མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་མཆོག་གླིང་གི་དགེ་འདུན་པ་ ༢༩ རྩ་དགོངས་ཞུས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་སྔོན་མའི་ནང་ཚེ་མཆོག་གླིང་གི་དགོན་བདག་བླ་མ་ཕེབས་ཏེ་དགོན་པའི་རྙོག་གླེང་ཐག་གཅོད་ཅིག་གནང་ཡོད་པའི་ནང་། དགོན་པའི་མཁན་པོ་དང་དབུ་མཛད། དགེ་བསྐོས་སོགས་དགེ་འདུན་པ་ ༦ གིས་རྩ་དགོངས་ཞུ་དགོས་སྐོར་བཀོད་ཡོད་སྟབས། གྲྭ་མང་ཚོས་དེ་ལ་མོས་མཐུན་མ་གནང་བར་སྔ་ཕྱིར་གྲྭ་བ་ ༢༩ དགོན་པ་ནས་ཐོན་འདུག

ངྷ་ས་ཚེ་མཆོག་གླིང་གི་དགོན་བདག་བླ་མ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་འབྲས་ལྗོངས་རྒྱལ་ས་སྒང་ཐོག་ནས་བཞུགས་སྒར་ཚེ་མཆོག་གླིང་དགོན་པར་ཕེབས་ཏེ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཚེ་མཆོག་གླིང་དགོན་པའི་རྙོག་གླེང་སྐོར་ལ་མཁན་པོ་དང་དབུ་མཛད། དགེ་བསྐོས་གཙོས་པའི་དགེ་འདུན་པ་ ༦ དུས་ཚོད་རྒྱས་བཅད་ནང་དགོན་པ་ནས་རྩ་དགོངས་ཞུ་དགོས་པའི་ཐག་གཅོད་ཅིག་གནང་ཡོད་པ་དང་། དེ་ལ་དགོན་པའི་གྲྭ་བ་གཞན་མང་པོ་ཞིག་གིས་མོས་མཐུན་མ་གནང་བར། ཉིན་དེ་རང་ལ་དགོན་པའི་མཁན་པོ་གཙོས་པའི་དགེ་འདུན་པ་ ༢༩ ཚེ་མཆོག་གླིང་དགོན་པ་ནས་ཐོན་ཡོད་འདུག དེའི་ཁྲོད་ཀྱི་གྲྭ་བ་ ༡༡ ཙམ་ཕྱིར་རང་ཡུལ་འབྲས་ལྗོངས་སུ་ལོག་ཡོད་པ་དང་། མཁན་པོ་བསྟན་འཛིན་དོན་བཟང་མཆོག་སྐུ་གཟུགས་བདེ་མིན་གྱིས་མ་ཎ་ལིར་ཕེབས་ཡོད་འདུག བཞུགས་སྒར་ཉེ་འཁོར་གྱི་གྲྭ་བ་ ༣ སོ་སོའི་ཁྱིམ་དུ་ལོག་ཡོད་པ་དང་། གཞན་བོད་ནས་ཕེབས་པའི་གྲྭ་བ་ ༡༤ ཙམ་ལ་འགྲོ་ཡུལ་འདུག་ཡུལ་མ་རག་པར་གནས་སྐབས་རིང་ངྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་བཞུགས་འདུག

 

ཐེངས་འདིར་དགོན་བདག་བླ་མ་མཆོག་གིས་མིང་འདོན་གྱིས་ཚེ་མཆོག་གླིང་དགོན་པའི་དགེ་འདུན་པ་ ༦ གིས་རྩ་དགོངས་ཞུ་དགོས་པའི་ཐག་གཅོད་གནང་བ་དེ་དག་ནི། ཚེ་མཆོག་གླིང་གི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལགས་ཀྱིས་དེ་སྔོན་མེག་ལོར་ཧྥོ་སིར་གྷན་ཇི་ཡི་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་སྤྲད་དེ་ཟླ་ ༧ ཚེས་ ༩ ཉིན་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་པའི་གྲྭ་བ་དག་ཡིན་ཞིང་། ཐེངས་འདིར་ཁོང་ཅག་ལ་དགོན་པའི་ལས་སྣེ་ཚོས་མཐའ་མའི་ཐག་གཅོད་གང་ཡིན་གྱི་ཡིག་ཆ་ཞིག་སྤྲད་ཡོད་པའི་ནང་། “ ཕྱི་ལོ་ ༢༠༡༡ ཟླ་ ༥ པའི་ཚེས་ ༡༥ ནས་ད་ལྟ་བར་མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་དོན་བཟང་གིས་གཙོ་བོ་བྱས་ཏེ་ཡུན་རིང་རྙོག་གླེང་འཁྲུན་ཐག་མ་ཆོད་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༩ པའི་ཚེས་ ༧ ཉིན་གྱི་ཆུ་ཚོད་ ༡༠།༣༠ ཐོག་ཚེ་མཆོག་གླིང་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་ལས་སྣེ་ལྷན་རྒྱས་ཚོགས་འདུ་རྒྱས་འཛོམས་ཀྱི་སར་ཕན་ཚུན་གྲོས་བསྡུར་ལན་མང་ཞུས་པའི་མཐའ་དོན། དགེ་བཤེས་བསྟན་འཛིན་དོན་བཟང་དང་བསྟན་འཛིན་དོན་འགྲུབ། བཀྲིས་རྒྱལ་མཚན། སྐར་མ་འོད་ཟེར། བྱམས་པ་མཁྱེན་རབ། བསྟན་འཛིན་བྱམས་བརྩེ། བཅས་ནས་རང་མོས་ཀྱིས་གྲྭ་ཚང་ནས་རྩ་དགོངས་ཞུ་དགོས་པ་དང་། དུས་ཚོད་རྒྱས་བཅད་ནང་གྲྭ་ཚང་ནས་ཕྱིར་ཐོན་གནང་དགོས་པའི་གྲོས་ཆོད་དུ། ཚེ་མཆོག་གླིང་ཡིག་ཚང་ནས ”  ཞེས་འཁོད་འདུག

 

ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པས་དགོན་བདག་བླ་མ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་ལ་ཐུག་འཕྲད་བྱས་ཏེ། ཐེངས་འདིའི་ཐག་གཅོད་ཀྱི་བྱུང་རིམ་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས “ ཚེ་མཆོག་གླིང་དགོན་པའི་རྙོག་དྲ་དེ་གཙོ་བོ་འཛིན་སྐྱོང་གི་ཐོག་ནས་བྱུང་བ་རེད། ཉེ་ཆར་གནས་ཚུལ་བྱུང་མ་ཐག་ནས་བཟུང་ཕྱག་མཛོད་དང་གྲྭ་མང་ཚོས་དགོན་པའི་དཀའ་ངལ་སྐོར་ང་ལ་སྙན་སེང་ཞུས་སོང་། ང་རང་གི་ངོས་ནས་ཁོང་ཚོར། ང་མ་འབྱོར་སྔོན་ལ་ཕྱོགས་གཉིས་ངོས་ནས་ཞི་འཇགས་ཡོང་ཐབས་ལ་འབད་བརྩོན་གནང་དགོས། གལ་སྲིད་རྙོག་དྲ་ཆེ་རུ་ཕྱིན་ན་ཡུལ་ཁྲིམས་དང་འགལ་ཏེ་དཀའ་ངལ་ཆེན་པོ་ཡོང་གི་རེད། ཅེས་སྔ་ཕྱི་ཐེངས་མང་པོ་ཡིག་ཐོག་ནས་འབོད་སྐུལ་ཞུས་པ་ཡིན། ཕྱིས་སུ་གྲྭ་བ་ཚོའི་ངོས་ནས་མུ་མཐུད་ཡི་གེ་བཀྲམས་པ་དང་། ཕྱག་མཛོད་ཀྱི་མོ་ཊར་འདམ་བྱུགས་པ། ཁང་པར་རྡོ་གཡུགས་པ་སོགས་བྱས་འདུག  མི་སུ་ཡིན་ཡང་སོ་སོའི་སྲོག་ལ་ཉེན་ཁ་ཡོད་ན། སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད་སྟབས། ཕྱག་མཛོད་ཀྱིིས་ཉེན་རྟོག་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་གྲྭ་བ་ཁག་ཅིག་འཛིན་བཟུང་བྱས་འདུག གནས་ཚུལ་དེ་དག་གི་ཐོག་ནས་ང་རང་དགའ་བོ་བྱུང་མ་སོང་། རྗེས་སུ་ངས་ཡང་བསྐྱར་དབྱིན་ཡིག་ཐོག གལ་སྲིད། ཁྱེད་ཚོ་ཡག་པོ་བསྡད་ན་བཟང་གི་རེད། རྗེས་མ་ས་གནས་གཞུང་གི་ཁྲིམས་ཐོག་ནས་དགོན་པ་ནས་ཕྱིར་ཕུད་གཏོང་དགོས་པའི་གནས་སྟངས་ཆགས་ན་ཡག་པོ་ཡོད་པ་མ་རེད། ཅེས་འབོད་སྐུལ་ཐེངས་མང་ཞུས་པ་ཡིན ” ཞེས་བརྗོད་བྱུང་།

 

ཡང་དགོན་བདག་བླ་མ་མཆོག་གིས།  ཐེངས་འདིར་ང་ལ་དུས་ཚོད་ཐུང་ཐུང་ཞིག་རག་སྟེ་འདིར་ཡོང་རྗེས་དགོན་པའི་གནས་ཚུལ་ལ་རྒྱུས་ལོན་དང་ཕྱོགས་གཉིས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན། ད་ལྟའི་བར་ཚེ་མཆོག་གླིང་དགོན་པའི་ནང་དཀའ་ལས་བརྒྱབ་སྟེ་དགོན་པ་ཡག་ཐག་ཆོད་ཆགས་སུ་འཇུག་མཁན་ཕྱག་མཛོད་བཀྲ་ཤིས་རྒྱལ་མཚན་དང་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཁོང་ཚོ་མི་ཁག་ཅིག་ཡོད། གལ་སྲིད། གྲྭ་མང་གི་ངོས་ནས་ང་ལ་མཁན་པོ་དང་ཕྱག་མཛོད་གཉིས་ཀྱི་སུ་བདམས་དགོས་ཞེས་བཤད་པ་ཡིན་ན། ངས་ཕྱག་མཛོད་འདེམས་རྒྱུ་ཡིན། གང་ཡིན་ཞེ་ན། མཁན་པོ་ལ་མཚོན་ན་ལོ་གཉིས་གསུམ་ལས་ཕྱིན་མེད་ལ། གྲྭ་བ་ཁ་ཤས་ལོ་ ༨ ལྷག་ལས་ཕྱིན་མེད། ལོ་མང་པོ་དགོན་པར་དཀའ་ལས་རྒྱག་མཁན་དགོན་པ་ནས་ཕྱིར་འཕུད་བྱ་དགོས་པ་དེ་ཡག་པོ་མ་རེད། དེར་བརྟེན། མཁན་པོ་དང་ཁོང་ཚོར་བསམ་བློ་ཡག་པོ་བཏང་སྟེ་དགོངས་པ་ཞུ་དགོས་པའི་རེ་སྐུལ་ཞུས་པ་ལྟར་ཁོང་ཅག་གིས་དགོངས་པ་ཞུས་སོང་། ཐག་གཅོད་འདི་ཆོས་རིག་ལས་ཁུངས་དང་ས་གནས་མགོ་འཛིན་སོགས་ལ་འབྲེལ་བ་མེད་པར་ང་ཚོ་རང་ངོས་ནས་ཐག་གཅོད་བྱས་པ་ཡིན ”  ཞེས་བརྗོད་བྱུང་།

 

གསར་འགོད་པས་ཁོང་ལ། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་དགོན་པའི་མཁན་པོ་དང་ཕྱག་མཛོད། ངྷ་ས་ས་གནས་མགོ་འཛིན་སོགས་ལྷན་བཞུགས་ཀྱི་ཐག་གཅོད་ཅིག་བྱུང་ཡོད་པའི་ནང་། ཚེ་མཆོག་གླིང་རིན་པོ་ཆེ་ཕེབས་མ་ཐག་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༧ ཁ་སྐོང་འོས་འདེམས་བྱ་དགོས་སྐོར་དང་། ཐུབ་བསྟན་སྙན་གྲགས་ཀྱིས་མ་འོངས་པར་དགོན་པའི་ནང་ཆང་འཐུང་བ་དང་བུད་མེད་ཞག་སྡོད་བྱེད་བཅུག་མི་ཆོག་པའི་སྐོར་སོགས་བཀོད་འདུག དེ་ད་ཆར་ལག་བསྟར་གནང་འཆར་ཡོད་མེད་དྲིས་པར། “ ཕྱག་མཛོད་ལགས་ཀྱིས་དགོན་པའི་ནང་ཆང་བཏུང་ཡོད་མེད་དེ་ང་རང་སྒང་ཐོག་ཏུ་བསྡད་ཡོད་པས་ངས་ཤེས་ཀྱི་མེད། སྐྱེས་དམན་ཉར་མིན་དེ་སོ་སོ་རང་གི་འདོད་པ་རེད། ངས་ཁོང་ལ་ཆང་ས་རྒྱག་ཆོག་གི་མ་རེད། སྐྱེས་དམན་ཉར་ཆོག་གི་མ་རེད། ཅེས་བཤད་རྒྱུའི་དབང་ཆ་ཡོད་པ་མ་རེད། སྐྱེས་དམན་འཁྲིད་མིན་དེ་ཁོང་སྒེར་གྱི་གནད་དོན་རེད་མ་གཏོགས་དགོན་པ་དང་འབྲེལ་བ་ཡོད་པ་མ་རེད། དགོན་པ་གཞན་པར་མཚོན་ནའང་། ཕྱག་མཛོད་སྐྱེས་དམན་ཉར་མཁན་དེ་འདྲ་ཡོད་པ་རེད། ང་རང་ལ་མཚོན་ནའང་། ང་བླ་མ་རེད་ལ་སྐྱེས་དམན་ཡང་ཡོད། དེ་ང་རང་སྒེར་གྱི་གནད་དོན་རེད། མི་སྒེར་གྱི་གནད་དོན་ལ་སུ་གང་གིས་ཐེ་གཏོགས་བྱ་རྒྱུའི་དབང་ཆ་ཡོད་པ་མ་རེད། དགོན་པའི་འགན་འཛིན་ལྷན་ཚོགས་བསྐོ་བཞག་སོགས་ལས་དོན་གཞན་དག་རིམ་པས་ཡར་རྒྱས་གཏོང་འཆར་ཡོད།  ”  ཅེས་བརྗོད་བྱུང་།

 

ཕྱི་ཚེས་ ༡༡ ཉིན་གསར་འགོད་པ་ཆེད་དུ་ངྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་གནས་ཚང་གཡར་ཡོད་པའི་ཚེ་མཆོག་གླིང་གི་དགེ་འདུན་པ་དག་གི་སར་བཅར་ཏེ། ཚེ་མཆོག་གླིང་གི་དབུ་མཛད་བསྟན་འཛིན་དོན་འགྲུབ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ཉེ་ཆར་བྱུང་བའི་དགོན་པའི་རྙོག་དྲ་ཐག་གཅོད་ཐད། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཚེ་མཆོག་གླིང་གི་བླ་མ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་སྒང་ཏོག་ནས་དགོན་པར་ཕེབས་སོང་། ཉིན་དེར་བླ་མ་ཁོང་དང་ཕྱག་མཛོད་དང་མཉམ་དུ་ཉེན་རྟོག་པ་ ༤ ཡང་མཉམ་འཁྲིད་བྱས་འདུག ཐོག་མར་ཕན་ཚུན་གྱི་བསམ་ཚུལ་བསྡུ་ལེན་བྱས་པ་རེད། ཡིན་ནའང་། ང་ཚོ་གྲྭ་མང་གི་བསམ་ཚུལ་བཤད་སྐབས་ཉན་འདོད་མེད་པའི་རྣམ་འགྱུར་བསྟན་པ་མ་ཟད། ད་ལྟའི་བར་ཚེ་མཆོག་གླིང་དགོན་པའི་ཆེད་དུ་དཀའ་ལས་རྒྱག་མཁན་གཙོ་བོ་ཕྱག་མཛོད་རེད། ང་རང་གི་ངོས་ནས་ཕྱག་མཛོད་དང་མཁན་པོ་གཉིས་ལས་ཕྱག་མཛོད་བདམས་རྒྱུ་ཡིན་གསུངས་ཏེ། མཁན་པོ་གཙོས་པའི་གྲྭ་པ་དྲུག་གི་མིང་བཏོན་སྟེ། ཁྱེད་རང་ཚོ་དགོན་པ་ནས་ཕྱིར་འཕུད་བཏང་ཚེ་གྲྭ་ཚང་ལ་མིང་འཆལ་ངན་པ་ཡོང་གི་རེད། དེ་བས་རང་ངོས་ནས་དགོངས་པ་ཞུས་ན་ཡག་གི་རེད། གལ་སྲིད། ཆུ་ཚོད་ ༢༤ རིང་དགོངས་པ་མ་ཞུས་པ་ཡིན་ན། ཁྲིམས་ཐོག་ལ་བསྐྱལ་རྒྱུ་ཡིན་གསུངས་སོང་། དེར་བརྟེན། ཉིན་དེར་སྔ་ཕྱིར་ང་ཚོ་གྲྭ་བ་ ༢༩ ཙམ་དགོན་པ་ནས་རྩ་དགོངས་ཞུས་ཏེ་ཐོན་པ་ཡིན། ”  ཞེས་བརྗོད་བྱུང་།

 

ཡང་ཁོང་གིས་མུ་མཐུད་གསུངས་དོན། “ ཉིན་དེར་ང་ཚོའི་ངོས་ནས་རིན་པོ་ཆེ་མཆོག་ལ་གྲྭ་ཚང་གི་འདུལ་ཁྲིམས་ཉམས་ཆག་འགྲོ་བཞིན་པ་དང་། དགོན་པའི་ནང་ཆང་རག་བཏུང་བ་དང་བུད་མེད་འཁྲིད་ཡོང་བ་བཅས་ཀྱི་བདེན་དཔང་ལ་ཤེལ་དམ་དང་པར་རིས་སོགས་བསྟན་པ་ཡིན། འོན་ཀྱང་ཁོང་གིས་གྲྭ་མང་གི་བསམ་ཚུལ་དང་བདེན་དཔང་དེ་དག་ལ་མི་གཟིགས་པར་ཁོང་ཅག་ནང་ཁུལ་ནས་ཐག་གཅོད་བྱས་པ་ཞིག་ཁྱབ་བསྒྲགས་བྱས་སོང་། ཉིན་དེའི་ཕྱི་དྲོ་གྲྭ་པ་ ༢༣ ཙམ་གྱིས་ཐག་གཅོད་དེར་བློ་ཕམ་བྱུང་སྟེ་དགོན་པ་ནས་རྩ་དགོངས་ཞུས་པ་རེད། ཐག་གཅོད་དེ་རྩ་བ་ནས་དྲང་བདེན་ཞིག་བྱུང་ཡོད་པ་མ་རེད། འོན་ཀྱང་། ང་ཚོའི་ངོས་ནས་ཁྲིམས་གཏུག་བྱ་འདོད་དེ་འདྲ་མེད། ད་ལྟའི་བར་ང་ཚོའི་ངོས་ནས་རེ་བ་ཞུ་ས་ཡོད་ཚད་ལ་ཞུས་ཀྱང་། གནས་ཚུལ་ལ་བདག་པོ་རྒྱག་མཁན་ཞིག་བྱུང་མ་སོང་། ད་ཆར་ང་ཚོའི་རེ་བ་ཆེ་ཤོས། གནས་ཚུལ་འདིའི་སྐོར་༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་དེ་ཁོ་ན་ཡིན། གལ་སྲིད། སྙན་སེང་ཞུ་རྒྱུའི་གོ་སྐབས་མ་བྱུང་ཡང་སྙན་ཞུ་ཞིག་འབུལ་ལམ་ཆོག་པའི་ལམ་ཁ་འཚོལ་བཞིན་ཡོད། ” ཅེས་བརྗོད་བྱུང་།

 

དེ་རིང་ཞོགས་པར་བོད་གཞུང་ཆོས་རིག་དྲུང་ཆེ་ངག་ཆོས་གྲགས་ལགས་སུ་ཚེ་མཆོག་གླིང་གི་ཛ་དྲག་གི་གནས་སྟངས་དེའི་སྐོར་གོ་ཐོས་ཡོད་མེད་དང་། ཡོད་ཚེ་དེ་ལ་ཐག་གཅོད་གང་འདྲ་གནང་འཆར་ཡོད་མེད་བཅར་འདྲི་བྱས་པར་ཁོང་གིས། “ སྤྱིར་བཏང་ཆོས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ལ་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། དགོན་སྡེ་ཁག་གི་སྒྲིག་སྲོལ་མང་ཆེ་བ་ཆོས་རིག་གི་ཐད་ཀའི་ལྟ་སྐྱོང་འོག་ཡོད་པ་མ་རེད། དགོན་སྡེ་སོ་སོས་འགན་འཁུར་གྱི་ཡོད། ཚེ་མཆོག་གླིང་ལ་མཚོན་ནའང་། ཚེ་མཆོག་གླིང་རིན་པོ་ཆེ་ཁོང་ད་ལྟའི་བར་ལས་བྲེལ་གྱི་དབང་གིས་ཕེབས་ཐུབ་མེད་པ་ལས། དགོན་པར་རྒྱུན་དུ་ལྟ་རྟོག་དང་ཐུགས་འཁུར་གནང་གི་འདུག་ལ། ཕྱི་ཚེས་ ༧ ཉིན་གྱི་ཡར་སྔོན་ནས་དགོན་པར་འབོད་སྐུལ་ཐེངས་མང་ཞུས་འདུག  ང་ཚོའི་ངོས་ནས་ཀྱང་དགོན་པར་ཐེངས་མང་རིང་འབོད་སྐུལ་ཞུས་པ་ཡིན། ཉེ་ཆར་དགོན་པའི་བླ་མ་མཆོག་འདིར་ཕེབས་ཏེ་གནས་ཚུལ་ཐག་གཅོད་བྱུང་བའི་སྐོར་སྙན་སེང་ཞུས་སོང་། དེར་བརྟེན། ང་ཚོའི་ངོས་ནས་དགོན་བདག་བླ་མ་རང་གིས་ཐག་གཅོད་གང་གནང་བ་དང་། ཁོང་གིས་ང་ཚོར་སྙན་གསེང་གང་ཞུས་པ་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད། གྲྭ་བ་ཚོའི་ཕྱོགས་ནས་ང་ཚོར་གནས་ཚུལ་གང་ཡང་འབྱོར་མ་སོང་། ཆོས་རིགས་ལས་ཁུངས་ཀྱི་ངོས་ནས་ད་ལྟའི་ཆར་དཀའ་ངལ་སེལ་ཐབས་ཀྱི་འཆར་གཞི་དེ་འདྲ་གང་ཡང་མེད ” ཅེས་བརྗོད་བྱུང་།

 

ཚེ་མཆོག་གླིང་གྲྭ་ཚང་ནི་ ༡༩༧༦ ལོར་ཐོག་བོད་གཞུང་ཟློས་གར་ཚོགས་པའི་ཡང་སྟེང་ར་ཤི་བྷང་ཞེས་པར་གསར་བཞེངས་བྱས་ཤིང་། ༡༩༨༤ ལོར་ད་ལྟའི་དབེན་གནས་དེ་རུ་གནས་སྤར་ཡོད། ད་ལྟའི་ཆར་བོད་ནས་ཕེབས་མཁན་དང་གཞིས་ཆགས་ཁུལ་ནས་ཕེབས་མཁན། ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་མཁན་བཅས་ཁྱོན་བསྡོམས་དགེ་འདུན་པ་ ༤༨ ཙམ་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ཛ་དྲ་ག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
གསར་འགྱུར།

རྒྱ་ནག་གཞུང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་སྒྲིག་གཞི་ཡོད་ཚེ་དོན་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས་པའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པ་ནས་མི་མང་ལ་མཇལ་ཁ་བསྩལ། ༢༠༢༥།༡༢།༡༦ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་ནས་མཇལ་ཁ་དབུ་འཛུགས་མཛད།

ཆུ་ཚོད་ ༡༨ སྔོན་ལ།
འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༥/༡༢/༡༥
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

༢༠༢༥/༡༢/༡༥
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

༢༠༢༥/༡༢/༡༥
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

༢༠༢༥/༡༢/༡༥

མཆན། 72

  1. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 14 སྔོན།

    ད་ནི་གང་དྲག་གསེར་སྦྱང་གཙང་མ་ལྟར་བུ་འཇམ་མགོན་རྒྱལ་བའི་བསྟན་པ་ལ་རྨ་འབྱིན་མཁན་བླ་མའི་མིང་ཡོད་མཁན་དེ་ཚོའི་འདི་འདྲ་བྱས་ན་རྗེས་མ་རང་རེའི་བོད་གངས་ཅན་པ་རྣམས་ཀྱི་སུ་ཞིག་ལ་བདེན་དཔང་བྱེད་དགོས་རེད་།ད་ནི་དངོས་གནས་ཀྱེ་མ་དམ་ཆོས་ཉི་མི་འོད་ཟེར་རི་བོའི་ཕྲག་ཏུ་ནུབ་ལ་ཉེར་གསུངས་པའི་དུས་ཚད་དེ་ལ་སླེབས་ཡིན་ས་རེད་།

    Reply
  2. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཧ་ཅང་ཡིད་སྐྱོ་བ་ལ།
    བོད་ཀྱི་དགོན་སྡེ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གནས་ཚུལ་འདི་ཕྱིན་ཆད་མི་ཡོང་བའི་རེ་བ་ཞུ།

    Reply
  3. རིག་བཟང་། says:
    ལོ་ 14 སྔོན།

    ཚེ་མཆོག་གླིང་གི་དགེ་འདུན་པ་དེས་ང་ཚོ་ཧེ་མ་ལ་ཡི་དགོན་པ་ཡོངས་སུ་དགེར་གཅོད་པས་བཟུང་ཡོད་པ་རྟགས་གསར་པོ་ཞིག་མངོན་སོང་

    Reply
  4. རྣམ་རྒྱལ། says:
    ལོ་ 14 སྔོན།

    དགོན་པ་གྲྭ་ཚང་ལའང་དམངས་གཙོ་དགོས་ན་དགོན་བདག་འདེམ་ཤོག་བླུག་ན་ཡག་ཤོས་རེད།
    དེངས་སང་གྲྭ་བ་མང་པོ་མེས་པོའི་བཞག་པའི་སྒྲིག་གཞི་སྲུང་འདོད་མེད་པར་རང་དབང་ལ་དགའ་པོ་རེད།

    Reply
  5. བདེན་གཏམ། says:
    ལོ་ 14 སྔོན།

    དྲ་གྲོགས་མང་ཐོས་ལགས་ཀྱི་གོང་དུ་ཚེ་མཆོག་གླིང་ནས་རང་འདོད་ལྟར་ཐོན་པས་གྲྭ་པ་ཞེས་བསྐོད་འདུག་ན་དེ་ནི་རྩ་བ་ཉིད་ནས་བདེན་པ་མིིན། གལ་ཏེ་རང་འདོད་ལྟར་ཐོན་དགོས་ན་དེ་ལ་ཚེ་མཆོག་གླིང་ཡིག་ཚང་ནས་ཁྱེད་རྣམས་རང་མོས་ཀྱི་གྲྭ་ཚང་ནས་རྩ་དགོངས་ཞུ་དགོས་བཅས་ཀྱི་ཤོག་བུའི་གཚོན་བཅའ་བེད་སྤྱོད་དོན་མེད། ཤོག་བུའི་མཚོན་བཅའ་དེ་ལ་བརྟེན་ནས་གྲྭ་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་མཐོན་པ་ཁོ་ན་ཡིན་པར་ཚང་མས་མཁྱེན་གསལ་ལ་ཁྱེད་ཀྱི་འདི་ལྟར་གསུངས་མི་ཉན།

    Reply
  6. མང་ཐོས། says:
    ལོ་ 14 སྔོན།

    ཚེ་མཆོག་གླིང་ནས་རང་འདོད་ལྟར་ཐོན་པའི་གྲྭ་བ་རྣམས་ཀྱིས་གནད་དོན་འདི་
    ༧གོང་ས་མཆོག་ལ་སྙན་ཞུ་བྱེད་འཆར་ཡོད་པ་ནི་འོས་འཚམ་ཞིག་མ་རེད། དེ་ལས་དགེ་ལྡན་བསྟན་བདག་ལྷན་ཚོགས་ལ་སྙན་ཞུ་བྱེད་དགོས་པར་སེམས། གང་ཟེར་ན་དགེ་ལྡན་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་གི་དོན་ཚན་དྲུག་པའི་ནང་གསེས་ཁག་གསུམ་པའི་ནང་ན།
    ཆོས་སྡེ་ཡོངས་སམ་ཆོས་སྡེ་བྱེ་བྲག་པའི་ནང་ལེགས་བཅོས་སམ་སྟངས་འཛིན་དགོས་པའི་གནས་ཚུལ་གསལ་གཟིགས་བྱུང་ཚེ་སྐབས་འཚམས་སོ་སོའི་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་ལ་ལམ་སྟོན་
    གནང་རྒྱུ། ཞེས་འཁོད་འདུག དོན་ཚན་འདི་དགེ་ལྡན་བསྟན་བདག་ལྷན་ཚོགས་ཀྱི་འགན་དང་དབང་ཚད་སྐོར་ལ་དོན་ཚན་བརྒྱད་ཡོད་པའི་ནང་གི་གཅིག་རེད།
    དེར་རྟེན་ཞུ་གཏུགས་བྱེད་ཡུལ་དགེ་ལྡན་བསྟན་བདག་ལྷན་ཚོགས་ཡིན་ནི་རེད།

    Reply
  7. samten says:
    ལོ་ 14 སྔོན།

    གལ་ཏེ་བོད་གཞུང་དང་སྐུ་སྒེར་ཡིག་ཚང་གིས་བདག་པོ་མ་རྒྱག་པ་ཡིན་ན་ཕྱག་མཛོད་དང་སྤྲུལ་སྐུ་གཉིས་ལ་མཚོན་འང་གྲྭ་བ་
    འདི་དག་རང་འགུལ་གྱིས་ཕྱི་ཐོན་པ་དེ་ཁོང་གཉིས་ཀྱི་བསམ་བློ་འགྲིག་སོང་བ་རེད། ད་ལྟ་ཁོང་གཉིས་གྱིས་བལ་ཡུལ་དང་ཧི་མ་ལ་ཡའི་རི་བརྒྱུད་དུ་གྲྭ་བ་འཚོལ་དུ་འགྲོ་ཡི་རེད། ཕྲུ་གུ་ལོ་བརྒྱད་དགུ་ཅན་ཅང་ཅང་ཁྲིད་ཡོང་ནས་དགོན་པ་ཉམས་གསོ་བྱེད་གི་རེད ། དེ་དག་ནི་ཁོང་གཉིས་ཀྱི་ཚོང་རྫས་ཡག་ཤོས་ཞིག་ཏུ་འགྱུར་འགྲོ

    Reply
  8. ཚང་མ། says:
    ལོ་ 14 སྔོན།

    མང་ཐོས་མིང་ཅན་ལ་འབོད་སྐུལ་ཞུ་རྒྱུ། ད་དུང་མུ་འཐུད་ནས་དགེ་ལྡན་པའི་སྒྲིག་ཁྲིམས་སྐོར་ལ་ཞིབ་བསྡུར་གྱིས་དྲ་ཐོག་བཀོད་རོགས། གང་ཞིག་དང་འགལ་ཡོད་པ། གང་ཞིག་ལྡན་དགོས་པ་སོགས་ལ་དཔྱད་ཞིབ་གནང་རོགས་མཁྱེན།

    Reply
  9. ཚང་མ། says:
    ལོ་ 14 སྔོན།

    སེམས་དཀར་མིང་ཅན་དེ་ནི་དོན་ངོ་མ་སེམས་ནག་དང་འདྲེ་དོལ་རྒྱལ་ལས་ཀྱང་སྡིག་ག་ཅིག་ཡིན་ས་རེད། ཁོས་དགེ་ལྡན་པའི་བླ་ཆེན་སྤྱི་ལ་སྐུར་འདེབས་བྱེད་སྟངས་དང་། བུད་མེད་བརྟེན་ན་སྐྱོན་མི་འདུག་དེ་ནི་སོར་སྡོམ་ཉམས་པ་ཙམ་རེད། ཧང་སངས་དགོས་དོན་མི་འདུག་ཟེར་བ་དེ་ལས་ཁོ་སྡིག་ཅན་ཞིག་དང་། ཆོས་ལུགས་བར་དཀྲུགས་ན་བསམ་མཁན་ཞིག་རེད་བྱ། མི་ཚེ་བྱ་བ་ལམ་ལ་མི་འགྲོ་རྒྱུ། དེ་རིགས་མཚམས་འཇོག་བྱོས་ན་བཟང་།།

    Reply
  10. བདེན་གཏམ། says:
    ལོ་ 14 སྔོན།

    འབྲོང་བུ་སོག་ཚ་མིང་ཅན་ལ། མིག་མེད། རྣ་བ་མེད། ངོ་ཚ་མེད། ཡོན་གཏན་མེད། རྒྱུད་དག་མེད་དོ།

    Reply
  11. བཀྲ་ཤིས། says:
    ལོ་ 14 སྔོན།

    འབྲོང་བུ་སོག་ཚ་ཟེར་བ་ཁྱོད་ཉོན་ཅིག
    ཚེ་མཆོག་གླིང་གི་བླ་རྫུན། སྡོམ་ཤོར། རྒྱོ་བླ་དེ་དང་་་་༸གོང་ས་ཡིད་བཞིན་ནོར་བུ་རྣམ་གཉིས་དཔེ་དང་ཅན་བྱེད་པ་ནི་ཧ་ལས་པའི་ནོར་འཁྲུལ་ཆེན་པོ་རེད།
    ཕྱིར་ཆད་༸གོང་ས་ཡིད་བཞིན་ནོར་བུ་དང་མཉམ་དུ་་་་་་་སྡོམ་ཤོར། དམ་ཉམས། བླ་རྫུན། རྒྱོ་རྒན། དགེ་ལྡན་བསྟན་པའི་ཞབས་འདྲེན་ཚེ་མཆོག་གླིང་གི་སྤྲུལ་སྐུ་འདྲ་བོ་བཤད་མ་ཡོང་རོགས།

    བན་དྷེ་སྐྱ་མིན་སེར་མིན། །
    སངས་རྒྱས་བསྟན་པའི་དགྲ་ཡིན །
    སྤྲིན་པ་ཁ་སེར་གཏིང་ནག །
    སད་དང་སེར་བའི་སྣ་འདྲེན། །
    གསུངས་པ་ནང་བཞིན་ཚེ་མཆོག་གླིང་གི་བླ་རྫུན་དེ་འདྲ་ལ་ཟེར་ནི་རེད།

    Reply
  12. བདེན་གཏམ། says:
    ལོ་ 14 སྔོན།

    རབ་བྱུང་ངུར་མིག་གི་སྡེ། གོས་དཀར་ལྕང་ལོའི་སྡེ། བོད་ཀྱི་ནང་པ་ཡིན་ཕྱིན་སྡེ་དེ་གཉིས་ཀྱི་ནང་དུ་མ་བསྡུས་པ་མེད། ཡིན་ནའང་ཚེ་མཅོག་གླིང་འདི་སྡེ་གསར་པ་གཅིག་ཡིན་པ་འདྲ། འདི་ཕལ་ཆེར་་་་་་་་་་་་་་་་་་་རབ་མིན་ལྕང་མིན་གྱི་སྡེ་ཟེར་བ་དེ་མིན་ནམ་ཧ་ཧ་ཧ་ཧ་ཧཧ་ཧ་ཧ་ཧ་ཧ་ཧ་ཧཧ་ཧ། ལར་ནས་དྲ་གྲོགས་ཚང་མ་མིང་ཅན་ལགས་ཀྱིས་གསུངས་པ་ལ་གུས་པ་བདེན་གཏམ་མིང་ཅན་གྱིས་བརྒྱ་ཆ་%100རྒྱབ་སྐྱོར་ཡོད་

    Reply
  13. གཡག་རྒོད says:
    ལོ་ 14 སྔོན།

    བླ་ལོག་གིས་གྲྭ་ལོག་ལ་རྒྱབ་སྐྱོར་སྟངས་ལ་བལྟས་ཡོང་ན། སངས་རྒྱས་ཀྱི་བསྟན་ལ་ག་རེ་བྱུང་ན་བྱུང་ཡིན་ས་རེད། སྙིང་ཁམས་ཆེ་བའི་བླ་ལོག་ཞིག་དང་གྲྭ་ལོག་ཞིག

    Reply
  14. གྲྭ་རྐྱང་། says:
    ལོ་ 14 སྔོན།

    ད་ཡིན་ན་ཕྱག་མཛོད་སྒེར་སེམས་ཆེ་བ་དེ་ཚོས་བླ་མའི་ཞལ་ལ་དེང་རབས་ཀྱི་ཞིམ་མངར་དང་བདེ་སྐྱིད་ཀྱི་མཐུན་རྐྱེན་གང་འཚམས་བླུགས་ནས་བླ་མ་ཀླད་མེད་དེ་ཚོས་ཕྱག་མཛོད་ལ་རྒྱབ་རྩ་བྱས་ཏེ་གྲྭ་རྐྱང་ཚོ་སྡུག་ལ་སྦྱོར་བཞིན་པའི་དགོན་སྡེ་མང་པོ་ཡོད་པ་རྣམས་ལ་གོ་སྐབས་རགས་སོང་། ཨཨཨཨཨཨཨཨཨཨཨཨཨཨཨཨ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་

    Reply
  15. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    གོང་དུ་སེམས་དཀར་ཅན་ནས་ཁ་ནས་སྨྲོས་ལྟ་ཅི་སེམས་ནང་བསམ་མི་ཕོད་པའི་སྐད་ཆ་གཅིག་སྟེ་༼དེང་སང་དགེ་ལུགས་ཀྱི་བླ་ཆེན་ཕལ་ཆེར༼སྐྱེས་དམན༽་དེ་ཡོད་པ་རེད། དེ་ནི་དགེ་སློང་གི་རྒྱུད་ཀྱི་སོར་སྡོམ་ཉམ་པ་ཙམ་རེད༽་ཅེས་བཤད་པ་ཆེད་དུ་ཆོས་ལུགས་བར་གྱི་དཀྲུགས་རྐྱེན་དུ་འགྲོ་བ་འདི་དག་དུས་བབས་ཚགས་འགོད་པ་ཚོས་ཟིན་བྲིས་ལ་འགོད་པའི་གོ་སྐབས་སྤྲད་པ་ནི་དངོས་གནས་ཧམ་སང་དགོས་པ་རེད། བོད་སྤྱིའི་དོན་ཐག་བསམ་ན་བོད་ཀྱི་རིན་ཐང་ངོ་མ་རྒྱལ་སྤྱིའི་སྡིང་ཆར་གཏོན་མཁན་༸གོང་ས་མཆོག་གཙོས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ་རེད། བོད་དུའང་རང་སྲོག་བློས་བཏང་ནས་བོད་དོན་སྒྲུབ་མཁན་༸པཎ་ཆེན་རིན་པོ་ཆེས་གཙོས་པའི་བླ་མ་གྲྭ་པ་རྣམས་ཡིན། མི་སྐྱས་ག་རེ་འབྱོན་ཡོད་རེད། སྐྱེས་དམན་གཅིག་ཡོད་པས་མི་ཆོག་ཉིན་མཚན་མེད་པར་རང་གི་བཟའ་ཟླ་མགོ་བསྐོར་ནས་སྐྱེས་དམན་གྱི་རྐུབ་ལ་རྒྱུགས་པ་དང་ཐ་ན་དངོས་ཀྱི་དོན་དུ་རྐུབ་གཡོག་རྒྱུགས་པ་དང་གྲྭ་རྫུན་འཁྲབ་མཁན་མི་སྐྱ་ལས་དགེ་འདུན་པ་མ་རེད།

    Reply
  16. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་བཅུ་ནང་ནས།

    གླང་བོ་ཆེ་ཕལ་པས་སྤོས་ཀྱི་གླང་བོ་ཆེ་སྐྲོད་པ་ནི་གཉིས་པའོ། འདི་ནི་ཚུལ་ཁྲིམས་འཆལ་བའི་དགེ་སློང་གིས་ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་གནས་ནས་སྐྲོད་པའི་སྔ་ལྟས་སོ།

    མི་གཙང་བའི་གོས་པའི་སྤྲེའུས་སྤྲེའུ་གཞན་ལ་མུ་གཙང་བ་སྐུད་པ་ནི་གསུམ་པའོ། འདི་ནི་ཚུལ་ཁྲིམས་འཆལ་བས་ཚུལ་ཁྲིམས་དང་ལྡན་པ་ལ་ཉེས་པ་གླེང་བའི་སྔ་ལྟས་སོ།

    སྤྲེའུ་གཅིག་གིས་སྤྲེའུ་ཚོགས་ལ་དབང་བསྐུར་བ་ནི་བཞི་པའོ། འདི་ནི་མཁན་སློབ་ཀྱི་མཚན་ཉིད་དང་མི་ལྡན་པས་གཞན་གྱི་མཁན་སློབ་བྱེད་འགྱུར་བའི་སྔ་ལྟས་སོ།

    འདི་རྣམས་ཚེ་མཆོག་གླིང་དགོན་པ་ལ་འབྱུང་བཞིན་པ་རེད།།

    Reply
  17. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    བསྟན་དགྲ་གཅིག་གི་ཁ་གཏད། །
    རྒྱོ་དགྲ་ཉི་ཤུས་མ་ཆོག །
    ད་ནི་ཆོས་གོས་ཁུར་ནས། །
    རང་རང་ས་ལ་ཕེབས་སོང་། །

    སངས་རྒྱས་འོད་སྲུང་དུས་ཀྱི། །
    རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས། །
    ད་ནི་མངོན་གྱུར་འདུག་པས། །
    ང་ནི་བློ་རང་བདེ་སོང་། །

    Reply
  18. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    འབྲོང་བུ་སོག་ཚ། བཀྲིས། སེམས་དཀར་རྣམས་ཤ་ཚ་སྙིང་རྗེ།

    Reply
  19. ཚང་མ། says:
    ལོ་ 14 སྔོན།

    འབྲོང་བུ་སོག་ཚ་ཞེས་པའི་མིང་ཅན་གྱིས་༧་སྐྱབས་མགོན་རིན་པོ་ཆེ་དང་སྡོམ་ཤོར་ཚེ་གླིང་དགོན་བདག་མིང་ཅན་གཉིས་དཔེར་བཞག དམངས་གཙོ་ཁ་ལ་འཁྱེར་ནས་སོགས་བཤད་ནས་ཚེ་གླིང་སྡོམ་ཤོར་དགོན་བདག་མིང་ཅན་ལ་རྒྱབ་སྐྱོར་ཞུས་འདུག་པ་ནི་སྡིག་པ་མིག་བཙུམ་ལ་བརྒྱབ་སྐྱོར་བྱེད་པ་དང་རང་ལ་ཡང་ཤེས་བྱ་ཡོན་ཏན་སྣ་གཅིག་མེད་པའི་མགོ་ལྐོག་སྐམ་པོ་ཡིན་པའི་རང་རྟགས་གསལ་བོར་བསྟན་པ་མ་ཟད་རྒྱུ་ནོར་ལ་ཧམ་པ་ཧ་ཅང་ཆེ་བའི་རང་རྟགས་ཀྱང་མཉམ་དུ་ཕྱིར་བསྟན་པ་ཞིག་རེད། འདི་འདྲའི་རིགས་ལ་ལན་རྒྱག་རྒྱུའི་རིན་ཐང་མེད་མོད་དགག་བྱ་དགོས་པ་ལ་ལྟོས་ནས་ཅུང་ཙམ་འབྲི་རྒྱུ་ཡིན། སྤྱིར་དགོན་བདག་བླ་མ་ཟེར་བ་དེ་དགོན་པར་ཟང་ཟིང་ཐོག་ནས་སྐྱོང་མཁན་ཞིག་ལ་གོ་དགོས་རྒྱུ་ལས་དགོན་པ་ཁོ་ལ་དབང་མ་དབང་གི་དོན་དག་གཏན་ནས་མིན། སྐུ་སྒེར་ཡིག་ཚང་དང་རྣམ་རྒྱལ་གྲྭ་ཚང་གཉིས་ཀྱང་སྐྱིད་སྡུག་ཁ་ཁ་སོ་སོ་རེད་རྣམ་རྒྱལ་གྲྭ་ཚང་གི་སྒོར་རྡོག་གཅིག་སྐུ་སྒེར་ཡིག་ཚང་ལ་དབང་གི་མ་རེད་ལ་སྐུ་སྒེར་ཡིག་ཚང་གི་སྒོར་རྡོག་གཅིག་ཀྱང་རྣམ་རྒྱལ་གྲྭ་ཚང་ལ་དབང་གི་མ་རེད། དེ་རེད་མ་རེད་སྐུ་སྒེར་ཡིག་ཚང་དང་རྣམ་རྒྱལ་གྲྭ་ཚང་ལ་སོང་ནས་སྐད་ཆ་དྲིས་དང་ཤེས་ཡོང་། ད་བར་༧་གོང་ས་མཆོག་གིས་བོད་ཀྱི་བདག་པོ་བོད་མི་མང་རེད། མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་གནང་དགོས། ཞེས་དང་། རྒྱ་ནག་གི་བདག་པོ་རྒྱ་ནག་མི་མང་རེད་མ་གཏོགས་གུང་བྲན་སྲིད་གཞུང་གི་ལས་བྱེད་དེ་ཚོ་མ་རེད་ཅེས་ གསུངས་པ་དེ་ཡང་གོ་མེད་པ་ཁྱེད་རང་ཤེས་བྱ་ཡོན་ཏན་གྱི་རྣ་གཉིས་འོན། མིག་གཉིས་ཞར་བའི་ཞར་ལྐོག་ཡིན་པའི་རྟགས་རེད། ད་དུང་རྡ་རམ་ས་ལའི་ཁུག་ཀྱོག་ཁ་ཤས་ན་དགོན་པ་ཡིན་ཟེར་མིང་རེ་བཏགས། ནེ་པ་ལེའི་གྲོང་གསེབ་སྐྱོ་བོ་ཁ་ཤས་ཀྱི་ཕྲུ་གུ་ཕ་མ་མགོ་སྐོར་བཏང་ནས་སློབ་སྦྱོང་དང་ཆ་རྐྱེན་ཡག་ཚུལ་བཤད་དེ་ཕྲུ་གུ་ཁ་ཤས་བསྡུས། དེ་ནས་ཁོང་ཚོར་མིང་ཐོག་བསྡད་ས་ཁང་པ་དགོས་ཚུལ་བཤད་དེ་སྦྱིན་བདག་ལག་ནས་དངུལ་ཞུས། ཁང་པ་ཐོག་བརྩེགས་མང་པོ་བརྒྱབ་ཚར་རྗེས་ཕྲུ་གུ་དྲུག་རེ་དང་བདུན་རེ་ཁང་པ་གཅིག་གི་ནང་བཞག། གཞན་ཚང་མ་ཁང་གླ་བཏང། ཕྲུ་གུ་དེ་ཚོའི་གོན་ཡ་དང་ཟ་མ་ནི་ཧ་ཅང་སྐྱོ་ལ་ང་ཚོས་མཐོང་ན་སེམས་ན། གཙུག་ལག་ཁང་ནང་ཚོགས་འཚོགས་སྐབས་ཀྱི་སྐུ་ཡོན་ཚང་མ་བསྡུས། ཕྲུ་གུ་དེ་ཚོ་རང་མགོ་ཐོན་སྐབས་ ཕྱིར་ནང་ལ་བྲོས་འགྲོ་གི་ཡོད། ཡང་ནེ་པ་ལེར་བསྐྱོད་ནས་ཕྲུ་གུ་བསྡུས་ཏེ་ཡང་བསྐྱར་འཁོར་ལོ་ནང་བཞིན་འཁོར་བསྡད་གི་ཡོད་པ་རེད། དགོན་པ་དེ་དག་གི་དགོན་བདག་ཡིན་ཟེར་མཁན་ཚང་མ་སྡོམ་པ་མེད་མཁན་སྐྱེ་དམན་ཡོད་མཁན་རྐྱང་ཡིན། ༼གོས་དཀར་ལྕང་ལོ་ཅན་གྱི་སྡེ་ལ་བཤད་པ་མིན་ཁོང་ཚོ་དམིགས་བསལ་རེད༽ ཚེ་མཆོག་གླིང་ཡང་དེ་ནང་གི་གཅིག་རེད། ད་རེས་ཀྱི་ཚེ་གླིང་གི་དོན་དག་འདི་ནི་ལོ་ངོ་བརྒྱ་ཕྲག་མང་པོར་བརྒྱུད་ནས་ཡོང་བའི་ནད་རྙིང་ཞིག་རེད། དེས་དབང་གིས་ང་ཚོས་ལུང་པ་ཡང་གཞན་ལག་ཤོར་བ་རེད། ན་ཚ་དེ་ཡོད་ན་དམངས་གཙོ་ཡང་ཡོང་མི་ཐུབ་ལ། ཆོས་ཟེར་བ་རི་བོང་གི་རྭ་རེད། དེར་བརྟེན་ཆོས་དོན་ལས་ཁུངས་སོགས་ཀྱིས་དོན་དག་འདི་ག་འདྲ་སེ་ཐག་གཅོད་གི་ལྟད་མོ་ཞིག་བལྟ། ཁོང་ཚོ་ལ་ཤེས་བྱ་ཡོན་ཏན་དང་འབྱོན་ཐང་ག་ཚོད་ཡོད་མེད་ལྷང་ལ་འབུད་གི་རེད། ལྷག་པར་དུ་དགེ་ལུགས་སྤྱི་ལ་ཁྱབ་པའི་སྒྲིག་གཞི་སྔོན་མ་ནས་བཟོས་ཚར་བ་རེད། དེ་བདག་པོ་རྒྱག་མཁན་དགའ་ལྡན་ཁྲི་བ་གཙོས་ཆོས་རྗེ་རྣམ་གཉིས། དགོན་སྡེ་ཁག་གི་མཁན་པོ་ཚོ་རེད། ད་གདོང་ལ་མ་ཐོན་པར་བཀབ་ནས་བསྡད་ས་འགྲོ་གི་མ་རེད། དོད་རྒྱལ་གྱི་རྙོག་དྲ་བྱུང་སྐབས་མཁན་པོ་ཁ་ཤས་བཀབ་ཁུལ་བྱས་ཀྱང་བསྡད་ས་འགྲོ་མ་སོང་ང་།།

    Reply
  20. མང་ཐོས། says:
    ལོ་ 14 སྔོན།

    དགེ་ལྡན་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་གི་དོན་ཚན་བཅུ་དྲུག་པའི་ནང་གསེས་གསུམ་པའི་ནང་ན། ཕམ་པ་གཞན་གསུམ་གྱིས་གོས་པ་དང་། མཁན་པོ་དང་། བླ་མ་དང་། དབུ་མཛད་། དགེ་བསྐོས་བཅས་ལ་ཚུལ་མིན་ངོ་ལོག་བྱས་ཚེ་གནས་དབྱུང་གཏོང་རྒྱུ། ཞེས་འཁོད་འདུག བཅའ་ཡིག་འདིའི་ཁྱབ་ཚད་ནི་སྔོན་འགྲོ་དོན་ཚན་གཉིས་པའི་ནང་ལ། བཅའ་ཡིག་གི་ཁྱབ་ཚད་ཡོངས་གྲགས་ཀྱི་གདན་ས་ཆེན་པོ་ཁག་གིས་མཚོན་བཙན་བྱོལ་བོད་གཞུང་ཆོས་དོན་ལས་ཁུངས་སུ་དེབ་བསྐྱེལ་ཞུས་པའི་དགེ་ལྡན་པའི་གདན་ས་གྲྭ་ཚང་དགོན་པ་རྣམས་ཀྱིས་མཚོན་། དགེ་ལྡན་པའི་ཆོས་སྡེ་ཀུན་ལ་ཁྱབ་པ་ཡིན། བཅའ་ཡིག་འདིའི་ཁྱབ་ཚད་ཀྱི་ཁོངས་ན་ཚེ་མཆོག་གླིང་ཡོད་ཁོ་ཐག་རེད། ད་འོ་ན་བཅའ་ཡིག་ལ་དགོན་བདག་འགལ་འདུག་གམ། ཕྱིར་ཐོན་པའི་གྲྭ་བ་༢༩་བོ་འགལ་འདུག་

    Reply
  21. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    ད་སེམས་ཁུར་མ་བྱེད་རོགས། ངས་བལྟས་ན་ཚེ་མཆོག་གླིང་འབོད་པའི་དགོན་པ་དེའི་ལོ་རྒྱུས་མཇུག་རྫོགས་སོང་བ་རེད། ལོ་ངོ་འགའི་ལོ་རྒྱུས་ལྡན་པའི་དགོན་པ་དེ་ད་ནས་བཟུང་དགོན་བདག་བླ་མ་དང་ཕྱག་མཛོད་གཉིས་ཀའི་སྐྱེས་དམན་དང་བུ་ཕྲུག་གསོ་ས་ལྟ་བུ་ཞིག་ཏུ་གྱུར་བ་རེད། ད་ནས་བཟུང་དགོན་པ་འདིའི་ནང་ལ་གྲྭ་བ་འཛུལ་གི་མ་རེད་ལ་སྦྱིན་བགད་དེ་དག་གིས་ཀྱང་སྒོར་མོ་ཆུ་ནང་ལ་གཡུག་གི་མ་རེད། ཤུལ་ལུས་ཀྱི་གྲྭ་འགའ་ཡོད་པ་དེ་དག་གིས་ཤུགས་ཅི་ཙམ་བརྒྱབས་ནའང་འབྲས་བུ་མེད་པ་ཤེས་ཏེ་རང་རང་ས་ནས་ལམ་ཞིག་འཚོལ་གྱིན་ལོས་ཡོད། དགོན་པ་སྟོང་སོང་བ་རེད། དེ་སྟོང་བ་བཟོ་མཁན་དགོན་བདག་བླ་མ་དང་དེས་བློས་མི་ཆོད་པའི་ཕྱག་མཛོད་སྦྱིན་བདག་འཚོལ་དེ་གཉིས་རེད། འདི་ནི་རང་དབང་ལུང་པ་ནས་བོད་པ་རང་གིས་གཏོར་བའི་དགོན་པ་ཐོག་མ་རེད་ལ་བོད་མིའི་ལོ་རྒྱུས་ནང་བོད་པས་དགོན་པ་གཏོར་བ་ཐོག་མའང་རེད།

    Reply
  22. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱིར་བཏང་ཚེ་མཆོག་གླིང་ལ་རྙོག་གླེང་བྱུང་བ་ནི་ཡོངས་གྲགས་རེད། དེ་ནི་བློ་ཕམ་དགོས་པ་ཞིག་རེད། འོན་ཀྱང་འདིའི་ནང་དུ་མཆན་འདེབས་པོ་འགའ་ཞིག་གིས་གཞིས་དགོན་དེར་རྙོག་གླེང་བྱུང་བ་རྒྱུ་མཚན་དུ་བྱས་ནས་དགེ་ལུགས་པའི་དགོན་པ་དང་གྲུབ་མཐའ་དང་ཆོས་ལུགས་སྤྱི་ལ་གཞི་མེད་ཀྱི་སྐྱོན་འདོགས་བྱེད་བཞིན་འདུག་པས་ཆོས་ལུགས་ཀྱི་རྙོག་དྲ་དེ་རིགས་མ་སློང་ན་ཡག་གི་རེད། མ་གཞི་ནས་སྐྱོན་བརྗོད་བྱེད་རེས་བྱེད་ན་ཕྱོགས་གཉིས་ཀས་དེ་ལྟར་བྱེད་ཐུབ་པ་ཞིག་ཡིན་ཕྱོགས་གཞན་ལ་ཁ་མེད་པ་དང་བྲིས་རྒྱུ་མེད་པ་དེ་འདྲ་མ་རེད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese