློབ་དཔོན་གྱི་ལག་ཁྱེར་རག་གི་ཡོད་། དེར་རྟེན་གདན་ས་ཁག་གི་གྲྭ་བཙུན་ལག་ཁྱེར་ཁོ་ནར་དམིགས་མཁན་དག་ལས་ཐོས་པ་དོན་གཉེར་བྱེད་མཁན་ཝ་ནར་དེ་ཙམ་མེད་། །དེ་འདྲའི་གྲྭ་བཙུན་དེ་དག་གི་འཁྲོད་དུ་སྤྱོད་ལམ་ཐད་ནས་ཀྱང་གདན་ས་ཁག་གི་ནང་ནས་ཅུང་ཞན་པ་དག་ཡིན་ཚོད་འདུག་ །

    Reply
  10. ཐོ་རེངས། says:
    ལོ་ 14 སྔོན།

    སྤྱིར་སྤྱི་ཚོགས་ཐོག་གི་མ་འོས་པའི་ཆ་དག་ལ་ཐེར་འདོན་དང་། སྐྱོན་བརྗོད། དེ་བཞིན་ལམ་སྟོན་བྱ་རྒྱུ་དེ་ད་ལྟའི་དུས་སུ་གསར་འགོད་པ་ཞིག་དང་ཤེས་ཡོན་ཅན་ཞིག་ལ་མཚོན་ན་འོས་འགན་ཆེ་ཤོས་ཤིག་རེད་ཀྱང་། དྲ་གྲོགས་མངའ་རིས་བུས་བཤད་པ་བཞིན། ཤེས་ཡོན་པའི་སྐོར་ཞིག་གིས་གནས་ཚུལ་ཇི་འདྲ་ཡིན་ཡང་མགོ་རྔ་ལ་བསམ་གཞིག་མ་བྱས་པར་ཉོག་བཤད་དང་། རྩེད་མཚར་བྱེད་པ་ནི་ངོ་མ་ངོ་གནོང་དགོས་པ་ཞིག་རེད། ལར་ནས་ད་ལན་ཧི་མཱ་ལ་ཡའི་མི་རིགས་ཞེས་འབོད་པ་དངོས་སུ་བྱས་ནས་ཝཱཎ་གཙུག་ལག་སློབ་ཁང་ལ་སྐྱོན་བརྗོད་བྱས་པ་དེ་དོ་བདག་ཁག་དང་། དུས་བབ་ཚང་ནས་རང་འགན་མ་བླངས་པར་སྤྱི་ཚོགས་ལ་ཕུང་དཀྲུགས་གཏོང་བ་ལས་མ་འདས། གལ་སྲིད་ཁྱེད་རང་དངོས་སུ་ཤེས་ཡོན་པ་ཞིག་གི་རང་འགན་བླངས་ནས་ཝཱཎའི་སྤྱི་ཚོགས་ཀྱི་ཡར་རྒྱས་ལ་དམིགས་ནས་སྐྱོན་བརྗོད་དང་། ལམ་སྟོན་སོགས་བྱ་འདོད་ན་ཝཱཎ་ལ་ཡང་འགེབས་སྲུང་བྱ་ཐུབ་པའི་སྐྱོན་ཆ་མང་པོ་ཡོད་ངེས་རེད། དེ་མིན་མི་རིགས་དབྱེ་འབྱེད་ཀྱི་འབོད་པ་དངོས་ཟིན་དཀྲོག་གཏམ་འདི་ལྟ་བུ་སྤེལ་ན་བོད་མི་རིགས་ཐ་དག་རྫུན་མར་འགྲོ་བའམ། སྡུག་ཉེས་ན་ ༧ གོང་ས་མཆོག་གིས་རྒྱུན་དུ་ཧི་མཱ་ལ་ཡའིོ་མི་རིགས་ལ་གཟིགས་ཚུལ་དེ་ཡང་གཡོ་བྱུས་རེད་ཟེར་ཡོང། དེས་ན་ང་ཚོས་ནམ་ཡང་ཟབ་དགོས།
    སྨྲས་པ།
    ཆིག་སྒྲིལ་སེམས་ཀྱི་རྡོག་ཁ་གྲུ་བཞི་འདི།།
    དྲག་པོའི་ལྕགས་ཀྱིས་ཐལ་བར་མ་གཏོང་དང།།

    Reply
  11. མངའ་རིས་བུ། says:
    ལོ་ 14 སྔོན།

    གསར་འགོད་པ་དང་རྩོམ་པ་པོ་དེ་བཞིན་མཆན་འབྲི་བ་པོ་ལས་སོགས་ནི་མི་དམངས་ཀྱི་ལམ་ཁའི་ཁ་ཕྱོགས་གང་དུ་བསྐྱོད་མིན་གྱི་ཐེ་ཚོམ་སེལ་བ་དང། མི་དམངས་ལ་གནས་ཚུལ་དྲང་བདེན་དང། འཇིག་རྟེན་ཞི་མཐུན་འཆམ་སྒྲིག་གི་ལས་འགན་ཡོད་ལ་ཁ་ཕྱོགས་ཀྱང་དེ་དག་གིས་བསྒྱུར་ཐུབ། དེས་ན། འདིར་དེ་དག་དང་འགལ་བའི་གསར་འགོད་པ་དང་རྩོམ་པ་པོ་གནས་ཚུལ་ཤོད་པ་པོ། མཆན་འགོད་པ་པོ་མང་པོ་ཞིག་ནས་དེ་དག་ལས་ཡོངས་སུ་འགལ་བར་བྱས་ཏེ། ༧གོང་ས་མཆོག་གི་བཀའ་དགོངས་དང་འགལ་བའི་མི་རིགས་དང་རྒྱལ་ཁབ་ལྷག་པར་དུ་གནས་ཚང་རྒྱལ་ཁབ་ཀྱི་མི་རིགས་ལ་གནོད་པའི་བསམ་ཚུལ་ཤོད་པ་ནི། ཆེས་ཐ་ཤལ་གྱི་བྱ་སྤྱོད་ཞིག་དང། མ་འོང་ཕུགས་རྒྱང་རིང་བའི་བསམ་བློ་མེད་པ་ཤ་ཏག་རེད་འདུག་པས་དེ་རིགས་ལ་དགའ་བསུ་མེད་ལ་ཡིད་ཆེས་ཀྱང་མེད།
    ཝར་ན་མཐོ་སློབ་ཀྱི་སློབ་སྦྱོང་ཉམ་རྒུད་དུ་སོང་བར་དེ་ཙམ་ཧ་ལས་དགོས་པ་གང་ཡང་མ་མཐོང། སྤྱིར་དུས་རངས་རབ་ཀྱིས་འགྱུར་འགྲོས་ལས་བོད་ཀྱི་དགོན་སྡེ་ཁག་དང། བོད་གཞུང་གིས་སྟངས་འཛིན་གྱི་འོག་ཏུ་ཡོད་པའི་བོད་ཀྱི་སློབ་གྲྭ་མང་པོ་ཞིག་སྒོ་གཏན་ནས་རྒྱབ་པ་དང། མང་པོ་ཞིག་སྒོ་རྒྱབ་ལ་ཉེ་བ་དང། ད་ལྟ་ཡོད་བཞིན་པ་དེ་དག་ལའང་སློབ་སྦྱོང་ཤེས་ཡོན་མེད་ཚུལ་སྡུག་སྐད་རྒྱབ་བཞིན་པ་དང། དེ་བཞིན་བོད་ཀྱི་དགོན་སྡེ་ཁག་ཏུ་དགེ་འདུན་པ་ཉུང་དུ་འགྲོ་བ་དང། དགོན་པ་འགའ་ཞིག་ནི་འགྲེམས་སྟོན་ཁང་དང་འདྲ་བར་ཕྱི་རྫིག་ནང་སྟོང་གི་གནས་སུ་གྱར་བ་དང། དགོན་པ་ཁག་ཏུ་སློབ་སྦྱོང་ཀྱང་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་གི་ཡོད་པ་རྣ་བ་ཡོད་ཚད་ཀྱི་མ་ཐོས་པ་དང། མིག་ཡོད་ཚད་ཀྱི་མ་མཐོང་བ་མེད་པ་ཞིག་ཏུ་གྱུར་བ་དངོས་ཡོད་རེད། དེས་ན་ཝར་ན་གཅིག་པོར་སྐྱོན་དེ་རིགས་བཙུགས་ན་ག་ལ་རུང། མི་རིགས་ཀྱང་༧གོང་ས་མཆོག་གིས་བོད་ཀྱི་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་མི་རིགས་ཚོར་ཡོང་ཆོག་པ་དང། དེ་དག་ལ་བོད་ཀྱི་ཤེས་རིག་སློབ་སྦྱོང་གི་གོ་སྐབས་གནང་དགོས་ཚུལ་གྱིས་བཀའ་སློབ་སྔོན་ལོར་ཝར་ནར་གསུངས་པ་དེ་དག་ལ་གོ་བ་ལེན་དགོས། མ་གཞི་ནས་བོད་ཀྱི་ཤེས་རིག་ཟེར་ནའང་འདྲ་ཧི་མ་ལ་ཡའི་ཤེས་རིག་ཟེར་ནའང་འདྲ། ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་ཡོད་པས། མི་རིགས་ཀྱི་ལ་རྒྱ་མེད་ཚུལ་ཤོད་པ་ནི་ཡེ་ནས་མི་བདེན་པའི་གཏམ་ཞིག་ཏུ་མཐོང། དེས་ན། སྔར་ཝར་ནར་ཆོས་ལུགས་གྲུབ་མཐའི་ཆགས་སྡང་ཆེ་རབས་བཤད་པ་དང། ད་ལྟ་མེད་ཚུལ་བཤད་ཀྱང། ད་ནས་བཟུང་བོད་རིགས་དང་ཧི་མ་ལ་ཡའི་མི་རིགས་ཀྱི་དབར་ལ་འཁྲུགས་རྩོད་དང་ཆགས་སྡང་རིས་ཕྱེས་ཀྱི་རྨེང་གཞི་བཏིངས་བར་མནོ་བསམ་ལེགས་པོར་གཏོང་དགོས། དེ་ལས་སྡུག་པ་ཞིག་མེད།
    གནས་ཚང་ལ་གནས་གླ་མེད་པར་སྤྲེལ་ལྟ་བུའི་ཀུན་སྤྱོད་རབ་ཏུ་སྤོང་དགོས་སོ།

    Reply
  12. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    གྲྭ་བཙུན་དགའ་རོཊ་སྒྲིག་མཁན་མངོན་གསལ་ན་ཧ་ཅང་ཡག་པོ་རེད། རྗེས་སུ་ཡི་རིང་རེད། དེ་མིན་གྲྭ་བཙུན་གཙང་མ་ཡིན་ཁུལ་དང་འདུལ་བའི་ཕྱི་གོས་གྱོན་མཁན་དག་ནི་གདོན་ཟས་དང་། མི་དམངས་ཀྱི་ཟ་འདྲེ་ངོ་མ་དེ་ཡང་ཅི་ལ་མིན།

    Reply
  13. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཝཱརྣ་མཐོ་སློབ་ནི་ང་ཚོ་བོད་རིགས་བཙན་བྱོལ་དུ་འབྱོར་བ་ནས་བཟུང་སྟེ་ངོམས་སུ་ཆོག་པའི་མཐོ་སློབ་ཚད་ལྡན་དེ་ཆགས་ཡོད་པ་མ་ཟད། ད་དུང་ཡང་དེ་ལྟར་དུ་གནས་ཡོད། འདི་ནི་ང་ཚོ་བོད་རིགས་བཙན་བྱོལ་དུ་འབྱོར་བའི་བྱས་རིན་དང་མཛད་རྗེས་ཞིག་ཀྱང་ཅིས་མིན། མཐོ་སློབ་འདིའི་བརྒྱུད་ནས་སྐྱེད་སྲིང་བྱས་པའི་སློབ་མ་གྲངས་ལས་འདས་པ་ཞིག་གིས་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་དགེ་རྒན་དང་སྤྱི་ཚོགས་ཕན་བདེའི་ཞབས་ཞུ་ཞུ་བཞིན་པ་ནི་མིག་མཐོང་ལག་ཟིན་ཡིན། འོན་ཀྱང་ཕྲག་དོག་གིས་མྱོས་པའི་མིག་ལ་ལེགས་ཕྱོགས་ཐམས་ཅད་ལ་སྐྱོན་ཅན་དུ་སྣང་བ་ནི་རང་གཤིས་ཞིག་ལས་མ་འདས་པས་བྱ་ཐབས་ཅི་ཡོད། སྐྱེ་བོ་འདི་དག་ལ་བཏང་སྙོམས་དུ་འཇོག་ན་ལེགས་སོ། །སྐྱོན་གྱི་ཆ་གཅིག་པོ་གླེང་ནས་ནག་ཟུབ་གཏོང་ཐབས་བྱེད་འདོད་ན་ཚོགས་པ་དང་ལས་ཁུངས་ཁག་ག་བ་ཡིན་ན་ཡང་ནག་ཟུབ་གཏོང་ཐུབ། ཁོ་བོས་བལྟས་ན་ཝཱརྣ་མཐོ་སློབ་ཀྱི་སློབ་སྦྱོང་ཉམས་ཆག་ཕྱིན་མི་འདུག ད་དུང་དེ་ལས་ལྡོགས་སྟེ་སྔར་དང་མི་འདྲ་བར་ལས་འགུལ་སྣ་མང་བརྩམས་ནས་འཛམ་གླིང་དང་བོད་པའི་རིག་གཞུང་གཉིས་པོ་འདྲ་མཉམ་དང་རིག་གཞུང་སྤེལ་རེས་སོགས་ཀྱི་ལས་འགུལ་སྔར་བྱུང་མ་མྱོང་བ་དེ་འདྲ་ཡང་སྤེལ་བཞིན་ཡོད་པ་ནི་བསྔགས་བརྗོད་ཀྱི་ཡུལ་ཡིན། མུ་མཐུད་ནས་ལས་འགུལ་དེ་ལྟར་སྤེལ་རོགས་གནང་ཞུ་རྒྱུ་ཡིན།

    Reply
  14. ཚེ་རིང་བསམ་གྲུབ། says:
    ལོ་ 14 སྔོན།

    བསམ་ཚུལ་ཆོ་མེད་བཤད་ནས་བསྡད་ན་དུས་ཚོད་འཕྲོ་བརླག་རེད། བདེན་པའི་གནས་ཚུལ་ཝཱཎ་མཐོ་སློབ་ཏུ་ཡོང་ནས་བརྟགས་ན་གསལ་པོ་ཆགས་ཀྱི་རེད།

    ཀ་ནས་དག་པ་ཆོས་དབྱིངས་སྤྲོས་བྲལ་ཙམ།།
    ཁ་ནས་ཐོན་ཚད་གནམ་གྱི་བཀའ་ལུང་མིན།།
    ག་ལེར་བརྟགས་ན་བདེན་པ་འདི་ན་ཡོད།།
    ང་རྒྱལ་ཕྱོགས་རིས་དོར་ནས་དཔྱད་ཞིབ་མཛོད།།

    Reply
  15. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 14 སྔོན།

    ཁ་ཉིན་རྡ་སར་གནས་སྡོད་གྲོགས་པོ་ཞིག་གིས་ཁ་པར་བཏང་ཡོང་སྟེ་དུས་བབ་ཀྱི་རྒྱབ་ངོས་སུ་ཁྱེད་ཚོའི་སློབ་གྲྭའི་སྐོར་གྱི་གནས་ཚུལ་ཞིག་བཀོད་འདུག་ཟེར། ཞིབ་ཉན་ཞིག་བྱེད་སྐབས་གྲྭ་བཙུན་བར་དུ་དགའ་རོགས་སྒྲིག་པ་དང་ཧི་མ་ལ་ཡའི་སློབ་ཕྲུག་མང་དྲགས་པའི་སྐོར་རེད་འདུག་ཅེས་གསལ་ལ་མི་གསལ་བ་ཞིག་བཤད་བྱུང་། མྱུར་དུ་དཔེ་མཛོད་ཁང་གི་དྲ་ཁང་དུ་ཡོང་མོད། དུས་བབ་དྲ་བ་འུར་འཇམ་མེར་རེད་འདུག
    ཁ་སང་ངའི་སློབ་གྲོགས་ལ་དྭགས་པ་ཞིག་ངར་བཞིན་དུ་མིག་དམར་ཤསྟྲི་ཟེར་བ་སུ་རེད། ང་ད་ལྟ་རང་ཁོའི་སྐེ་རུ་མཆོངས་ཏེ་བཟོ་ལྟ་ཞིག་བཟོ་རྒྱུ་ཡིན་ཟེར་བཞིན་སླེབས་བྱུང་བས། གནས་ཚུལ་ཞིབ་ཏུ་དྲིས་པས་དྲ་ཐོག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་ཚོ་ལྟོ་མ་རག་པར་སློབ་གྲྭར་ཡོང་བ་རེད་ཅེས་བཀོད་འདུག་ཟེར། ངས་གནས་ཚུལ་དེ་ནི་རང་ག་བ་ཞིག་མིན་པ་ཐག་བཅད་ནས་དེ་རིང་འདིར་ཡོང་བ་ཡིན།
    རེད་ཡ། ང་ཚོས་མཚམས་རེར་ཝཱཎའི་མཐོ་སློབ་ཀྱི་སྐོར་བཤད་ན་ཡག་པོ་འདུག རེད་དེ་བོད་ཀྱི་གསར་འགོད་པ་ཞིག་ཡིན་ཕྱིན་བོད་ལ་ཕན་པའི་ལས་ཞིག་ལ་འཇུག་དགོས་པ་ལས་རྒྱ་གར་གྱི་གསར་འགོད་པ་ཕུངས་དཀྲུགས་པ་ཚོ་བཞིན་ཚོགས་པ་ག་གེ་མོ་དང་མི་ག་གེ་མོ་ནག་པོར་བསྒྱུར་རྒྱུར་འབད་བརྩོན་བྱས་ན་བོད་ཀྱི་གསར་འགོད་པའི་འོས་འགན་མ་འགྲུབ་པ་རེད་ལ། དྲང་པོར་བཤད་ན་ཕྱི་རྒྱལ་རོགས་ཚོགས་ཚོས་སྤྲོད་པའི་ཟླ་རེའི་གླ་ཆ་དེའང་ལྟོ་བས་འཇུ་ཁག་པོ་རེད། དེའང་ངས་བཤད་འདོད་པ་ནི་གོང་དུ་མིག་དམར་ལགས་ཀྱིས་སློབ་གྲྭའི་དགེ་སྐྱོན་ཡོངས་རྫོགས་སྦས་གསང་མེད་པར་དྲང་པོར་གསུངས་སྐབས། དྲིན་ཆེ་བའི་གསར་འགོད་པ་དཔལ་ལྡན་གྱིས་”ཝར་ན་མཐོ་སློབ་ནང་གྲྭ་བཙུན་དགའ་རོཊ་སྒྲིག་མཁན་མངོན་གསལ་རེད།”རེད་ཅེས་མིག་དམར་ལགས་ཀྱི་སྐད་ཆ་གཞན་ཡོད་ཚད་ཐལ་བའི་རྡུལ་དུ་བརླགས་ཤིང་། ཝཱཎ་དང་མིག་དམར་གཉིས་ཀ་ལྟ་བཟོ་འདི་བཟོ་མེད་པར་བསྒྱུར་ཐབས་ལ་འབད་པ་དེ་རེད། རྗེས་སུ་དཔག་པས་བརྟགས་ཤིང་དཔྱད་ན་ཝཱཎ་ནག་པོར་བསྒྱུར་མི་ཐུབ་པ་ནམ་ལངས་ཉི་ཤར་རེད་མོད། མིག་དམར་ལགས་ཀྱི་མགོ་ལ་ཅི་ཞིག་ཡོང་རྒྱུ་ཡིན་མིན་དུས་ཀྱིས་ང་ཚོར་ཁ་གྲག་ཡོང་གི་རེད། གནས་ཚུལ་སྡུག་པོ་ཞིག་དང་མ་འཕྲོད་ན་དཀོན་མཆོག་གསུམ་པོས་བསྐྱབས་པ་རེད། གལ་སྲིད་ཁ་ཆག་སྣ་དབྲལ་ཞིག་བྱུང་ན་འགན་ཡོངས་རྫོགས་གསར་འགོད་པ་དཔལ་ལྡན་དང་དུས་བབ་གསར་ཁང་ལ་བཀལ་རྒྱུ་ལས་ཐབས་ཤེས་དྲག་པ་ཞིག་མཐོང་དུ་མི་འདུག་གོ །
    རེད། ཝཱཎར་ཧི་མ་ལ་ཡའི་སློབ་ཕྲུག་གྲངས་མང་པོ་ཡོད། དཔེར་ན་ངའི་འཛིན་གྲྭ་གཅིག་པ་མང་པོ་ཞིག་ཀྱང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་ཞེ་གཅིག་རེད། ཡིན་ཡང་གནས་ཚུལ་དེ་སྦས་སྐུང་བྱེད་དགོས་དོན་མེད་ལ། ཕར་ཚུར་གཡོལ་བྱེད་དགོས་དོན་ཅི་ལ་ཡོད། བཙན་བྱོལ་བོད་མི་རྣམས་རང་གི་རིག་གཞུང་དང་སྐད་ཡིག་ལ་ཡིད་ཆེས་བརླགས་ཤིང་རྒྱལ་ཁབ་དང་མི་རིགས་ལ་སེམས་ཁུར་བོར་བའི་སྐབས་འདིར་ཕ་མེས་ཡང་མེས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཡིད་ཆེས་ཟབ་ཅིང་ངེས་པ་རྙེད་པའི་རང་གི་སྤུན་ཟླ་འདི་ཚོས་བདག་ཏུ་བཟུང་ཐུབ་ན་དེ་ལ་གནོད་པ་ཅི་ཞིག་ཡོད། མ་གཞི་ནས་སློབ་གྲྭ་འདི་university for tibetan studies ཡིན་པ་ལས་university for tibetan studentsམིན་པ་འདིས་ཀྱང་ང་ཚོར་སྐད་ཆ་གཉིས་པ་བཤད་སའི་ཁོར་ཡུག་སྦྱིན་མེད་ཅིང་འབྲེལ་ཡོད་ཚོས་ཀྱང་ཕར་གཡོལ་ཚུར་གཡོལ་བྱེད་པའི་དགོས་པ་མེད་པ་རེད།
    དགའ་རོགས་སྒྲིག་ཚུལ་ནས་བཤད་ན་དེ་འདྲ་ཡོད་ངེས་པ་རེད། ང་ལ་ག་གེ་མོ་བསྟན་འཛིན་དང་ཆེ་གེ་མོ་སྒྲོལ་མ་གཉིས་ས་ཆ་འདི་འདྲ་ཞིག་ལ་མི་སྤྱོད་ལས་འདས་པའི་བྱ་བ་འདི་འདྲ་ཞིག་རྩོམ་བཞིན་འདུག་ཅེས་ཞུ་རྒྱུ་མེད་ཀྱང་། ལྷོ་ཡི་དགོན་སྡེ་ཁག་ནས་རྡ་ས་དང་བལ་ཡུལ་གྱི་བཙུན་དགོན་ཁག་བར་དུ་ངེས་འབྱུང་རླུང་གིས་མ་གཡོས་ཤིང་སྤྱོད་ལམ་ཚུལ་མཐུན་མ་ཡིན་པའི་གྲྭ་བཙུན་རྣམས་མཛུབ་མོའི་ཐོག་ཏུ་གྲངས་ཀ་རྒྱག་ན་སྤྱན་རས་གཟིགས་ཀྱི་ཕྱག་སྟོང་མི་དགོས་ཀྱང་མགོན་པོ་ཕྱག་དྲུག་པའི་ཕྱག་ལག་དྲག་པོ་གཡར་པོ་གནང་དགོས་འཁེལ་བ་གཏན་འཁེལ་རེད། ཡིན་ཡང་བླ་རྒན་མགོ་མཁྲེགས་ཁ་ཤས་ཀྱིས་གདན་ས་རྒྱ་མཚོ་ཆེན་པོའི་ནང་དུ་ནོར་བུ་དང་དུང་དཀར་ཡོད་པ་ནང་བཞིན་སྦལ་བ་དང་སྡིག་སྲིན་ཡང་ཡོད་ཆོག་ཅེས་ནག་ཉེས་ངོས་ལེན་གྱི་བཟོ་ལྟ་ཙམ་ཡང་མི་བསྟན་པ་མིན་ནམ། ངས་བཤད་འདོད་པ་ནི་གྲྭ་བཙུན་དེ་ཚོར་གུ་ཡངས་གཏོང་དགོས་ཞེས་ངན་པའི་རྒྱབ་ལངས་བྱེད་པ་མིན་པ་དེ་ཚོ་ཡོད་པ་ནི་ཆོས་ཉིད་རེད་ཅེས་ཟེར་འདོད་པ་ཡིན།
    ཡང་སྤྱི་ཚོགས་འདི་རུ་སྐྱོན་ཞིག་ཡོད་པ་ནི་བུ་ཞིག་དང་བུ་མོ་ཞིག་མཉམ་དུ་འགྲོ་ཚར་ན་དགའ་རོགས་ཡིན་ཤག་བྱེད་པ་དེའང་གནས་ཚུལ་འདི་དག་གི་འབྱུང་གཞི་རྨ་མེད་པ་རེད་ཅེས་ཁོ་བོ་འདོད་དོ།། །།

    Reply
  16. ཐོས་བསམ་ says:
    ལོ་ 14 སྔོན།

    གསར་འགོད་པ་དཔལ་ལྡན་ལགས་ཀྱིས་གསར་འགྱུར་གི་འགོ་བརྗོད་འདི་ལྟ་བུ་བཀོད་གནང་བ་དེ་ནི་གསར་འགྱུར་ཡ་མཚན་ཅན་ལ་དགའ་བའི་ཀློག་པ་པོ་རྣམས་པའི་ཆེད་དུ་ཡིན་སྲིད། སྤྱིར་བཙན་བྱོལ་ནང་དགོན་སྡེ་གྲྭ་ཚང་དང་སློབ་གྲྭ་སོགས་སློབ་གཉེར་གྱི་རྭ་བ་གང་དུ་ལྟས་ཀྱང་ཐོག་མའི་ཆ་ནས་སློབ་སྦྱོང་གི་ཆ་རྐྱེན་གང་བཟང་འགྲོ་བཞིན་ཡོད་ཀྱང་དེ་ལ་དཔག་པའི་སློབ་སྦྱོང་ཇེ་ཞན་དུ་འགྲོ་བཞིན་པ་ནི་ཝ་ར་ན་སི་གཅིག་པུ་མ་ཡིན་པ་ཕྲན་ཚོའི་མཐོང་ཆོས་སུ་འགྱུར་བཞིན་ཡོད། དེ་ནི་སློབ་མ་རྣམས་པའི་སྐུལ་སློང་ཇེ་ཞན་དུ་འགྲོ་བཞིན་པ་དང་ཨ་སྒོར་ལ་རྔམས་འདྲ་བའི་རྐྱེན་གྱིས་ཡིན།

    Reply
  17. ལྷག་པ་ཚེ་རིང༌། says:
    ལོ་ 14 སྔོན།

    སྤྱིར་བཏང་ནས། ཐག་རིང་གི་གཏམ་དེ་ཕྱེད་བདེན་ལ་ཕྱེད་མི་བདེན། ཞེས་པའི་བོད་ཀྱི་གཏམ་དཔེ་དེ་ཤིན་ཏུ་མད་པས་ན། དྲ་གྲོགས་རྣམས་ཀྱིས་སྙན་ལ་གསན་ཚད་དང༌། ཐུགས་ལ་དགོངས་ཚད་འདིར་མ་གསུངས་ན་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་ཆེ་བར་མངོན། སྒོས་སུ་ ཧིམཱལཡའི་རི་རྒྱུད་ནས་འདིར་ཞུགས་པ་རྣམས་ལ་གཟིགས་སྟངས་མི་འདྲ་བ་གསུངས་ཏེ་གནས་བཟང་འདིའི་ཁོར་ཡུག་མ་བསྙོགས་ན་དགེ་མཚན་ཆེའོ༎
    ད་ལྟའི་བཙན་བྱོལ་ནང་གི་བོད་མི་ཐམས་ཅད་རབ་དུ་བཀྲེས་པའི་གཡག་སྟོན་གྱི་ཞིང་གར་ཤོར་བ་ལྟར་ནུབ་ཕྱོགས་ལ་བཤར་སྟངས་འདིར་ལྟ་ན། མ་འོངས་པར་མཐོ་སློབ་འདི་ཧིམཱལཡ་བ་ལྟ་ཞོག རྒྱ་ཐང་གི་ཝཱརཱཎསཱི་པ་དང་རྡོ་རྗེ་གནད་པ་རྣམས་ཀྱིས་གང་རུང་དེ་ནི་བོད་མི་སྤྱི་ཡིས་མ་འཇོན་པ་ཞིག་ལས་གཞན་ལ་ལེ་ལན་འདའ་ས་མེད་དོ༎
    གལ་ཏེ་སེམས་ཤུག་ཡོད་ན་སྐུ་ཉིད་མ་བྱུང་རུང་ཁྱེད་ཅག་གི་ཚ་བོ་དང་ཚ་མོ་རྣམས་ནུབ་ཕྱོགས་སྒོར་མོའི་ཡུལ་དུ་མ་བརྫངས་པར་ཝཱ་ཎ་ཤེས་བྱའི་གླིང་དུ་ཐོངས་ཤིག།

    Reply
  18. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཝེ། བདེན་གཏམ་ཟེར་བ་ལགས།
    ང་བཙན་པོའི་བུ་ལ་བདེན་པ་གཉིས་རྟོགས་བྱེད་ཀྱི་རྣམ་དཔྱོད་ཅིག་མེད་སོང་བ་ཡིན་ན། ཕལ་ཆེར་མི་ལུས་ཤིག་བླངས་པ་འདི་ཡང་དོན་མེད་རེད་ཅེས་བཤད་ཀྱང་ལོས་ཆོག དགོངས་དག ཀུ་རེ་ཡིན། བདེན་པ་གཉིས་ནི། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཡིན་རབས་བཤད་ལ། གོང་གསལ་རྩོད་གཞི་འདིའི་ནང་གི་མི་སྣ་ཚང་མ་ཀུན་རྫོབ་བདེན་པའི་འཆང་རྒྱ་ལས་མ་གྲོལ་པའི་འཇིག་རྟེན་པ་ཤ་སྟགས་རེད། དེར་བརྟེན་ཁོང་ཚོ་ལ་ཀུན་རྫོབ་བདེན་པ་ངོ་སྤྲོད་ཡག་པོ་ཞིག་བྱུང་རྗེས། ད་གཟོད་ངས་དོན་དམ་བདེན་པ་འཆད་ཁྲོད་བྱད་ཆོག

    Reply
  19. དམག་ལོག་ says:
    ལོ་ 14 སྔོན།

    ནི་ཝར་ན་མཐོ་སློབ་ཡ། ད་ནི་ཁྱེད་ཕལ་ཆེར་ཚར་ཚར་བ་རེད། ༢༠༠༠ཐམ་པ་ཡས་མས་ནས་བཟུང་སློབ་སྦྱོང་སྒྲིག་ལམ་སོགས་སློབ་མའི་ཀུན་སྤྱོད་ཀྱང་ཅུང་ཉམས་རྒུད་ཀྱི་སྣང་ཚུལ་བྱུང་ཡོད། དེ་ནི་སློབ་སྦྱོང་ལས་ལག་འཁྱེར་གཙོ་ཆེ་བའི་ཧི་མ་ལ་ཡའི་རི་དྭགས་དེ་ཚོའི་བཟོ་བ་རེད།

    Reply
  20. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    བདེན་དོན་ར་སྤྲོད་མེད་པའི་ཆོལ་གཏམས་རིགས་ལ་བསམ་གཞིག་དགོས་པ་ལས་རང་དགར་བཤད་ན་ཕུགས་ལ་གང་ཡོང་། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ།། བྱང་ཆུབ་སེམས་དཔའ་རྣམ་ལ་སྐུར་བ་བཏབ།། དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས་ཅེས་པའི་ལུང་དོན་ལ་བསམ་དགོས་སོ། དངོས་ཡོད་ར་སྤྲོད་ཡོད་ན་མི་རེ་དང་མིང་རེ་བྱེད་རྒྱུ་ལས་གྲྭ་བ་དང་ཨ་ནེ་ཟེར་ནས་ཁྱོན་བསྡོམས་སུ་བཤད་ན་ཡག་པོ་ཨེ་ཡོད།

    Reply
  21. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    ས་གནས་ཕྱོགས་ཐམས་ཅད་ཀྱི་སློབ་གྲྭ་དང་དགེ་ལྡན་ཁག་ནང་སྐྱོན་མེད་དག་གཙང་ཁོ་ནའི་ལམ་དུ་རྒྱུ་བ་ནི་སྔ་ནས་ད་ལྟའི་བར་བྱུང་མྱོང་མེད་ཟེར་ན་ཆོག་གི འོན་ཀྱང་སྐྱོན་ཡོན་གཉིས་ཀྱི་བརྒྱ་ཆ་བསྡུ་སྟེ་བྱེད་བྲག་པའི་སྟེང་ནས་བཤད་རྒྱུ་དེ་གལ་ཆེ་པོ་མཐོང་གི་ཡོད།

    Reply
  22. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    ༄༅། ཝ་ན་མཐོ་སློབ་དེ་བོད་ཀྱི་མཐོ་སློབ་ཆེན་ཤོས་རེད། དེ་ཡང་སློབ་སྦྱོང་ལ་གང་ཤེས་དེ་ལག་འཁྱེར་ཆེ་ཤོས་ཡིན་པ་ཡོངས་གྲགས་རེད། དེར་རྟེན་རིགས་གཞུང་དང་སྐད་ཡིག་ལ་དོན་གཉེར་མེད་མཁན། ཚེ་འདིའི་སྙན་གྲགས་དང་དངུལ་སྒོར་ཆེད་དུ་ལག་འཁྱེར་ཆེན་པོ་རག་དགོས་མཁན་རྣམ་པ་ཕེབས་ས་ཡག་ཤོས་ཡིན་པ་དངོས་གནས་རེད། དེ་མ་ཚད་གྲྭ་བཙུན་དགའ་གྲོགས་སྒྲིག་སའི་ལྟེ་གནས་ཞིག་ཏུ་གྱུར་པ་དེ་ཡིད་སྐྱོ་བའི་གནས་ཚུལ་རང་རེད། ད་དུང་རྒན་བསམ་གཏན་ལགས་ཀྱི་སྐྱོན་འགེབ་བྱས་ནས་དགེ་རྒན་འགྲིག་ཡོད་ཟེར། དགེ་རྒན་ཕྱི་ལོག་ལ་རང་དོན་ཁོ་ན་འཁྱམས་ཉུལ་འགྲོ་ནས་ཚབ་སློབ་ཕྲུག་བཞག་པ་དང་། ཡོད་པ་དེ་ཚོ་ཆང་རག་གི་ར་རོ་དང་བུ་མོ་འཁྲིད་ནས་འགྲོ་མཁན་ཤ་ཐག་ཡིན་པ་ལ་ད་དུང་འགྲིག་ཡོད་ཟེར། ཨ་ཁ་དེ་འདྲའི་གསུངས་སྟངས་ལ་སྐྱོ་བ་ལ་ཚར་ཤག་འགོ་ནས་སྐྱོན་ཡོ་སྲང་མ་བྱེད་ན་ཡར་རྒྱས་ག་འདྲ་སེ་བོད་པའི་ལས་རེད། ཨ་ཨ་ཨ་ཨ། ཁ་ཁ་ཁ་ཁ་ཁ།

    Reply
  23. མང་ཐོས། says:
    ལོ་ 14 སྔོན།

    ཝ་ན་འདི་སློབ་གྲྭ་ཞིག་རེད། སློབ་མ་ཕོ་མོ་བར་ལ་དགའ་གྲོགས་ཀྱི་འབྲེལ་བ་བྱུང་ན་ཡང་སྐྱོན་ཞིག་ཡིན་དོན་མེད་གི་

    Reply
  24. ཉི་མ་བཀྲ་ཤིས། says:
    ལོ་ 14 སྔོན།

    རྗེས་མ་ནས་དེ་ཚོའི་རིགས་ལས་སླ་བོ་མ་བཞག་ཐགས་ཆོད་ཡིན།

    Reply
  25. རྒྱང་མིག་པ says:
    ལོ་ 14 སྔོན།

    བདེན་གཏམ་ལགས་་་་་་ཁོང་ཚོ་གྲྭ་བ་བྱེད་རོགས་ཞེས་ཞུ་འཐེན་མཁན་དེ་འཚོ་བ་ཡིན་རྒྱུ་རེད། སྤྱི་ཚོགས་རིགས་གནས་ཀྱི་ཆུ་ཚད་དང་མཉམ་མྱོང་ཁྱོན་ནས་མེད་མཁན་ཞིག་གི་སྡོམ་པ་ཤོར་ཀྱང་གྲྭ་ཆས་མ་གྱོན་ན་འཚོ་ལ་དཀའ་ངལ་ཡོད་རྒྱུ་རེད། མ་གཞི་ནས་མོ་སྡོམ་མེད་པའི་གྲྭ་ཆས་གྱོན་མཁན་སྔོན་མ་ནས་མང་པོ་ཡོད་པ་རེད། ཁོང་ཚོ་གྲྭ་བ་ལབ་ན་འགྲིག་གི་ཡོད་རེད། དགེ་ཚུལ་སློང་མ་རེད།

    Reply
  26. བདེན་གཏམ། says:
    ལོ་ 14 སྔོན།

    བཙན་པོའི་བུས་རྩོད་པ་ཡག་པོ་རྩོད་འདུག་འོན་ཀྱང་ཁྱེད་ཀྱི་རྩོད་པ་ལ་ངའི་ལན་ཞིག་འདེབས་འདོད་བྱུང་བ་ནི་འདི་ལྟར། ཁྱེད་ཀྱིས་བཀོད་པས་རྟགས་ཐམས་ཅད་མ་གྲུབ་པ་གང་ཞིག་་ཁྱབ་པའང་མ་བྱུང་བཅས་ཞུ་རྒྱུ་ཡིན། ཁྱེད་རང་བདེན་པ་གཉིས་ཀྱི་ཁྱད་པར་ཧ་ལམ་གོ་མྱོང་མེད་པ་འདྲ། གལ་སྲིད་གོ་མྱོང་ཡོད་ན་དེའི་ནང་དོན་གསལ་པོ་ཞིག་ཁྱེད་ཀྱི་ཤེས་ཀྱི་མེད་པ་འདི་གསལ་པོ་རེད་འདུག་དེར་བརྟེན་ཁྱེད་རང་ཐོགས་མར་བདེན་པ་གཉིས་ཀྱི་ནང་དོན་གསལ་པོ་ཤེས་པར་བྱེད་རོག་ཞུ་རྒྱུ་ཡིན་མ་གཞི་ཁྱེད་རང་རྩོད་པ་ཡག་པོ་འདུག

    Reply
  27. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ག་རེ་བཤད་དེ་རེད་། སྨྱོན་པ་མིན་པའི་རེ་བ་ཡོད་། ཝ་ར་ན་སེ་དགོན་པ་ཡིན་ས་མེད་།
    སློབ་ཕྲུག་རྣམས་དགའ་རོགས་སྒྲིག་ཡང་སྐྱོན་མེད་ངེས་རེད་།
    ཇུས་རྟོགས་མ་ཆེ་ན་ཡག་ག་འདུག་། རང་གྲྭ་པ་དང་ཨ་ནེ་ལ་ཇུས་རྟོགས་བྱེད་དགོས་ཡོད་ན་ དང་པོར་རང་གྲྭ་པ་བྱེད་རོགས་ དེ་ནས་བཤད་ན་བཟང་གི་
    དེ་མིན་ཁ་བཙུམ་མ་གཏོགས་ངས་སྲུང་མ་ལ་ཞུ་གི་ཡིན་ད་།

    Reply
  28. བདེན་གཏམ། says:
    ལོ་ 14 སྔོན།

    ག་རེས་ཡིན་ནའང་མེད་ནའང་གྲྭ་བཙུན་ཕན་ཚུན་དགའ་རོགས་སྒྲིག་པ་ཙམ་གྱིས་ཧ་ཅང་གིས་ནོར་བ་རེད། དྲ་གྲོགས་ཁ་ཤས་ཀྱིས་བཅོམ་ལྡན་འདས་ཀྱི་གླེང་རློངས་འགའ་གནང་འདུག་བཅོམ་ལྡན་འདས་ཀྱིས་གྲྭ་བཙུན་དག་ཕན་ཚུན་གྲོགས་སྒྲིག་གསུངས་པ་ལས་ཁྱེད་ཚོ་ཕན་ཚུན་དགའ་རོགས་སྒྲིག་ག་པར་གསུངས་འདུག
    དེའང་སློབ་སྦྱོང་བྱེད་སའི་ར་བའི་ནང་་་་་ཧ་ཧ་ཧ་ཧ་ཧ་
    མ་གཞི་ནས་གྲྭ་བཙུན་ཁྱེད་ཚོ་རྐུབ་ལ་ཟ་འཕྲུག་ལང་གིས་འདུག་ན་ཡིན་ཅིག་མིན་ཅིག་ཁྱེད་ཚོ་ལ་གྲྭ་བཙུན་བྱེད་རོག་ཟེར་ནི་ལྐུག་པ་སུའི་ཞུ་བ་འཐེན་འགྱི་འདུག
    ཁྱེད་ཚོ་ལ་གྲྭ་བཙུན་བྱེད་རོག་ཟེར་ནི་བཙན་དབང་གཏོང་མཁན་འདྲ་ཡོད་ན་ཁག་མེད། དེ་འདྲ་ནི་ཧ་ལམ་ཡོད་མ་རེད། ད་ཧ་མ་གོ་ན་དཀོར་གྱིས་ཚིག་པ་ཁོ་ན་རེད།

    Reply
  29. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ཝ་ར་ན་སའི་གྲྭ་བཙུན་ཚོ་གྱོང་པོ་བྱུང་། ཁྱེད་ཚོས་ཐོབ་ཐང་དངོས་གནས་བླངས་འདུག ཨ་ནི་གྲྭ་བའི་ཐོབ་ཐང་རེད།
    ཨ་ལ་ཀུ་རེ་ཡིན། ངོ་མ་ཐབས་སྐྱོ་བོ་ཞེ་དྲགས་རེད། ང་ཚོ་བོད་པའི་གནས་སྟངས་ཐབས་སྐྱོ་བོ་འདི་འདྲ་ཞིག་གི་སྐབས་སུ་རིག་པ་མ་སྒྲིམ་ན་ཉེན་ཁ་ཆེན་པོ་རེད། ལྷག་པར་དུ་གྲྭ་བཙུན་ཚོས་གནང་སྟངས་དེ་ངོ་ཚ་དགོས་པ་ཞིག་རེད། གྲྭ་བཙུན་བྱེད་དང་མི་བྱེད་སོ་སོ་རང་དབང་རེད། འོན་ཀྱང་གྲྭ་བཙུན་གནང་ན་ཕྱི་ནང་གཉིས་ཀ་སྤུས་དག་པོ་དགོས་རྒྱུ་གལ་ཆེན་པོ་འདུག
    དེ་ཡང་ཇི་སྐད་དུ།
    ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།
    ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།།
    མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར།།
    བློ་བཟང་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག།
    ལར་ནས་དགེ་རྒན་གཉིས་ཀྱི་བཀའ་མོལ་ཡང་མཐུན་པོ་ཞིག་མཐོང་མ་སོང་། དངོས་ཡོད་གནས་ཚུལ་ཅི་ཡིན་ད་དུང་ཡང་ཐེ་ཚོམ་རེད།

    Reply
  30. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ཝ་ར་ན་སའི་གྲྭ་བཙུན་ཚོ་གྱོང་པོ་བྱུང་། ཁྱེད་ཚོས་ཐོབ་ཐང་དངོས་གནས་བླངས་འདུག ཨ་ནི་གྲྭ་བའི་ཐོབ་ཐང་རེད།
    ཨ་ལ་ཀུ་རེ་ཡིན། ངོ་མ་ཐབས་སྐྱོ་བོ་ཞེ་དྲགས་རེད། ང་ཚོ་བོད་པའི་གནས་སྟངས་ཐབས་སྐྱོ་བོ་འདི་འདྲ་ཞིག་གི་སྐབས་སུ་རིག་པ་མ་སྒྲིམ་ན་ཉེན་ཁ་ཆེན་པོ་རེད། ལྷག་པར་དུ་གྲྭ་བཙུན་ཚོས་གནང་སྟངས་དེ་ངོ་ཚ་དགོས་པ་ཞིག་རེད། གྲྭ་བཙུན་བྱེད་དང་མི་བྱེད་སོ་སོ་རང་དབང་རེད། འོན་ཀྱང་གྲྭ་བཙུན་གནང་ན་ཕྱི་ནང་གཉིས་ཀ་སྤུས་དག་པོ་དགོས་རྒྱུ་གལ་ཆེན་པོ་འདུག
    དེ་ཡང་ཇི་སྐད་དུ།
    ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།
    ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།།
    མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར།།
    བློ་བཟང་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག།
    ལར་ནས་དགེ་རྒན་གཉིས་ཀྱི་བཀའ་མོལ་ཡང་མཐུན་པོ་ཞིག་མཐོང་མ་སོང་། དངོས་ཡོད་གནས་ཚུལ་ཅི་ཡིན་ད་དུང་ཡང་ཐེ་ཚོམ་རེད།

    Reply
  31. Norbu Tsephel says:
    ལོ་ 14 སྔོན།

    དེ་སྔོན་དེ་འདྲ་བྱེད་མཁན་གྱི་བཀའ་བརྒྱུད་པའི་གྲྭ་བཙུན་གཉིས་ཡོད་འདུག་ཀྱང་། ད་ཆར་ཚབས་ཆེ་བ་དེ་འདྲ་ལྟ་ཡོད་བཟོ་མི་འདུག

    Reply
  32. བཙན་པོའི་བུ། says:
    ལོ་ 14 སྔོན།

    གསལ་བཤད་ཞུ་རྒྱུར། ང་ནི་ཝར་ན་མཐོ་སློབ་ནང་གི་གྲྭ་བཙུན་གང་གི་ཁུངས་སུ་མི་གཏོགས་པ་མ་ཟད། དེ་ཕྱོགས་སུ་འགྲོ་མྱོང་ཡང་མེད། འོན་ཀྱང་། ཝར་ཎ་ནས་སློབ་སྦྱོང་བྱེད་མཁན་ཚང་མར་བཤད་ཁ་རེ་ཡོད་པ་གོ་མྱོང་ཡོད། དཔེར་ན། ཟབ་གདོང་་་ ད་མི་བཤད་ ཆོག་གི

    Reply
  33. བཙན་པོའི་བུ། says:
    ལོ་ 14 སྔོན།

    འདི་རིགས་དམིགས་བསལ་སྐད་ཆ་གསལ་བ་མ་རེད་ལ། དམིགས་བསལ་དོ་སྣང་བྱེད་དགོས་ས་ཞིག་ཀྱང་མ་རེད། གལ་ཏེ་དོ་སྣང་དང་དགག་བསྒྲུབ་བྱ་དགོས་བྱུང་བ་ཡིན་ན། པདྨ་འབྱུང་གནས་ཆོས་ཅན་དེ་ཡང་དགག་དགོས་པར་ཐལ། དེས་དགའ་རོགས་བསྒྲིགས་ཡོད་པས་ཕྱིར། དེ་བཞིན་རྙིང་མའི་བླ་སྤྲུལ་གང་མང་ཞིག་ཆོས་ཅན་དེ་དག་ཐམས་ཅད་རྨང་ནས་བསྒྱེལ་དགོས་པས་ཕྱིར། རྒྱུན་མཚན་ནི་དེ་དག་ལ་དགའ་རོགས་ཡོད་པར་ཐལ། རྒན་མོ་ཡོད་པས་ཕྱིར། དེ་བཞིན་ས་སྐྱ་པ་ཆོས་ཅན་ས་སྐྱ་གོ་མ་ཚང་ལ་ཡང་དགའ་རོགས་དང་རྒན་མོ་ཡོད་པས་ཕྱིར། གཞན་ཡང་དགེ་ལུགས་པ་ཆོས་ཅན་པཎ་རིན་པོ་ཆེ་དང་འཇམ་དབྱངས་བཞད་པ་གཉིས་ཆོས་ཅན། དེ་གཉིས་ལ་ཡང་དགའ་རོགས་དང་རྒན་མོ་ཡོད་པས་ཕྱིར། ལྷག་པར་དུ་ཇོ་ནང་གི་ཀུན་མཁྱེན་རིན་པོ་ཆེ་འབོད་པ་དེ་ཆོས་ཅན་སངས་རྒྱས་བསྟན་པའི་སྲོག་ཤིང་ཞེས་འབོད་པ་དེ་ལ་ཡང་དགའ་རོགས་དང་རྒན་མོ་ཡོད་པས་ཕྱིར། འདི་དག་ཐམས་ཅད་ཀྱིས་བྱེད་ཆོག་པ་ཞིག་དགེ་འདུན་པ་ཕལ་བ་སྟེ་དཀྱུས་མ་ཞིག་གིས་ཅིས་ཕྱིར་བྱེད་མི་ཆོག་པ་རེད། གལ་ཏེ་འགྲོ་བ་མི་ཐམས་ཅད་གཅིག་མཚུངས་ཡིན་པ་ཁས་བླངས་པ་ནས་བཟུང་། དེའི་རྒྱུད་ལ་ཡོད་པའི་འདོད་ཆགས་ཡང་གཅིག་པ་ཡིན་པ་ཁས་ལེན་ལོས་ཀྱང་དགོས། མི་ཆེན་པོས་བྱེད་ཆོག་པ་ཞིག་པ་ཆུང་བས་བྱེད་མ་ཆོག་པ་ཞིག་ག་ལ་ཡོད། གལ་ཏེ་འདུལ་ཁྲིམས་ཞེས་པ་དེ་ཁ་ནས་བཤད་པ་བཞིན་ལག་ལེན་དངོས་སུ་བསྟར་མཁན་ཞིག་ཡོད་ན་ནི། དེ་ནི་གནས་ཚུལ་ཐ་ཐད་རེད། འོན་ཀྱང་། དེང་སང་གི་དགོན་པ་དག་ཆོས་ཅན་འདུལ་ཁྲིམས་མི་སྲུང་སྟེ། བསམ་བཞིན་དུ་ཁུ་བ་འབྱིན་བཞིན་ཡོད་པས་ཕྱིར། མཚན་མཐུན་ཆགས་སྤྱོད་ཀྱང་དགོན་པར་གསང་བའི་ཚུལ་དུ་ཡོད་པས་ཕྱིར། དེ་ཡང་མངོན་གསལ་དོད་པོ་ཡིན་པས་ཕྱིར། གལ་ཏེ་མཚན་མཐུན་ཆགས་སྤྱོད་དེ་འདུལ་ཁྲིམས་དང་མཐུན་པ་ཡིན་ན། ཨ་རི་བ་དང་འཇལ་པན་པ་མང་ཤོས་འདུལ་ཁྲིམས་སྲུང་མཁན་ཡིན་པར་ཐལ། རྒྱུན་མཚན་ནི། དེ་དག་གིས་མཚན་ཆགས་སྤྱོད་ལས་གཞན་བུད་མེད་ལ་མི་སྤྱོད་པས་ཕྱིར། དེ་མིན་མཚན་མཐུན་ཆགས་སྤྱོད་དེ་འདུལ་ཁྲིམས་དང་འགལ་ཡོད་ན། གོང་གསལ་གནས་ཚུལ་དེ་ཡང་འདུལ་ཁྲིམས་དང་འགལ་མེད་པས་ཕྱིར། རྒྱུན་མཚན་ནི། དགའ་རོགས་བསྒྲིགས་པ་ཙམ་ལས་བླ་ཆེན་དང་དགོན་བདག་དག་གིས་སྤྱོད་སྟངས་བཞིན་རང་སྣང་གང་དྲན་གྱིས་གཉེན་བསྒྲིགས་བྱས་མེད་པ་གང་ཞིག་ལ། དགོན་པའི་ནང་གི་དགེ་འདུན་པ་ལྟར་མཚན་མཐུན་ཆགས་སྤྱོད་བྱས་པའི་གནས་ཚུལ་ཡང་བྱུང་མེད་པས་ཕྱིར། མདོར་ན། འདི་རིགས་འཇམ་ཅག་གེར་བཞག་ན་བཟང་བར་འདོད། དེ་མིན་རེ་རེ་བཞིན་གླེང་བར་འདོད་ན། གླེང་བར་བྱ་འོ།

    Reply
  34. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    བསམ་གཏན་ལགས་་་་ཁྱེད་ཀྱིས་བསམ་བློ་གཏོང་སྟངས་དེ་ཁྱད་མཚར་བོ་ཞིག་མི་འདུག་གམ། གྲྭ་བས་གྲྭ་ཆས་གྱོན་ནས་ཁྲབ་ན་སྒེར་དོན་མ་ཡིན་པ་ཅི་རེད་་་་དེས་ན་བོད་པ་ཞིག་གིས་བོད་ཆས་གྱོན་ནས་ཁྲབ་ནའང་གཞུང་དོན་ཞིག་ཏུ་ངོས་འཛིན་དགོས་པ་ཨེ་རེད། འདི་ནི་སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་ནས་བྱུང་བའི་དོན་ཐག་ཅིག་ཡིན་པས་གཞུང་དང་ཚོགས་པའི་གཞི་རྩའི་སྒྲིག་གཞི་དང་མ་འགལ་ན་སྒེར་གྱི་དོན་ཐག་ལ་དེ་འདྲའི་ཁ་ཡ་བྱེད་དགོས་དོན་མི་འདུག་སྙམ།

    Reply
  35. ཤག་སྒང་པ། says:
    ལོ་ 14 སྔོན།

    ཡར་རྒྱས་ཀྱི་ནང་དུ་ཆོས་རྒྱུད་ཀྱི་ཕྱོགས་ཞེན་མེད་པར་ཆགས་ཡོད་ཟེར་བ་དེ་བདེན་པ་མ་རེད། དེ་ལྟར་ཡིན་ན། འོས་ཤོག་བསྒྲིགས་འཛུགས་ཀྱི་ཚད་མཐོ་ཤོས། དགེ་ལུགས་པའི་འཐུས་མིར་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོའི་ས་མིག་ད་དུང་ཡང་འཐོབ་མྱོང་མེད་པ་ནི་ཝཱ་ཎའི་དམིགས་བསལ་ཞིག་མ་རེད་དམ།

    Reply
  36. བརྩོན་རྒྱམ། says:
    ལོ་ 14 སྔོན།

    སྤྱིར་བོད་མི་ཞིག་ཡིན་ཕྱིར་ཤེས་ངེས་རེད།  འོན་ཀྱང་ད་དུང་ཐ་སྙད་འདི་འདྲ་བེད་སྤྱོད་བཏང་ནས་རྩོམ་ཡིག་འབྲི་རྒྱུ་ཡོད་པ་ཡ་མཚན་ཆེ།  དེ་ནི་ཕལ་ཆེར་དེ་འདྲ་འབྲི་མཁན་ཚོ་གྲྭ་བཙུན་ཚོ་ལ་ལྟ་སྟངས་གཞན་ཞིག་ཡོད་ངེས་རེད།   ཝར་ཎའི་མཐོ་སློབ་ཀྱི་སློབ་ཕྲུག་གྲྭ་བཙུན་སུ་ཞིག་ཡིན་རུང་དགའ་རོགས་སྒྲིག་ཡོད་ན་དེ་ནི་གྲྭ་བཙུན་མ་ཡིན་པ་གསལ་བོ་ཆགས་པ་རེད།  བོད་ཀྱི་གྲྭ་བཙུན་སུ་ཞིག་ཡིན་རུང་རྩ་བ་བཞི་སྲུང་དགོས་པ་བརྗོད་མེད་རེད་དེ་འདྲ་ཡིན་དུས་གྲྭ་བཙུན་དགའ་རོགས་སྒྲིག་མཁན་ཞིག་ཡོད་ན་དེ་ནི་གྲྭ་བཙུན་མ་ཡིན་པ་གསལ་བོ་རེད།  སྤྱིར་མི་རིགས་སུ་ཞིག་ཡིན་རུང་རང་མི་རིགས་ལ་ལ་ཞེན་མེད་མཁན་ཧ་ཀྱང་མེད་པ་འདྲ་གང་ལྟར་བོད་མི་རིགས་ལ་མཚོན་ན་བོད་མིའི་གྲངས་འབོར་སོགས་ལ་བསམ་བློ་གཏོང་དགོས་པས་གནས་སྟངས་ཞིག་ཆགས་ཡོད།  གྲྭ་བཙུན་ཞེས་པ་གཙོ་བོ་མང་ཉུང་ལ་མ་ཐུག་པར་གཙང་མ་ཞིག་དགོས་པ་གལ་ཆེན་རེད་ཞེས་༧གོང་ས་མཆོག་གིས་དུ་རྟག་པར་བཀའ་གནང་གི་ཡོད་པ་བཞིན་དོན་དམ་གྲྭ་བཙུན་ཚོས་བསམ་བློ་གཏོང་དགོས་པ་ཞིག་རེད་དྲན་སོང་།

    Reply
  37. རྒྱ་རྙི། says:
    ལོ་ 14 སྔོན།

    དྲང་པོར་བཤད་ན་མངོན་གསལ་དུ་དགའ་རོགས་སྒྲིག་པའི་གྲྭ་བཙུན་ཚོ་སྒེར་གྱི་དོན་དག་རེད་ཅེས་འགེབས་སྲུང་བྱེད་རྒྱུ་མི་འདུག དེ་འདྲ་བྱུང་ན་གྲྭ་བཙུན་སྤྱི་དང་། བསྟན་པའི་ཞབས་འདྲེན་ཆེན་པོ་རེད། ཡིན་ནའང་། སྐྱོན་ཆེ་ཤོས་དེ་ཝར་ནའི་སྒྲིག་འཛུགས་ཀྱི་སྒང་ན་ཡོད། ཝར་ན་འདི་མཐོ་སློབ་ཅིག་རེད་མ་གཏོགས་དགོན་པ་ནི་མ་རེད། སྒྲིག་ཞུགས་ཀྱི་གྲྭ་བཙུན་ཚོ་སྐྱ་སར་བབ་མི་ཆོག་པ་དང་། སྐྱ་སར་བབ་ཚར་ན་སློབ་གྲྭའི་སྒྲིག་ཁོངས་ནས་ཐོན་དགོས་པའི་སྒྲིག་གཞི་དེར་རྒྱུ་མཚན་གང་ཡང་མི་འདུག སྒྲིག་གཞི་འདི་བཟོ་མཁན་བླ་རྒན་མགོ་མཁྲེགས་ཤིག་ཡིན་པ་ཐག་གིས་ཆོད། སྒྲིག་འཛུགས་ལ་དག་ཐེར་བྱེད་ན་སྒྲིག་གཞི་འདིའི་རིགས་ལའང་དག་ཐེར་བྱེད་རོགས། སློབ་ཕྲུག་བསྡུ་ལེན་སྐབས་ཧིན་རྡིའི་ཡིག་རྩལ་གཏོང་དགོས་པ་འདི་ཡང་ཆེད་དུ་བོད་ནས་ཡོང་མཁན་ཚོར་འགོག་རྐྱེན་བཟོས་པ་ཞིག་རེད། དེ་ཡང་མེད་པར་གཏོང་རོགས།

    Reply
  38. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    རང་ཉིད་གོང་གི་ཁ་བྱང་ལ་བལྟས་པ་ཙམ་གྱི་ཧ་སང་སོང་། ཡིན་ཡང་ནང་དོན་ཞིབ་ཏུ་ཀློག་སྐབས་གོང་གི་ཁ་བྱང་འདི་སྐད་ཆ་ནང་དུ་ཐོན་ཙམ་རེད། གྲྭ་བ་བུད་མེད་ལ་གྲོགས་པོ་བྱེད་མི་ཆོག་པ་བཅོམ་ལྡན་འདས་ཀྱི་གསུངས་ཡོད་པ་མ་རེད། གྲྭ་བ་བུད་མེད་ཞིག་འཆམ་པོ་ཡོད་པ་ཙམ་གྱིས་གྲྭ་བ་ལ་བུད་མེད་དགའ་རོགས་འདུག་ཅེས་སྐད་གསེང་མཐོན་པོར་བཤད་མཁན་ཚོར་ཧ་ཅང་ཐལ་དྲག་རེད་བསམ་སོང་།
    གྲྭ་བ་ཡིན་མིན་གྱི་ས་མཚམས་ནང་གི་སོ་ཐར་གྱི་སྡོམ་པ་ཡོད་མེད་ལ་བལྟ་དགོས་རེད་མ་གཏོགས་ཕྱིའི་རྣམ་འབྱོར་ལ་མ་མཛེས་པ་ཙམ་གྱིས་གྲྭ་བ་མ་རེད་ལབ་ན་གླེན་རྟགས་རང་རེད། སྤྱིར་བཤད་རྒྱུ་མང་པོ་འདུག་ཀྱང་གནས་སྐབས་དེ་ཙམ་མོ།

    Reply
  39. lobsang says:
    ལོ་ 14 སྔོན།

    ངོ་མ་འགན་ཁུར་མི་ཐུབ་ན་དགོངས་པ་ཞུས་ན་རེད།༸སྐྱབས་མགོན་རིན་པོ་ཆེ་ཆིབས་བསྒྱུར་གནང་དུས་ལས་བསྡོམས་ཡག་རབ་བརྒྱན་རབ་རྐྱང་རྐྱང་གསུང་ནས་མཐར་འདི་ལ་ཐུག་པ་རེད། ངོ་མ་བློ་ཕམ་བྱེད་རེད་ཡ།

    Reply
  40. samten says:
    ལོ་ 14 སྔོན།

    ཆུ་ཐིགས་སྔོན་མོ་ཟེར་བ་འདི་བསམ་བློ་གུ་ཡོངས་པོ་ཞེ་བོ་འདུག། གལ་ཏེ་ཁྱེར་ཚོགས་པ་གང་དུ་བསྡད་ཀྱང་དེའི་ཁྲིམས་འཁུར་དགོས་པས་དེ་ལ་སྒེར་དོན་དང་གཞུང་ཟེར་བ་ཞིག་མེད། གྲྭ་བ་ཞིག་གིས་དགའ་རོགས་བསྒྲིགས་པ་དེ་སྒེར་དོན་ཞིག་ཡིན་ཡང་རྒྱབ་ཏུ་རང་བྱུང་གི་གོན་པ་གོན་ནས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་ན་དེ་ནི་སྒེར་ཞིག་རེད་ཟེར་ནས་བཞག་དཀའ་མོ་རེད། གྲྭ་ལོག་ཞིག་གིས་གྲྭ་བའི་མཚན་ཤས་བྱེད་ག་ལ་ཆོག། གྲྭ་ལོག་དང་མི་སྐྱ་ཁ་ཤས་གྱིས་གྲྭ་གོས་གོན་ནས་གྲྭ་བའི་མཚན་སྙན་བརླག་ནས་ཡི་རིང་འགོར་སོང།

    Reply
  41. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    དགེ་བཤེས་དང་གྲྭ་བཙུན་དཀྱུས་མ་གཉིས་ཀྱི་འདོད་ཆགས་ལ་ཁྱད་པར་ཡོད་ནི་མ་རེད། ཐ་སྙད་ཙམ་གཙོ་བོར་འཛིན་ན་ཁ་ཁ་རེད། གཞན་མི་ཞིག་གིས་སྐྱོན་དེ་ཙམ་གླེང་བ་ཙམ་གྱིས་སློབ་གླིང་འདིའི་ངོ་གདོང་འགྱུར་མི་དགོས་ལ་རིན་ཐང་མེད་པ་ཞིག་ཏུ་གྱུར་དོན་མེད་ཁུ། འོན་ཀྱང་། དངོས་ཡོད་ཀྱི་གནས་སྟངས་དེ་འདི་ལྟར་གསལ་བོ་བྱས་ནས་སྤྱི་ཚོགས་ནང་དུ་བསྒྲགས་པ་ལ་རྗེས་སུ་ཡི་རང་ཞུ། ཁོ་བོས་ཀྱང་ན་ནིང་རྡོ་གདན་དུ་སོང་བའི་ཉིན་ཐོ་ཞེས་པའི་མཇུག་ཏུ་འདི་འདྲ་ཞིག་བྲིས་ཡོད། ཡིག་ནོར་ཡང་བཅོས་མེད་པར་འདིར་བཀོད་ན།

    མཇུག་ཏུ་སྨྲས་པ།
    ཝ་ར་ན་སུའི་སློབ་ཆེན་སློབ་མ་ཚོ།།
    ཤར་ནུབ་ཕྱོགས་ནས་འདུས་པའི་སྤུན་གྲོགས་ཤིག།
    ལ་དྭགས་མོན་པ་བལ་ཡུལ་ཤར་པ་དང་།།
    སོག་པོ་འཇར་པན་སོགས་ཀྱང་ཡོད་པ་འདྲ།།

    བོད་ཡིག་འབྲི་ཀློག་མི་ཤེས་སློབ་ཆེན་པ།།
    བོད་ཀྱི་མཐོ་སློབ་འདི་ན་ཡོད་པ་འདྲ།།
    བུ་དང་བུ་མོའི་བརྩེ་བ་ཟིལ་གནོན་པའི།།
    གྲྭ་བཙུན་ཟུང་ཡང་ད་ཐེངས་བདག་གིས་རིག།

    སྐད་ཡིག་བཞི་ལྔ་སྨྲ་བའི་བོད་པ་ཞིག།
    ཝར་ན་མ་གཏོགས་བོད་ལ་ཡོད་མྱོང་མེད།།
    གདོང་དམར་བོད་ཀྱི་ན་གཞོན་སློབ་བུ་ཚོ།།
    སློབ་ཆེན་འདི་ལ་ཞུགས་པར་འབད་བརྩོན་བྱོས།།
    གོང་གི་གྲྭ་བཙུན་ཟུང་ཟེར་བའི་དོན་ད་ཐེངས་གསུང་ཆོས་སྐབས་ཝ་ནའི་སློབ་མ་གྲྭ་བ་གཉིས་དང་ཨེ་ནེ་འམ་ཇོ་མོ་གསུམ་གྱིས་ང་ཚོ་ངོ་ཚ་རུ་བཅུག་སོང་། དེའི་ཕྱིར་ཟུར་ཙམ་ནས་གླེང་བ་ཡིན།

    མཇུག་ཏུ་གསལ་བྱེད་ཅིག་ལ་ད་ཐེངས་ཀི་འདི་མི་སྣ་ངོ་སྤྲོད་ཙམ་ལས་སྙན་ངག་ཅིག་མིན།

    Reply
  42. འབྲུག་གྲགས་རྒྱལ་པོ། says:
    ལོ་ 14 སྔོན།

    དྲྭ་གྲོགས་རྣམ་པ། དེ་མིན་པའི་དཔྱད་གླེང་འདྲ་གནང་ན་མི་དགའམ། སྔོ་ལོ་རྐྱང་རྐྱང་འཕྱར་ནས་དགོས་པ་ཨེ་ཡོད། ཤ་ཚ་ཡོད་ན་འབྲེལ་ཡོད་ལས་ཁུངས་དང་མི་ངོར་གཏུགས་ནས་སྐྱོན་སེལ་དགེ་འདོན་གནང་ན་མི་འཐུས་པ་ཨེ་ཡོད།

    Reply
  43. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དགེ་འདུན་པ་ལོག་ན་གྲྭ་ལོག་དང་། སྤྲུལ་སྐུ་དང་བླ་མ་ལོག་ན་མཛད་པ་ཞེས་པའི་ཐ་སྙད་ལས་ཡོང་བའི་ལམ་ལུགས་ཀྱི་དུས་ད་ལྟའང་གྲྭ་པ་དང་ཨ་ནེའི་བར་སྟོང་ཆ་ལ་རྣམ་རྟོག་གིས་རྩིག་པ་བརྩིགས་ཏེ་ལབ་གླེང་མང་དག་ཞིག་སྤེལ་བཞིན་པ་འདིའི་དོན་ངོ་མ་ཁོ་རང་སྒེར་གྱི་དགའ་གྲོགས་དེ་གྲྭ་པ་ཞིག་དང་ཁ་ཐུག་ནས་ཕྱིན་པའི་རྒྱུ་མཚན་གྱིས་མ་བཟོད་པར་སེར་མོ་བ་སྤྱི་ལ་རྒོལ་བརྡུང་བྱས་དང་བྱེད་བཞིན་འདུག་པ་ལས། སངས་རྒྱས་བསྟན་པར་བསམ་ནས་བྲིས་པ་ཞིག་གཏན་ནས་མིན།

    Reply
  44. ཁ་བའི་བུ། says:
    ལོ་ 14 སྔོན།

    ད་དགེ་བཤེས་ལགས་ཀྱི་དེ་ལྟར་གནང་གི་ཡོད་ན་གྲྭ་བཙུན་དཀྱུས་མ་ཚོ་ཡིན་ཡིན།

    Reply
  45. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    གྲྭ་བཙུན་ཚོས་དགའ་རོགས་བསྒྲིགས་པ་དེ་སྒེར་དོན་ཞིག་རེད་་་་དེ་གནད་འགག་ཅིག་མ་རེད་་་་་དགའ་རོགས་བསྒྲིགས་མཁན་ནི་དགེ་སློབ་ཚང་མའི་ནང་ལ་ཡོད་པ་མ་ཟད་བླ་མ་དང་དགེ་བཤེས་ཚོས་ཀྱང་དེ་བཞིན་བྱེད་ཀྱི་ཡོད་ཀྱང་་་་དེ་ནི་སྒེར་སྐྱོན་ཞིག་ལས་ཅི་ཡང་མིན།་་་་གཙོ་བོ་སློབ་སྦྱོང་འཐུས་ཤོར་དུ་འགྲོ་བའི་གནད་འགག་དེ་ངོས་ཟིན་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དགེ་རྒན་ཚོས་སློབ་ཕྲུག་ཚོའི་སྤྱོད་པ་ཡག་པོ་མི་འདུག་ཅེས་འགྲེལ་བཤད་རྒྱག་པ་ལས་སྐྱོན་ཆ་སེལ་ཐབས་སུ་ཁྲིམས་སོགས་ཀྱི་སྒོ་ནས་ལག་ལེན་དུ་བསྟར་ཏེ་འཐུས་ཤོར་དེ་ཁ་གསབ་བྱེད་དགོས་པ་རེད། དེ་མིན་ཡག་པོ་མི་འདུག་ཅེས་ཁྱབ་བསྒྲགས་བྱས་པ་དེས་ཅི་ལ་ཕན། དེ་འདྲ་བྱས་ན་འགན་མ་ཁུར་བ་ཡིན་པས་སྐྱོན་དེ་དགེ་རྒན་གྱི་ཐོག་ཏུ་འདུག་པ་སྨོས་ཅི་དགོས། དགེ་རྒན་གྱི་ཁ་ལ་མ་ཉན་ན་གནས་དབྱུང་གཏོང་རྐྱང་བྱས་ན་གཞི་ནས་སྤོས་ཀ་ཇེ་ལེགས་སུ་ཏན་ཏན་འགྲོ་ངེས་རེད།

    Reply
  46. གཡག says:
    ལོ་ 14 སྔོན།

    ཝར་ཎའི་མཐོ་སློབ་ཀྱི་སློབ་ཕྲུག་གྲྭ་བཙུན་ཕར་ཟད་སློབ་དགེ་ཡིན་པའི་དགེ་བཤེས་རྣམ་པས་ཀྱང་དགའ་རོགས་སྒྲིག་བཞིན་ཡོད་པ་མངོན་གསལ་དོད་པོ་དང་ནམ་ལངས་ལངས་ཉི་མ་ཤར་ཤར་ཡིན་པ། མ་ཟད་དགེ་བཤེས་རྣམས་ཀྱིས་བུ་མོ་མཛེས་མ་འཕྲོག་རྩོད་བྱས་པའི་ལོ་རྒྱུས་ཀྱང་ཡོད་རེད། བཤད་དགོས་བྱུང་ན་ཞུ་ཆོག དེ་མིན་དགོས་པ་མེད་པས་གཡུག་ཞོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese