མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་མཆོག་གླིང་གི་དགེ་འདུན་པ་ ༢༩ རྩ་དགོངས་ཞུས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་སྔོན་མའི་ནང་ཚེ་མཆོག་གླིང་གི་དགོན་བདག་བླ་མ་ཕེབས་ཏེ་དགོན་པའི་རྙོག་གླེང་ཐག་གཅོད་ཅིག་གནང་ཡོད་པའི་ནང་། དགོན་པའི་མཁན་པོ་དང་དབུ་མཛད། དགེ་བསྐོས་སོགས་དགེ་འདུན་པ་ ༦ གིས་རྩ་དགོངས་ཞུ་དགོས་སྐོར་བཀོད་ཡོད་སྟབས། གྲྭ་མང་ཚོས་དེ་ལ་མོས་མཐུན་མ་གནང་བར་སྔ་ཕྱིར་གྲྭ་བ་ ༢༩ དགོན་པ་ནས་ཐོན་འདུག

ངྷ་ས་ཚེ་མཆོག་གླིང་གི་དགོན་བདག་བླ་མ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་འབྲས་ལྗོངས་རྒྱལ་ས་སྒང་ཐོག་ནས་བཞུགས་སྒར་ཚེ་མཆོག་གླིང་དགོན་པར་ཕེབས་ཏེ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཚེ་མཆོག་གླིང་དགོན་པའི་རྙོག་གླེང་སྐོར་ལ་མཁན་པོ་དང་དབུ་མཛད། དགེ་བསྐོས་གཙོས་པའི་དགེ་འདུན་པ་ ༦ དུས་ཚོད་རྒྱས་བཅད་ནང་དགོན་པ་ནས་རྩ་དགོངས་ཞུ་དགོས་པའི་ཐག་གཅོད་ཅིག་གནང་ཡོད་པ་དང་། དེ་ལ་དགོན་པའི་གྲྭ་བ་གཞན་མང་པོ་ཞིག་གིས་མོས་མཐུན་མ་གནང་བར། ཉིན་དེ་རང་ལ་དགོན་པའི་མཁན་པོ་གཙོས་པའི་དགེ་འདུན་པ་ ༢༩ ཚེ་མཆོག་གླིང་དགོན་པ་ནས་ཐོན་ཡོད་འདུག དེའི་ཁྲོད་ཀྱི་གྲྭ་བ་ ༡༡ ཙམ་ཕྱིར་རང་ཡུལ་འབྲས་ལྗོངས་སུ་ལོག་ཡོད་པ་དང་། མཁན་པོ་བསྟན་འཛིན་དོན་བཟང་མཆོག་སྐུ་གཟུགས་བདེ་མིན་གྱིས་མ་ཎ་ལིར་ཕེབས་ཡོད་འདུག བཞུགས་སྒར་ཉེ་འཁོར་གྱི་གྲྭ་བ་ ༣ སོ་སོའི་ཁྱིམ་དུ་ལོག་ཡོད་པ་དང་། གཞན་བོད་ནས་ཕེབས་པའི་གྲྭ་བ་ ༡༤ ཙམ་ལ་འགྲོ་ཡུལ་འདུག་ཡུལ་མ་རག་པར་གནས་སྐབས་རིང་ངྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་བཞུགས་འདུག

 

ཐེངས་འདིར་དགོན་བདག་བླ་མ་མཆོག་གིས་མིང་འདོན་གྱིས་ཚེ་མཆོག་གླིང་དགོན་པའི་དགེ་འདུན་པ་ ༦ གིས་རྩ་དགོངས་ཞུ་དགོས་པའི་ཐག་གཅོད་གནང་བ་དེ་དག་ནི། ཚེ་མཆོག་གླིང་གི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལགས་ཀྱིས་དེ་སྔོན་མེག་ལོར་ཧྥོ་སིར་གྷན་ཇི་ཡི་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་སྤྲད་དེ་ཟླ་ ༧ ཚེས་ ༩ ཉིན་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་པའི་གྲྭ་བ་དག་ཡིན་ཞིང་། ཐེངས་འདིར་ཁོང་ཅག་ལ་དགོན་པའི་ལས་སྣེ་ཚོས་མཐའ་མའི་ཐག་གཅོད་གང་ཡིན་གྱི་ཡིག་ཆ་ཞིག་སྤྲད་ཡོད་པའི་ནང་། “ ཕྱི་ལོ་ ༢༠༡༡ ཟླ་ ༥ པའི་ཚེས་ ༡༥ ནས་ད་ལྟ་བར་མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་དོན་བཟང་གིས་གཙོ་བོ་བྱས་ཏེ་ཡུན་རིང་རྙོག་གླེང་འཁྲུན་ཐག་མ་ཆོད་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༩ པའི་ཚེས་ ༧ ཉིན་གྱི་ཆུ་ཚོད་ ༡༠།༣༠ ཐོག་ཚེ་མཆོག་གླིང་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་ལས་སྣེ་ལྷན་རྒྱས་ཚོགས་འདུ་རྒྱས་འཛོམས་ཀྱི་སར་ཕན་ཚུན་གྲོས་བསྡུར་ལན་མང་ཞུས་པའི་མཐའ་དོན། དགེ་བཤེས་བསྟན་འཛིན་དོན་བཟང་དང་བསྟན་འཛིན་དོན་འགྲུབ། བཀྲིས་རྒྱལ་མཚན། སྐར་མ་འོད་ཟེར། བྱམས་པ་མཁྱེན་རབ། བསྟན་འཛིན་བྱམས་བརྩེ། བཅས་ནས་རང་མོས་ཀྱིས་གྲྭ་ཚང་ནས་རྩ་དགོངས་ཞུ་དགོས་པ་དང་། དུས་ཚོད་རྒྱས་བཅད་ནང་གྲྭ་ཚང་ནས་ཕྱིར་ཐོན་གནང་དགོས་པའི་གྲོས་ཆོད་དུ། ཚེ་མཆོག་གླིང་ཡིག་ཚང་ནས ”  ཞེས་འཁོད་འདུག

 

ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པས་དགོན་བདག་བླ་མ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་ལ་ཐུག་འཕྲད་བྱས་ཏེ། ཐེངས་འདིའི་ཐག་གཅོད་ཀྱི་བྱུང་རིམ་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས “ ཚེ་མཆོག་གླིང་དགོན་པའི་རྙོག་དྲ་དེ་གཙོ་བོ་འཛིན་སྐྱོང་གི་ཐོག་ནས་བྱུང་བ་རེད། ཉེ་ཆར་གནས་ཚུལ་བྱུང་མ་ཐག་ནས་བཟུང་ཕྱག་མཛོད་དང་གྲྭ་མང་ཚོས་དགོན་པའི་དཀའ་ངལ་སྐོར་ང་ལ་སྙན་སེང་ཞུས་སོང་། ང་རང་གི་ངོས་ནས་ཁོང་ཚོར། ང་མ་འབྱོར་སྔོན་ལ་ཕྱོགས་གཉིས་ངོས་ནས་ཞི་འཇགས་ཡོང་ཐབས་ལ་འབད་བརྩོན་གནང་དགོས། གལ་སྲིད་རྙོག་དྲ་ཆེ་རུ་ཕྱིན་ན་ཡུལ་ཁྲིམས་དང་འགལ་ཏེ་དཀའ་ངལ་ཆེན་པོ་ཡོང་གི་རེད། ཅེས་སྔ་ཕྱི་ཐེངས་མང་པོ་ཡིག་ཐོག་ནས་འབོད་སྐུལ་ཞུས་པ་ཡིན། ཕྱིས་སུ་གྲྭ་བ་ཚོའི་ངོས་ནས་མུ་མཐུད་ཡི་གེ་བཀྲམས་པ་དང་། ཕྱག་མཛོད་ཀྱི་མོ་ཊར་འདམ་བྱུགས་པ། ཁང་པར་རྡོ་གཡུགས་པ་སོགས་བྱས་འདུག  མི་སུ་ཡིན་ཡང་སོ་སོའི་སྲོག་ལ་ཉེན་ཁ་ཡོད་ན། སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད་སྟབས། ཕྱག་མཛོད་ཀྱིིས་ཉེན་རྟོག་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་གྲྭ་བ་ཁག་ཅིག་འཛིན་བཟུང་བྱས་འདུག གནས་ཚུལ་དེ་དག་གི་ཐོག་ནས་ང་རང་དགའ་བོ་བྱུང་མ་སོང་། རྗེས་སུ་ངས་ཡང་བསྐྱར་དབྱིན་ཡིག་ཐོག གལ་སྲིད། ཁྱེད་ཚོ་ཡག་པོ་བསྡད་ན་བཟང་གི་རེད། རྗེས་མ་ས་གནས་གཞུང་གི་ཁྲིམས་ཐོག་ནས་དགོན་པ་ནས་ཕྱིར་ཕུད་གཏོང་དགོས་པའི་གནས་སྟངས་ཆགས་ན་ཡག་པོ་ཡོད་པ་མ་རེད། ཅེས་འབོད་སྐུལ་ཐེངས་མང་ཞུས་པ་ཡིན ” ཞེས་བརྗོད་བྱུང་།

 

ཡང་དགོན་བདག་བླ་མ་མཆོག་གིས།  ཐེངས་འདིར་ང་ལ་དུས་ཚོད་ཐུང་ཐུང་ཞིག་རག་སྟེ་འདིར་ཡོང་རྗེས་དགོན་པའི་གནས་ཚུལ་ལ་རྒྱུས་ལོན་དང་ཕྱོགས་གཉིས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན། ད་ལྟའི་བར་ཚེ་མཆོག་གླིང་དགོན་པའི་ནང་དཀའ་ལས་བརྒྱབ་སྟེ་དགོན་པ་ཡག་ཐག་ཆོད་ཆགས་སུ་འཇུག་མཁན་ཕྱག་མཛོད་བཀྲ་ཤིས་རྒྱལ་མཚན་དང་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཁོང་ཚོ་མི་ཁག་ཅིག་ཡོད། གལ་སྲིད། གྲྭ་མང་གི་ངོས་ནས་ང་ལ་མཁན་པོ་དང་ཕྱག་མཛོད་གཉིས་ཀྱི་སུ་བདམས་དགོས་ཞེས་བཤད་པ་ཡིན་ན། ངས་ཕྱག་མཛོད་འདེམས་རྒྱུ་ཡིན། གང་ཡིན་ཞེ་ན། མཁན་པོ་ལ་མཚོན་ན་ལོ་གཉིས་གསུམ་ལས་ཕྱིན་མེད་ལ། གྲྭ་བ་ཁ་ཤས་ལོ་ ༨ ལྷག་ལས་ཕྱིན་མེད། ལོ་མང་པོ་དགོན་པར་དཀའ་ལས་རྒྱག་མཁན་དགོན་པ་ནས་ཕྱིར་འཕུད་བྱ་དགོས་པ་དེ་ཡག་པོ་མ་རེད། དེར་བརྟེན། མཁན་པོ་དང་ཁོང་ཚོར་བསམ་བློ་ཡག་པོ་བཏང་སྟེ་དགོངས་པ་ཞུ་དགོས་པའི་རེ་སྐུལ་ཞུས་པ་ལྟར་ཁོང་ཅག་གིས་དགོངས་པ་ཞུས་སོང་། ཐག་གཅོད་འདི་ཆོས་རིག་ལས་ཁུངས་དང་ས་གནས་མགོ་འཛིན་སོགས་ལ་འབྲེལ་བ་མེད་པར་ང་ཚོ་རང་ངོས་ནས་ཐག་གཅོད་བྱས་པ་ཡིན ”  ཞེས་བརྗོད་བྱུང་།

 

གསར་འགོད་པས་ཁོང་ལ། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་དགོན་པའི་མཁན་པོ་དང་ཕྱག་མཛོད། ངྷ་ས་ས་གནས་མགོ་འཛིན་སོགས་ལྷན་བཞུགས་ཀྱི་ཐག་གཅོད་ཅིག་བྱུང་ཡོད་པའི་ནང་། ཚེ་མཆོག་གླིང་རིན་པོ་ཆེ་ཕེབས་མ་ཐག་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༧ ཁ་སྐོང་འོས་འདེམས་བྱ་དགོས་སྐོར་དང་། ཐུབ་བསྟན་སྙན་གྲགས་ཀྱིས་མ་འོངས་པར་དགོན་པའི་ནང་ཆང་འཐུང་བ་དང་བུད་མེད་ཞག་སྡོད་བྱེད་བཅུག་མི་ཆོག་པའི་སྐོར་སོགས་བཀོད་འདུག དེ་ད་ཆར་ལག་བསྟར་གནང་འཆར་ཡོད་མེད་དྲིས་པར། “ ཕྱག་མཛོད་ལགས་ཀྱིས་དགོན་པའི་ནང་ཆང་བཏུང་ཡོད་མེད་དེ་ང་རང་སྒང་ཐོག་ཏུ་བསྡད་ཡོད་པས་ངས་ཤེས་ཀྱི་མེད། སྐྱེས་དམན་ཉར་མིན་དེ་སོ་སོ་རང་གི་འདོད་པ་རེད། ངས་ཁོང་ལ་ཆང་ས་རྒྱག་ཆོག་གི་མ་རེད། སྐྱེས་དམན་ཉར་ཆོག་གི་མ་རེད། ཅེས་བཤད་རྒྱུའི་དབང་ཆ་ཡོད་པ་མ་རེད། སྐྱེས་དམན་འཁྲིད་མིན་དེ་ཁོང་སྒེར་གྱི་གནད་དོན་རེད་མ་གཏོགས་དགོན་པ་དང་འབྲེལ་བ་ཡོད་པ་མ་རེད། དགོན་པ་གཞན་པར་མཚོན་ནའང་། ཕྱག་མཛོད་སྐྱེས་དམན་ཉར་མཁན་དེ་འདྲ་ཡོད་པ་རེད། ང་རང་ལ་མཚོན་ནའང་། ང་བླ་མ་རེད་ལ་སྐྱེས་དམན་ཡང་ཡོད། དེ་ང་རང་སྒེར་གྱི་གནད་དོན་རེད། མི་སྒེར་གྱི་གནད་དོན་ལ་སུ་གང་གིས་ཐེ་གཏོགས་བྱ་རྒྱུའི་དབང་ཆ་ཡོད་པ་མ་རེད། དགོན་པའི་འགན་འཛིན་ལྷན་ཚོགས་བསྐོ་བཞག་སོགས་ལས་དོན་གཞན་དག་རིམ་པས་ཡར་རྒྱས་གཏོང་འཆར་ཡོད།  ”  ཅེས་བརྗོད་བྱུང་།

 

ཕྱི་ཚེས་ ༡༡ ཉིན་གསར་འགོད་པ་ཆེད་དུ་ངྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་གནས་ཚང་གཡར་ཡོད་པའི་ཚེ་མཆོག་གླིང་གི་དགེ་འདུན་པ་དག་གི་སར་བཅར་ཏེ། ཚེ་མཆོག་གླིང་གི་དབུ་མཛད་བསྟན་འཛིན་དོན་འགྲུབ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ ཉེ་ཆར་བྱུང་བའི་དགོན་པའི་རྙོག་དྲ་ཐག་གཅོད་ཐད། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཚེ་མཆོག་གླིང་གི་བླ་མ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་སྒང་ཏོག་ནས་དགོན་པར་ཕེབས་སོང་། ཉིན་དེར་བླ་མ་ཁོང་དང་ཕྱག་མཛོད་དང་མཉམ་དུ་ཉེན་རྟོག་པ་ ༤ ཡང་མཉམ་འཁྲིད་བྱས་འདུག ཐོག་མར་ཕན་ཚུན་གྱི་བསམ་ཚུལ་བསྡུ་ལེན་བྱས་པ་རེད། ཡིན་ནའང་། ང་ཚོ་གྲྭ་མང་གི་བསམ་ཚུལ་བཤད་སྐབས་ཉན་འདོད་མེད་པའི་རྣམ་འགྱུར་བསྟན་པ་མ་ཟད། ད་ལྟའི་བར་ཚེ་མཆོག་གླིང་དགོན་པའི་ཆེད་དུ་དཀའ་ལས་རྒྱག་མཁན་གཙོ་བོ་ཕྱག་མཛོད་རེད། ང་རང་གི་ངོས་ནས་ཕྱག་མཛོད་དང་མཁན་པོ་གཉིས་ལས་ཕྱག་མཛོད་བདམས་རྒྱུ་ཡིན་གསུངས་ཏེ། མཁན་པོ་གཙོས་པའི་གྲྭ་པ་དྲུག་གི་མིང་བཏོན་སྟེ། ཁྱེད་རང་ཚོ་དགོན་པ་ནས་ཕྱིར་འཕུད་བཏང་ཚེ་གྲྭ་ཚང་ལ་མིང་འཆལ་ངན་པ་ཡོང་གི་རེད། དེ་བས་རང་ངོས་ནས་དགོངས་པ་ཞུས་ན་ཡག་གི་རེད། གལ་སྲིད། ཆུ་ཚོད་ ༢༤ རིང་དགོངས་པ་མ་ཞུས་པ་ཡིན་ན། ཁྲིམས་ཐོག་ལ་བསྐྱལ་རྒྱུ་ཡིན་གསུངས་སོང་། དེར་བརྟེན། ཉིན་དེར་སྔ་ཕྱིར་ང་ཚོ་གྲྭ་བ་ ༢༩ ཙམ་དགོན་པ་ནས་རྩ་དགོངས་ཞུས་ཏེ་ཐོན་པ་ཡིན། ”  ཞེས་བརྗོད་བྱུང་།

 

ཡང་ཁོང་གིས་མུ་མཐུད་གསུངས་དོན། “ ཉིན་དེར་ང་ཚོའི་ངོས་ནས་རིན་པོ་ཆེ་མཆོག་ལ་གྲྭ་ཚང་གི་འདུལ་ཁྲིམས་ཉམས་ཆག་འགྲོ་བཞིན་པ་དང་། དགོན་པའི་ནང་ཆང་རག་བཏུང་བ་དང་བུད་མེད་འཁྲིད་ཡོང་བ་བཅས་ཀྱི་བདེན་དཔང་ལ་ཤེལ་དམ་དང་པར་རིས་སོགས་བསྟན་པ་ཡིན། འོན་ཀྱང་ཁོང་གིས་གྲྭ་མང་གི་བསམ་ཚུལ་དང་བདེན་དཔང་དེ་དག་ལ་མི་གཟིགས་པར་ཁོང་ཅག་ནང་ཁུལ་ནས་ཐག་གཅོད་བྱས་པ་ཞིག་ཁྱབ་བསྒྲགས་བྱས་སོང་། ཉིན་དེའི་ཕྱི་དྲོ་གྲྭ་པ་ ༢༣ ཙམ་གྱིས་ཐག་གཅོད་དེར་བློ་ཕམ་བྱུང་སྟེ་དགོན་པ་ནས་རྩ་དགོངས་ཞུས་པ་རེད། ཐག་གཅོད་དེ་རྩ་བ་ནས་དྲང་བདེན་ཞིག་བྱུང་ཡོད་པ་མ་རེད། འོན་ཀྱང་། ང་ཚོའི་ངོས་ནས་ཁྲིམས་གཏུག་བྱ་འདོད་དེ་འདྲ་མེད། ད་ལྟའི་བར་ང་ཚོའི་ངོས་ནས་རེ་བ་ཞུ་ས་ཡོད་ཚད་ལ་ཞུས་ཀྱང་། གནས་ཚུལ་ལ་བདག་པོ་རྒྱག་མཁན་ཞིག་བྱུང་མ་སོང་། ད་ཆར་ང་ཚོའི་རེ་བ་ཆེ་ཤོས། གནས་ཚུལ་འདིའི་སྐོར་༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་དེ་ཁོ་ན་ཡིན། གལ་སྲིད། སྙན་སེང་ཞུ་རྒྱུའི་གོ་སྐབས་མ་བྱུང་ཡང་སྙན་ཞུ་ཞིག་འབུལ་ལམ་ཆོག་པའི་ལམ་ཁ་འཚོལ་བཞིན་ཡོད། ” ཅེས་བརྗོད་བྱུང་།

 

དེ་རིང་ཞོགས་པར་བོད་གཞུང་ཆོས་རིག་དྲུང་ཆེ་ངག་ཆོས་གྲགས་ལགས་སུ་ཚེ་མཆོག་གླིང་གི་ཛ་དྲག་གི་གནས་སྟངས་དེའི་སྐོར་གོ་ཐོས་ཡོད་མེད་དང་། ཡོད་ཚེ་དེ་ལ་ཐག་གཅོད་གང་འདྲ་གནང་འཆར་ཡོད་མེད་བཅར་འདྲི་བྱས་པར་ཁོང་གིས། “ སྤྱིར་བཏང་ཆོས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ལ་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། དགོན་སྡེ་ཁག་གི་སྒྲིག་སྲོལ་མང་ཆེ་བ་ཆོས་རིག་གི་ཐད་ཀའི་ལྟ་སྐྱོང་འོག་ཡོད་པ་མ་རེད། དགོན་སྡེ་སོ་སོས་འགན་འཁུར་གྱི་ཡོད། ཚེ་མཆོག་གླིང་ལ་མཚོན་ནའང་། ཚེ་མཆོག་གླིང་རིན་པོ་ཆེ་ཁོང་ད་ལྟའི་བར་ལས་བྲེལ་གྱི་དབང་གིས་ཕེབས་ཐུབ་མེད་པ་ལས། དགོན་པར་རྒྱུན་དུ་ལྟ་རྟོག་དང་ཐུགས་འཁུར་གནང་གི་འདུག་ལ། ཕྱི་ཚེས་ ༧ ཉིན་གྱི་ཡར་སྔོན་ནས་དགོན་པར་འབོད་སྐུལ་ཐེངས་མང་ཞུས་འདུག  ང་ཚོའི་ངོས་ནས་ཀྱང་དགོན་པར་ཐེངས་མང་རིང་འབོད་སྐུལ་ཞུས་པ་ཡིན། ཉེ་ཆར་དགོན་པའི་བླ་མ་མཆོག་འདིར་ཕེབས་ཏེ་གནས་ཚུལ་ཐག་གཅོད་བྱུང་བའི་སྐོར་སྙན་སེང་ཞུས་སོང་། དེར་བརྟེན། ང་ཚོའི་ངོས་ནས་དགོན་བདག་བླ་མ་རང་གིས་ཐག་གཅོད་གང་གནང་བ་དང་། ཁོང་གིས་ང་ཚོར་སྙན་གསེང་གང་ཞུས་པ་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད། གྲྭ་བ་ཚོའི་ཕྱོགས་ནས་ང་ཚོར་གནས་ཚུལ་གང་ཡང་འབྱོར་མ་སོང་། ཆོས་རིགས་ལས་ཁུངས་ཀྱི་ངོས་ནས་ད་ལྟའི་ཆར་དཀའ་ངལ་སེལ་ཐབས་ཀྱི་འཆར་གཞི་དེ་འདྲ་གང་ཡང་མེད ” ཅེས་བརྗོད་བྱུང་།

 

ཚེ་མཆོག་གླིང་གྲྭ་ཚང་ནི་ ༡༩༧༦ ལོར་ཐོག་བོད་གཞུང་ཟློས་གར་ཚོགས་པའི་ཡང་སྟེང་ར་ཤི་བྷང་ཞེས་པར་གསར་བཞེངས་བྱས་ཤིང་། ༡༩༨༤ ལོར་ད་ལྟའི་དབེན་གནས་དེ་རུ་གནས་སྤར་ཡོད། ད་ལྟའི་ཆར་བོད་ནས་ཕེབས་མཁན་དང་གཞིས་ཆགས་ཁུལ་ནས་ཕེབས་མཁན། ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་མཁན་བཅས་ཁྱོན་བསྡོམས་དགེ་འདུན་པ་ ༤༨ ཙམ་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 72

  1. སེམས་དཀར། says:
    ལོ་ 14 སྔོན།

    ངས་བལྟས་ན་དགེ་ལུགས་པའི་དགོན་པ་ཚོའི་ནང་བུད་མེད་བསྡད་པར་སྐྱོན་མི་འདུག གལ་ཏེ་དགོན་བདག་བླ་མས་བུད་མེད་བརྟེན་ན་ཡང་དེ་ཙམ་ཧང་སངས་དགོས་དོན་མི་འདུག དེང་སང་དགེ་ལུགས་ཀྱི་བླ་ཆེན་ཕལ་ཆེར་དེ་ཡོད་པ་རེད། དེ་ནི་དགེ་སློང་གི་རྒྱུད་ཀྱི་སོར་སྡོམ་ཉམ་པ་ཙམ་རེད།
    དེ་བས་དགེ་ལུགས་པའི་དགོན་པ་ཁག་གི་ནང་འདྲེ་ཚང་བཅས་ཏེ། འདྲེ་རྟེན་མཁན་སྔར་ལས་མང་དུ་འགྲོ་བཞིན་ཡོད། འདི་ཉེན་ཁ་ཆེན་པོ་རེད། འདིས་སོར་སྡོམ་ཙམ་མ་ཟད། རྒྱུད་ཀྱི་སྐབས་སྡོམ་ཡང་བཏང་བ་ཡིན་པས་ཐ་ན་ནང་པའི་གྲལ་དུ་ཡང་ཚུད་ཀྱི་མ་རེད། དེས་ན་རྒྱལ་བསྟན་སྤྱི་དང་ཁྱད་པར་དགེ་ལུགས་པའི་བསྟན་པར་རྨ་འབྱིན་མཁན་དེ་དག་ཡིན་པས། དགེ་བསྟན་ལ་ཤ་ཚ་ཡོད་ན། ལྷོ་ཕྱོགས་ཀྱི་ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགའ་ཁྲི་ཟུར་བ་ལུང་རིགས་རྣམ་རྒྱལ་གྱི་མགོ་བྱས་ནས་འདྲེ་ཚོགས་ཡང་འཁོར་དང་བཅས་པ་རྩ་མེད་གཏོང་ཐུབ་ན། ད་གཟོད་དགེ་ལུགས་པའི་བསྟན་པར་ནང་དྲི་ཞིག་འཐུལ་ཐུབ་ཀྱི་རེད། དེ་མིན་དགེ་བསྟན་ནང་པའི་གྲལ་ནས་ལྷུང་ལ་ཁད་དང་ཡར་ལ་ཁད་བྱེད་བཞིན་ཡོད་པར་བསམ་བློ་མི་གཏོང་བ་ཡ་མཚན་རེད།

    Reply
  2. གངས་འོད། says:
    ལོ་ 14 སྔོན།

    སྤྱིར་དགེ་འདུན་པའི་བསམ་འཆར་ལ་རྒྱུ་མཚན་གྱིས་གཟུ་བོར་དཔྱད་ནས་དགོས་པ་དགོན་ཁྲིམས་བཅོས། མི་དགོས་པ་དཀྲོགས་གཏམ་དོར། ལྷག་པར་རྩ་བ་བུད་མེད་དང་ར་བཟི་དགོན་པར་གནས་མེད་པ་ཞིག་བཟོས་ན། དགེ་འདུན་པ་དེ་དག་ཀྱང་ཕེབས་མི་དགོས། ཕྱག་མཛོད་ཀྱང་ཕེབས་མི་དགོས། བླ་མ་ཡང་ཁྲེལ་མི་དགོས་པ་ཞིག་ཡོང་། ལྷ་རབས་ད་དུང་འཕྱིས་མེད་པས། བླ་མས་ཐུགས་བསམ་བཞེས་རྒྱུ་དེ་ལས་ལྷག་པ་མེད།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཅི་བཤད་ཀྱང་་་་དགོན་པ་ཞེས་པ་ནི་་དགེ་འདུན་པའི་སྡེ་བཞུགས་ས་ལས་བུད་མེད་ཁྲིད་ནས་སྐྱིད་པོ་གཏོང་ས་ཞིག་མིན། དེར་བརྟེན་བུད་མེད་ལ་སྤྱོད་ཆོག་པའི་དགོན་པ་ཞིག་ཡིན་ན་མེད་པར་བཟོས་ན་ཡག་ཤོས་རེད།

    Reply
  4. གངས་རའི་སེམས says:
    ལོ་ 14 སྔོན།

    ༤༨ལ་༢༩མར་འཐེན་ན་ག་ཚད་རེད།
    རིང་པོ་ཆེ་མར་ཕེབས་ནས་ཐུང་ཐུང་བཟོས་འདུག
    ཚེ་མཆོག་གླིང་དེ་ཚེ་མཆོག་ཁང་ཞིགཆགས་རྒྱུ་ཉེན་ཁ་འདུག

    Reply
  5. བཀྲིས་ says:
    ལོ་ 14 སྔོན།

    ཚེ་མཆོག་དགོན་པ་ཕར་བཞག རྡ་སའི་རྣམ་རྒྱལ་གྲ་ཚང་མཚན་ཉིད་གྲ་ཚང་ཆ་ཚང་ལ་བུད་མེད་ཡོད་རེད། ཚེ་མཆོག་གླིང་རིན་པོ་ཆེ་བྱེད་སྟངས་དེ་འགྲིགས་པ་རེད། མཁན་པོ་རྒྱུད་བསྐུལ་གྱི་གྲ་པ་གསར་པ་རང་གི་དགེ་ཕྲུག་བཟོས་ཟིན་པ་དེ་ཚོར་ངན་བསླབ་ཀྱིས་དགོངས་པ་ཞུ་རུ་བཅུགས་པ་རེད། མང་ཆེ་བ་ཕྲུག་གུ་རེད་འདུག མཁན་པོ་དེ་མི་གང་འདྲ་ཞིག་ཡིན་མིན་སེ་རའི་གྲ་པ་ཚོར་བཤད་ཡག་འདུག

    གོ་ཐོས་ལ། མཁན་ཟུར་གང་དེ།
    དང་པོ་མཁན་པོ་མ་བྱེད་གོང་ལ་ཕྱག་མཛོད་དང་གྲོགས་པོ་བློ་ཐུབ་རེད། གཉིས་པ་མཁན་པོ་ཆགས་པ་དང་རང་གི་རྩོམ་ཆོས་དགོན་པའི་བསློབ་གཉེར་ལ་བཞག གསུམ་པ་དགོན་པའི་གྲྭ་པ་གསར་བ་ཚང་མ་རང་གི་དགེ་ཕྲུག་བྱས་སུ་བཅུགས བཞི་བ་ཕྱག་མཛོད་ས་ནས་དངུལ་དམར་ཆ་ཚང་ལེན། ལྔ་བ་ དགོན་པའི་གྲ་ཕྲུག་ཚོར་ངན་སྐུལ་གྱིས་ཕྱག་མཛོད་ལ་འཇིགས་སྐུལ་བྱས། དྲུག་པ་གོང་ས་མཆོག་ཕེབས་སྐབས་དང་བསྟུན་ནས་ཡིག་འཁྱམས་སྦྱར། བདུན་པ་དགོན་པ་དང་པོ་ནས་བཙུགས་མཁན་ཕྱག་མཛོད་སྤུད་ཐབས་བྱས། བརྒྱད་པ་ཚེ་མཆོག་གླིང་རིན་པོ་ཆེ་མདུན་དུ་ཚང་མ་ཡོད་སར་རང་སྐྱོན་ངོས་ལེན་བྱས་ དེ་བཞིན་དགུ་བ་དང་བཅུ་བ་སོགས་མང་པོ་འདུག་པས། དེ་དག་ལས་བཞི་པ་དེ་མ་གཏོགས་གཞན་ནོར་བ་རེད། མཐའ་གཅིག་ཏུ་མཁན་པོ་དེ་ཡག་པ་དང་ཕྱག་མཛོད་སྡུག་པ་རེད་མི་འདུག་ལ། གོ་སྐབས་དེ་དང་བསྟུན་ནས་ཚེ་མཆོག་གླིང་རིན་པོ་ཆེར་ཁ་མ་བཏང་རོགས། སྐྱེས་དམན་ཡོད་པ་ལས་དམས་ན། རྡ་སར་གྲལ་མགོ་འཛིན་ཁེངས་བསྡད་འདུག

    གསར་འགོད་པ་ཡིན་ནའང་དྲང་བདེན་གྱིས་རྒྱབ་ཏུ་ལངས་དགོས་པ་ལས། རང་གི་འདོད་ཕྱོགས་ཀྱིས་ཞོག་ལྷུང་མ་བྱེད་རོགས

    Reply
  6. གངས་ཅན། says:
    ལོ་ 14 སྔོན།

    དགེ་ལྡན་ལྷན་ཚོགས་ཟེར་བ་ཞིག་ཡོད་པ་དེ་གང་ན་ཡོད་ན། དགེ་ལུགས་པའི་ཞབས་འདྲེན་དེ་ཚོ་ལ་བཅའ་ཡིག་དང་མཐུན་པའི་ཐག་གཅོད་བྱས་ཏེ་རྩོད་པ་ཞི་འཇམ་དུ་མ་བཏང་ན། རྗེ་བདག་ཉིད་ཆེན་པོ་ལ་རེ་མི་ཁྲེལ་ལམ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་བཏབ་པའི་བྱེས་ཀྱི་དགོན་པ་འདི་བྱེད་སྟངས་ལ་ལྟོས་དང་། རྗེས་མ་དགེ་ལུགས་པའི་དགོན་པའི་ནང་དུ་ནག་མོ་ཉར་ཏེ་སྡོད་ཆོག་པའི་དུས་ཤིག་མི་སླེབས་པའི་ངེས་པ་མི་འདུག བླ་ལོག་དེ་ཡིས་བྱེད་སྟངས་ལ་ལྟོས་ན། ཡི་གེ་དེར་ལྟོས་དང། གྲོས་ཆོད་དུ་ཟེར་བ་དང། ཡིག་ཚང་ནས་ཟེར་བཞིན་མི་གཅིག་གིས་ས་རྟགས་བརྒྱབ་འདུག དབང་ཆ་སྒེར་སྡོམ་གྱིས་བྱས་པ་ཞིག་ཡིན་པ་ཐག་ཆོད། ཕྱི་ལོགས་སུ་བཞུགས་པའི་གྲྭ་བ་ཚོས་ཀྱང་ད་ལྟ་སྤྱི་འཐུས་ལྷན་ཚོགས་དབུ་འཛུགས་ཞུ་བཞིན་པའི་གོ་སྐབས་འདི་བཟུང་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་སྙན་ཞུ་རྒྱག་པ་དང། དགེ་ལྡན་ལྷན་ཚོགས་དང། ཆོས་དོན་ལས་ཁུངས། དེ་བཞིན་དགེ་ལུགས་སྤྱི་འཐུས་གཉིས་ལའང་བདེ་སྡུག་སྙན་ཞུ་རྒྱག་དགོས།

    Reply
  7. ཐོས་བསམ་ says:
    ལོ་ 14 སྔོན།

    དངོས་གནས་ཧང་སངས་དགོས་པ་རེད། ང་ལ་མཚོན་ན་ ང་བླ་མ་རེད་ལ་སྐྱེ་དམན་ཡང་ཡོད་ དེ་ང་ར་སྒེར་གྱི་གནས་དོན་རེད།།།།། བླ་མའི་མིང་འཁུར་སྟེ་སྐད་ཆ་དེ་ལྟ་བུ་བཤད་ནུས་པ་དཔེ་རེད། ཆོས་དང་འཇིག་རྟེན་མཉམ་སྲེས་བྱས་པ་དེ་ཨ་ཁུ་སྟོན་པ་རང་རེད།

    Reply
  8. ཐོས་བསམ་ says:
    ལོ་ 14 སྔོན།

    དངོས་གནས་ཁང་སངས་དགོས་པ་རེད། ང་རང་ལ་མཚོན་ན་

    Reply
  9. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ལྷ་ཐོད་དཀར་གྱི་གྲངས་ཉུང་བས་ནམ་ཞིག་གྲངས་མང་བ་འདྲེ་སྣ་ནག་ཚེ་མཆོག་གླིང་གི་སྤྲུལ་སྐུ་ལྟ་བས་བསྟན་པ་འདི་བརླག་ངེས་རེད་ལ་བོད་ཀྱི་སྣང་བརྙན་ཡང་ཞོར་དུ་ཡལ་འགྲོ་བའི་ཉེན་ཁ་འདུག

    Reply
  10. བཀྲིས་ says:
    ལོ་ 14 སྔོན།

    ང་རང་ཚོས་དྲ་ཐོག་གི་གནས་ཚུལ་འགའ་མཐོང་བར་ཡིད་ཆེས་ཀྱིས་གཅིག་རྒྱབ་གཉིས་ལངས་བྱེད་ཀྱི་འདུག དོན་དངོས་ཚེ་མཆོག་གླིང་གི་མགོན་པའི་མཁན་པོ་བཀོད་མཁན་ཕྱག་མཛོད་ཡིན་པ་དང་། མཁན་པོ་སོ་སོས་དཔེ་ཆ་རྩོམ་ནས་དེ་དགོན་པའི་ནང་གནན་གྱིས་བལྟ་རུ་བཅུགས་པ་དང་། མགོན་པའི་གྲྭ་པ་གསར་པ་ཚང་མ་རང་གི་དགེ་ཕྲུག་བཟོས་པ་དང་། གཞན་ལོ་ཆུང་བར་རྒྱུད་བསྐུལ་གྱིས་དགོན་པ་ནས་ཕྱིར་འཐེན་བྱེད་དུ་བཅུག་འདུག མགོན་པའི་ཆང་མཛོད་ཨ་ཁུ་མི་སྐྱ་ཡིན་རུང་། ད་བར་དྲང་བདེན་མིན་པའི་གནས་ཚུལ་མེད་ལ། ད་ལྟ་ཕྱག་མཛོད་ལས་དགོངས་པ་སྤྲད་ནས་སློབ་སྟོན་པའི་མིང་ཙམ་ལ་བཞག་ཡོད་འདུག

    Reply
  11. ཨ་མའི་བུ། says:
    ལོ་ 14 སྔོན།

    དངོས་གནས་བསམ་བློ་གང་འདྲས་བཏང་ཡང་ཚེ་མཆོག་གླིང་གི་དགོན་བདག་རྫུན་མ་བླ་ལོག་དེ་དང། ཕྱག་མཛོད་གྲྭ་ལོག་ཐུབ་སྙན་གྱི་ཐབས་ཤེས་ཡོད་ཚད་བེད་སྤྱད་དེ་ཚེ་མཆོག་གླིང་དགོན་བདག་དགེ་འདུན་པ་ཚོ་ཕྱིར་འབུད་བཏང་པར་བློ་ཕམ་ཚད་མེད་ཡོད། ཚེ་མཆོག་གླིང་དགོན་དུ་ད་དུང་མང་གཙོ་ལྟ་གྲུབ་ཚད་དང་ལྡན་པ་དར་མི་འདུག མང་གཙོ་ཚད་དང་ལྡན་པའི་སྤྱི་ཚོགས་ཀྱི་ནང་གཞུང་གི་བདག་པོ་མི་མང་དང་། ཚོགས་པའི་བདག་པོ་ཚོགས་མི་ལས་མི་སྒེར་རེ་ཟུང་ཞིག་དགོན་བདག་དང་ཚོགས་བདག་ཞེས་མི་གཅིག་དབང་འཛིན་བྱེད་པ་ནི་མང་གཙོའི་ལམ་ལུགས་དང་རྒྱབ་འགལ་ལོ། བྱས་ཙང་ཚེ་མཆོག་གླིང་གི་དགོན་བདག་ནི་གྲྭ་མང་ཚོ་ལས་བླ་ལོག་ནི་པལ་ལི་རྩ་བ་ནས་མ་རེད། བྱས་ཙང་དབུས་ཆོས་དོན་ལྷན་ཁང་ནས་དགོན་བདག་ངོ་ཤེས་པའི་ཐོག་ནས་རི་བོ་དགེ་ལྡན་པའི་སྲོལ་དང་མི་མཐུན་པའི་བློ་ལོག་དང་ཕྱག་མཛོད་གྲྭ་ལོག་ཁོ་ལ་ནན་བཤད་བྱ་རྒྱུ་གལ་ཆེ།
    དྲ་གྲོགས་ཚོས་རྗེས་སུ་དགོན་བདག་བླ་མ་ཞེས་བེད་སྤྱོད་མི་གནང་རྒྱུའི་འབུལ་བསྐུལ་ཞུ་

    Reply
  12. བྱིལ་ཕོ། says:
    ལོ་ 14 སྔོན།

    དགོན་བདག་དང་ཕྱག་མཛོད་གཉིས་ཀྱི་སངས་རྒྱས་བསྟན་པ་བཤིག་ཐལ། དགེ་འདུན་སྡེ་དཀྲུག་ཐལ། ཨ་ཁ་ཁ།

    Reply
  13. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    ཤ་ཚ་སྙིང་རྗེ་དུས་སྙིགས་མའི་རང་རྟགས་རེད་དགོན་བདག་བླ་མའི་གསུངས་སྟངས་ལ་ལྟོས་དང་ཧ་གོ་ས་རེད་། མདོར་ན་བདེན་རྫུན་གང་ལ་ཡོད་མི་ཤེས་ཀྱང་དམ་ཆོས་འདུལ་བ་ལ་གཅེས་སྤྲད་བྱེད་མཁན་རྣམས་ཕམ་རྒྱུ་དང་། ནག་ཚང་དུ་གསུམ་ལ་དགའ་མཁན་རྣམས་ཐོབ་རྒྱུ་ཡིན་པ་གཏན་ཁེལ་རེད། དེ་ནི་ང་རང་ཚོ་སྤྱི་མཐུན་བསོད་ནམས་དམན་པའི་དབང་གི་རེད། དེ་ལས་འདུལ་འཛིན་རྣམས་དགོན་པ་གྲྭ་ཚང་རྒྱ་ཆེ་ས་ཞིག་ལ་ཕེབས་ན་ཡག་ཤོས་རེད།

    Reply
  14. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    ཤ་ཚ་སྙིང་རྗེ་དུས་སྙིགས་མའི་རང་རྟགས་རེད་དགོན་བདག་བླ་མའི་གསུངས་སྟངས་ལ་ལྟོས་དང་ཧ་གོ་ས་རེད་། མདོར་ན་བདེན་རྫུན་གང་ལ་ཡོད་མི་ཤེས་ཀྱང་དམ་ཆོས་འདུལ་བ་ལ་གཅེས་སྤྲད་བྱེད་མཁན་རྣམས་ཕམ་རྒྱུ་དང་། ནག་ཚང་དུ་གསུམ་ལ་དགའ་མཁན་རྣམས་ཐོབ་རྒྱུ་ཡིན་པ་གཏན་ཁེལ་རེད། དེ་ནི་ང་རང་ཚོ་སྤྱི་མཐུན་བསོད་ནམས་དམན་པའི་དབང་གི་རེད། དེ་ལས་འདུལ་འཛིན་རྣམས་དགོན་པ་གྲྭ་ཚང་རྒྱ་ཆེ་ས་ཞིག་ལ་ཕེབས་ན་ཡག་ཤོས་རེད།

    Reply
  15. བྱིལ་ཕོ། says:
    ལོ་ 14 སྔོན།

    ཡ་དུས་སྙིགས་མ་ཟེར་འདི་འདྲ་ཞིག་རེད། དཀོན་མཆོག་མཁྱེན། སྤྲུལ་ལོག་བསྟན་དགྲ་དེ་འདྲའི་རིགས་གཅིག་གིས་འདུལ་བའི་བསྟན་པ་བསྣུབ། དགེ་སློང་མཁན་པོ་དེ་ཚོ་དགོན་ནས་ཕྱིར་ཕུད། སྐྱེ་བོ་མགོ་ནག་སྐྱེས་དམན་ཅན་ཞིག་གིས་ལག་ཏུ་དགོན་པ་བཞག །མཁན་པོ་དང་གྲྭ་ཚང་རྣམས་ཐུགས་མ་ཕམ་དང་། དེ་བས་དགའ་བ་རེད་སེར་འབྲས་དགའ་གསུམ་གང་རེད་ལ་ཕེབས་དང། དགེ་འདུན་འདུལ་བ་འཛིན་པའི་སྡེ་ཡང་དག་པར་རེད།

    Reply
  16. རྒྱ་རྙི། says:
    ལོ་ 14 སྔོན།

    དགེ་འདུན་དེ་དག་སྙིང་རྗེ། ད་ལྟ་བར་གྲྭ་རྐྱང་བྱས་ནས་བསྡད་པས་ཕྱི་ལོགས་སུ་ཐོན་སྐབས་ཁོང་ཚོར་ཆ་རྐྱེན་གང་ཡང་མི་འདུག
    གནས་སྐབས་སུ་རང་རང་ལ་གང་ཡོད་པའི་ལག་དངུལ་སྤྱི་གཞུང་ལ་བཞག་སྟེ་ཉིན་འཁྱོལ་མཚན་འཁྱོལ་བྱེད་བཞིན་འདུག ལག་དངུལ་དེ་དག་རྫོགས་ན་གང་བྱེད་དགོས་པ་རེད། ཆོས་རིག་ལས་ཁུངས་ཀྱིས་གནད་དོན་ཐག་གཅོད་དང་། གྲྭ་བ་དེ་དག་ལ་འདུག་གནས་གཏན་འཁེལ་མི་བྱེད་པ་མ་ཟད། ཉིན་བདུན་གྱི་ནང་སོ་སོའི་འགྲོ་ཁོངས་འཚོལ་དགོས་པ་དང་། དེའི་རིང་མི་རེར་ཟས་གྲོན་ཙམ་ཞིག་སྟེར་ཡང་དེ་ནས་བཟུང་དེ་ཡང་མེད་ཅེས་བཤད་འདུག
    མདོར་བསྡུས་ན་ཆོས་རིག་ལས་ཁུངས་ནི་བླ་ཆེན་ཚོ་ལ་བརྟན་བཞུགས་འབུལ་བ་དང་། སྐུ་རིམ་ཞབས་བརྟན་བསྒྲུབ་པར་བཀའ་རྒྱ་གཏོང་བའི་ནུས་མེད་ལྷན་ཁང་ཞིག་རེད། ཁོ་ཚོས་དྲང་བདེན་གཉོམ་ཆུང་ཚོར་རྒྱབ་དཔུང་བྱེད་མི་ཐུབ་པ་མ་ཟད། དཔུང་པ་མཉམ་རུབ་ཀྱིས་རྡོག་བརྫིས་གཏོང་རོགས་བྱེད་ངེས་རེད། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་དང་། ལས་ཐོགས་དྲུང་ཆེ་སོགས་ཀྱང་སྲིད་དོན་པ་མགོ་བདེ་ཤ་སྟག་རེད། དངོས་ཡོད་མི་མང་གི་བདེ་སྡུག་ལ་གཟིགས་སྐྱོང་མི་ཐུབ་པ་རེད་འདུག
    ཚེ་མཆོག་གླིང་བླ་རྫུན་གྱིས་བཤད་སྟངས་ལ་ལྟོས་དང་། རྫུན་མས་རྒྱབ་གནོན་ཇག་པས་བྱས་ནས་དགེ་འདུན་པ་ཚོ་ཕྱིར་འཕུད་བཏང་། མི་སྐྱ་ཕོ་མོ་ཚོས་དགོན་པ་བཟུང་།
    ད་སྔ་བར་དུ་ཤི་ཟས་བཀོར་ཟས་ཟས་པའི་ཉེར་ལེན་གྱིས་ཕྱག་མཛོད་སྙན་གྲགས་ཀྱི་མགོ་སྤུ་ཤུད་ཡོད། མུ་མཐུད་ཤི་ཟས་བཀོར་ཟས་ཀྱིས་ཁོའི་གྲོ་ཁོག་འགས་བར་ཤོག
    བླ་རྫུན་ཚེ་མཆོག་གླིང་འདི་ལ་ལྷ་སྲུང་མས་འཁྲུན་ཐག་ཆོད།

    Reply
  17. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    དྲ་གྲོགས་བདེན་གཏམ་ལགས། དེ་སྔོན་བདེན་གཏམ་ཞེས་པ་ཞིག་གི་རིག་པ་ཞིག་འདི་ལ་འབྱོར་མ་སོང་བས་དེ་དོན་དགོངས་འཇགས་ཞུ།
    ཞོར་དུ་གསལ་བཤད་ཞུ་རྒྱུ་ཞིག་ལ། དྲ་གྲོགས་ཚོས་དུས་བབ་དྲ་བར་ནང་འཛུལ་བྱས་ཏེ་འོག་ཏུ་བསམ་ཚུལ་སོགས་བྲིས་ཏེ་ཡུན་རིང་འགོར་བ་ཡིན་ན། སོ་སོའི་ནང་འཛུལ་དེ་རང་འགུལ་ཐོག་ཕྱིར་འཕུད་བཏང་འགྲོ་ལ། དེ་དང་མཉམ་དུ་སོ་སོའི་བསམ་ཚུལ་བཏོན་པ་དེ་ཡང་རྨེག་མེད་ཆགས་འགྲོ་བཞིན་ཡོད། བློ་ལ་ངེས་དགོས་པ་ཞིག་ལ། དུས་བབ་དྲ་བར་ནང་འཛུལ་བྱས་རྗེས་མང་མཐར་སྐར་མ་ ༡༠ ལས་མ་བརྒལ་བར་བསམ་ཚུལ་གང་བྲིས་ཡོད་པ་དེ་༼ ཡར་འཇུག ༽ བྱ་དགོས་ལ། དེ་མིན། ཟུར་དུ་ word ནང་བྲིས་ཚར་རྗེས་གཞི་ནས་དུས་བབ་དྲ་བར་ནང་འཛུལ་བྱས་ཏེ་སྤེལ་ན། སོ་སོའི་བསམ་ཚུལ་དེ་ཏག་ཏག་འགྲོ་བ་མ་ཟད། བསམ་ཚུལ་དེའི་མ་ཡག་ཀྱང་ཉར་ཚགས་ཀྱི་དགེ་མཚན་ཆེ།

    Reply
  18. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    སངས་རྒྱས་འོད་སྲུང་དུས་ཀྱི་རྒྱལ་པོ་ཀྲི་ཀྲི་ཞེས་པ་དེའི་རྨི་ལྟས་ཚོ་དེ་འདྲས་ཐིགས་པ་ལ་ཨང་།

    Reply
  19. བདེན་གཏམ། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབས་ཀྱི་འགན་ཁུར་མཆོག་ལ།
    འདིར་གུས་ཀྱིས་མཆན་ཞིག་བྲིས་ཡོད་པས་དེའང་འདིར་ཡོད་དྲ་གྲོགས་རང་དབང་ལྷ་མོའི་མཆན་གྱི་སྔོན་དུ་བསྐུར་ཟིན་ན་འདི་གར་མཆན་གྱི་བང་རིམ་ནང་མ་བསྐོས་ཅི་ལགས།

    Reply
  20. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    ཨེ་གྲོགས་པོ་ཚེ་་་་་ཚེ་མཆོག་གླིང་གི་གནས་ཚུལ་ལ་གཟིགས་དང་་་་་་་་ལྟོས་དང་སངས་རྒྱས་བསྟན་པའི་མཐའ་ལ་ཐུགས་སོང་་ཀྱེ་མ་་་་་མཁན་པོ་ལས་་་་་སྐྱེ་དམན་ཡོད་མཁན་བདམས་ལུགས་ལ་ལྟོས་དང་་་ངོ་མ་ཡིད་སྐྱོ་ནི་ཞིག་རེད་ད་དགོན་བདག་་་བླ་མ་ཟེར་བས་་་ང་བླ་མ་རེད་ཀྱང་ང་ལ་སྐྱེ་དམན་ཡོད་་་་་་རང་དབང་རེད་ཟེར་ཧ་་ཧ་་་་་རང་དབང་དེ་སུས་སྤྲད་པ་རེད་་་་་་སངས་རྒྱས་ཀྱིས་སྤྲད་པ་རེད་དང་་་་་་་ཙོང་ཁ་པས་སྤྲད་ནི་རེད་་་་ཐམས་ཅད་ཀྱིས་རང་དབང་ཁ་ལ་ཁྱེར་ནས་སྟོན་པའི་འདུལ་ཁྲིམས་བཤིགས་སོང་ད་་་་་བླ་མའི་བཀའ་དང་འགལ་སོང་ད་་་དགེ་ལུགས་པའི་རང་ལུགས་བརླགས་སོང་ཐ་་་་་་་་་དགེ་ལུགས་སྤྱི་ཁྲིམས་དང་འགལ་སོང་ད་་་ད་དུང་ཆོས་རིགས་དྲུང་ཆེའི་ཟེར་དོན་་་་་དགོན་བདག་བླ་མས་གང་གསུང་བ་ལྟར་རེད་ཟེར་་་ཧ་ཧ་ཆོས་རིག་ལས་ཁུངས་གིས་སྡོམས་དང་དམ་ཚིག་གཙང་མ་བརྒྱབ་ཏུ་བསྐྱུར་ནས་་མི་དགོས་སྡོམ་ཉམ་ནང་ལ་བླང་སོང་ཆོས་རིག་ལས་བྱེད་ཚང་མས་རྩ་དགོངས་ཞུས་ན་ཡག་ས་རེད་བསྟན་པའི་གོད་ཆག་ལ་མི་ལྟ་བར་གང་ལ་ལྟ་་་་་ད་གང་བྱེད་་་ན་དགེ་ལུགས་པས་སྤྱི་ཁྲིམས་དང་འགལ་བས་ཆད་པ་གཅོད་དགོས་་་་་ཆོས་རིག་ལས་ཁུང་ནས་ཆད་པ་གཅོད་དགོས་་་་་བསྟན་བདག་སྒེར་བདག་ཅན་དེ་རིགས་རྩ་མེད་བཟོ་དགོས་དགོན་པ་ནི་དགེ་འདུན་པ་སྤྱི་ལ་དབང་བ་ཞིག་སྡོམ་ཉམས་ཞིག་གི་སྒེར་བདག་བྱེད་མི་རུང་་་་འདི་རིགས་ལ་ས་དགེ་བཀའ་རྙིང་བོན་བཅས་ཀྱིས་གཟིགས་སྐྱོད་གྲྭ་སྐྱབས་མེད་རྣམས་མྱུར་ཏུ་བདག་པོ་རྒྱག་དགོས་་་་་་ཁོང་རྣམས་པ་སྙིང་རྗེ་ནི་ཞིག་རེད་་་བསྟན་པ་གཙང་མིའི་ཆེད་དུ་དཀའ་ངལ་བརྒྱབ་ནས་་བཞུགས་ས་མེད་པ་དངགསོལ་ཟས་ཀྱང་མེད་པ་རེད་་མཆེད་ལྕམས་ཡོངས་ཀྱིས་གཟིགས་སྐྱོངས་གྱིས་་་་་་་་་ང་ཚོས་ནམ་ཀུན་མཁན་པོ་སོགས་བསྟན་པའི་སྲོག་འཛིན་ལ་རྣམ་ཀུན་རྒྱབ་ནོན་གནང་དགོས་ད་་་་་་་་་

    Reply
  21. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    དེ་སྔོན་འདི་དང་འབྲེལ་བའི་གནས་ཚུལ་ཐེངས་གཉིས་སྤེལ་ཡོད། གནས་ཚུལ་འདིའི་སྔ་ཕྱིའི་བྱུང་རིམ་ལ་ཞིབ་པར་གཟིགས་འདོད་ཡོད་ན་གཤམ་གྱི་དྲ་ཐག་འདིར་གཟིགས་རོགས།

    ༡ ༼ ཕྱག་མཛོད་ཀྱིས་གཞུང་རྒྱུ་སྒེར་བདག་བྱས་འདུག ༽
    https://tibettimes.net/wordpress/news.php?showfooter=1&id=4667

    ༢ ༼ ཕྱག་མཛོད་དང་གྲྭ་མང་གནས་སྐབས་རིང་འདུམ་སྒྲིག་བྱུང་ཡོད་ཟེར། ༽
    https://tibettimes.net/wordpress/news.php?showfooter=1&id=4750

    Reply
  22. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ངས་འདིའི་སྟེང་དུ་མཆན་ཞིག་བྲིས་ཡོད་མོད་བཞགས་མི་འདུག

    Reply
  23. རང་དབང་ལྷ་མོ། says:
    ལོ་ 14 སྔོན།

    སྐུ་ཤོ་དེ་ཚོ་སྙིང་རྗེ་བ་ལ།
    དགོན་བདག་ཕྱག་མཛོད་ཀྱི་རྒྱབ་ལ་ལངས་དགོས་པ་ཡིན་རུང་། ལངས་སྟངས་ཡག་པོ་མི་འདུག་ལོ།

    Reply
  24. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    རྒོལ་གཏམ་ཐོངས་་་་བླ་མ་དེ་རྡ་སར་ཡོང་རྒྱུ་ཞིག་ཡོད་དུས་ལྟོས་ཨ

    ཆོས་དོན་ལས་ཁུངས་ནང་གི་ལས་བྱེད་ཚོས་ཟླ་ཕོགས་རྐྱང་བ་ལེན་རྒྱུ་ལས་ཅི་ཡང་མ་ཤེས་པ་ཨེ་རེད་་་་་དགོན་སྡེ་ཁག་གི་སྐྱིད་སྡུག་ལ་ཁ་ཡ་མ་བྱས་ན་ཆོས་དོན་ལས་ཁུངས་ཤིག་གིས་ཅི་ཞིག་བྱེད་དགོས་པ་རེད་་་་མི་སྒེར་གྱི་ངོ་མ་ལོན་པ་རེད་དམ་་་སྒོར་གྱི་བམ་ཁ་འཐུག་དྲགས་པས་བཤད་མ་ཐུབ་པ་རེད། ཆོས་དོན་ལས་ཁུངས་ནང་གི་ལས་བྱེད་ཚོ་་་་་

    Reply
  25. བརྩོན་རྒྱམ། says:
    ལོ་ 14 སྔོན།

    སྤྱིར་དགོན་པ་ཞིག་ཡིན་དུས་དེས་འགྲིམས་ལམ་སོགས་གང་ཡིན་ཡང་དགེ་འདུན་པ་ཚོས་གནང་དགོས་པ་ལས་ཁྱིམ་ཚང་ཞིག་གི་དགོན་པའི་འཛིན་སྐྱོང་གནང་གི་ཡིན་ན་དེ་ལས་ཡོང་རྒྱུ་ཞིག་ཡོད་པ་མ་རེད།   ད་སྐབས་བཙན་བྱོལ་དུ་དགོན་པ་ཁ་ཤས་ཁྱིམ་ཚང་གི་བཟུང་ཡོད་པའི་གནང་སྟངས་ལ་ལྟས་ན་ཐབས་སྐྱོ་བོ་རེད་མ་ཟད་གྲྭ་ཕྲུག་ཆུང་ཆུང་ཚོས་མི་ཚང་གི་ནང་ལས་བྱས་ནས་བསྡད་ཡོད་བ་མཐོང་ཚེ་ངོ་མ་ཕན་ཐོགས་ཤིག་མི་འདུག་བསམ་བྱུང་།   ཆོས་དོན་ལྷན་ཁང་གི་ཐག་གཅོད་གནང་ན་མ་གཏོང་ཕན་པ་མི་འདུག་གྲྭ་ཚང་གི་འཛིན་སྐྱོང་སོགས་ཆ་ཚང་བླ་མ་དང་གྲྭ་བའི་བཟུང་ན་རན་པོ་འདུག་བསམ་བློ་གཏོང་རན་རེད།

    Reply
  26. བོད་རེ་བ་ཅན says:
    ལོ་ 14 སྔོན།

    སངས་རྒྱས་ཀྱི་བཀའ་དང་འགལ བ། འདུལ་བའི་བཅའ་ཁྲིམས་དང་འགལ་བ། དམངས་གཙོའི་བསྒྲིགས་གཞི་དང་འགལ་བ།
    འཇིག་རྟེན་མི་ཆོས་དང་འགལ་བའི་བླ་ལོག་འདིའི་བྱེད་སྟངས་འདི་ལ་ཐག་ཆོད་ཡག་པོ་ཞིག་མ་བྱས་ན་རྒྱལ་བའི་ཕོ་བྲང་དང་བོད་གཞུང་གི་ཉེ་འགྲམས་ནས་ཞབས་འདྲེན་འཛམ་གླིང་ལ་ཁྱབ་པ་ཞིག་ཞུ་ངེས་འདུག་པས་གཟབ་དགོས། མ་གཞི་ནས་འདི་རིགས་ནི་བོད་ཀྱི་སྤྲུལ་སྐུའི་ལུགས་སྲོལ་ཧ་ཅང་ཐལ་ཆེ་བའི་སྐྱོན་ཡིན། འདི་དང་འདི་འདྲ་བ་ཧ་ཅང་མང་། སྐྱབས་མགོན་རིན་པོ་ཆེས་རྟག་པར་རྨོངས་དད་མི་རུང་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་གསུངས་པ་ཡང་གནད་འདི་དག་ལ་ཐུག་ཡོད་

    Reply
  27. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཁག་ཅིག་གིས་དམངས་གཙོ་ཁ་ལ་འཁྱེར་ནས། བེད་སྤྱོད་ཕྱོགས་མཚམས་ཀུན་ཏུ་གཏོང་བཞིན་འདུག་པས་དེ་གཏོགས་ཙམ་ནོར་བ་མིན་ནམ་སྙམ། གྲིབ་ཚེ་མཆོག་གླིང་དགོན་པའི་བསྟན་པའི་བདག་པོར་དགོན་པ་དབང་བ་མེད་ན། ༧སྐྱབས་མགོན་རིན་པོ་ཆེ་ལའང་བོད་དབང་བའི་རྒྱུ་མཚན་མི་འདང་། ༧སྐྱབས་མགོན་རིན་པོ་ཆེ་ཡི་རྣམ་རྒྱལ་གྲྭ་ཚང་ལ་བཀོད་བྱུས་གནང་བའི་ཐོབ་ཐང་མེད་ན། ཚེ་མཆོག་གླིང་མཆོག་སྤྲུལ་ལའང་དགོན་པར་བཀོད་པ་གཏོང་བའི་ཐོབ་ཐང་མེད་ཀི ༧སྐྱབས་མགོན་རིན་པོ་ཆེ་ལ་གོང་གསལ་ཐོབ་ཐང་ཁག་ཡོད་ན། ཚེ་མཆོག་གླིང་མཆོག་སྤྲུལ་ལའང་དེ་བཞིན་སྤྱི་མཚུངས་ཡིན་པ་ལས་དེ་ལ་དམིགས་བཀར་དགོས་དོན་དེ་ཙམ་མེད་ཀི མཆོག་སྤྲུལ་རིན་པོ་ཆེར་བདག་མོ་ཡོད་པ་རྒྱུ་མཚན་དུ་བཀོད་ནས་བློ་བཟང་རྒྱལ་བའི་བསྟན་པར་རྨ་འབྱིན་པའི་སྐྱོན་བཙུགས་གནང་ན། བློ་བཟང་རྒྱལ་བའི་བསྟན་འཛིན་བཀའ་ཟུར་༧སྐྱབས་རྗེ་ཨ་ལགས་མཆོག་སྤྲུལ་ཡང་བོད་ནས་ཡོང་བ་དང་། རྒྱ་གར་ནས་ཡིན་པའི་བོད་རིགས་ཞི་མོ་རྣམས་བགྲོད་ཀྱང་བྱེད་བཞིན་འདུག་པས་ཁོང་ལ་ཚིག་ངན་དང་འཁང་ར་ལྟ་ཅི་ད་དུང་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞེས་མངོན་པར་གཟེངས་སུ་བསྟོད་བཞིན་འདུག་པས་ཐམས་ཅད་རང་རང་སོ་སོའི་སྒེའུ་ཁུང་ནས་ལྟས་ནས་འདུག་ན་བཟང་ཀི།

    Reply
  28. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    གསར་འགྱུར་ཀློག་བཞིན་ཀློག་བཞིན་ཁོང་ཁྲོ་མེ་ལྟར་འབབ་ཡང་གི་འདུག། སྔོན་ཚེ་མཆོག་གླིང་གི་དགོན་བདག་བླ་མ་ཟེར་དུས་བླ་མ་དེ་བསམ་ཤེས་ཚུལ་མཐུན་ཞིག་ཡིན་ཤག་བྱས་བསྡད་ཡོད། ད་རེབ་འདིར་དགོན་བདག་བླ་མའི་གནས་ཚུལ་དངོས་སུ་མཐོང་ཡོང་སྐབས་བླ་མ་ཁོ་རང་ཡང་བསྟན་དགྲའི་གཙོ་བོ་ཞིག་རེད་འདུག། ཁྲིམས་མེད་ལུགས་མེད་ཀྱིས་བླ་ལོག་དང་གྲྭ་ལོག་དེ་ཚོའི་རིགས་ཀྱི་ཐག་གཅོད་ལ་རྒྱུ་མཚན་ཤེས་པའི་གནས་ལུགས་དང་དྲང་བདེན་ཞིག་གང་ན་ཡོད། རབ་བྱུང་རྣམས་གཙོ་བོ་སྡོམ་ཁྲིམས་སྲུང་དགོས་པ་ལས་དཔལ་འབྱོར་བསགས་མཁན་མ་རེད་པ། གྲྭ་བ་ཁྱེད་རང་ཚོ་བློ་ཕམ་མི་དགོས།་ ཁྱེད་རྣམས་ལ་རྒྱབ་སྐྱོར་ཡོད། ད་སློབ་སྦྱོང་ཚད་ལྡན་སྦྱོང་ས། ནང་སྡོམ་གཙང་བསྲུང་ནས་བསྡོད་ས་གདན་ས་སེར་འབྲས་དགའ་གསུམ་གང་རང་ཞིག་ལ་ཕེབས་རོགས། ད་དུང་བོད་གཞུང་ཆོས་རིགས་ལས་ཁང་ནསངོས་འཛིན་བྱེད་ལྟང་ཡང་འགྲུགས་མི་འདུག ། ཁག་མེད་མི་ཆེན་དང་མི་ཆུང་ཐུག ཕྱུག་པོ་དང་སྤྲང་པོ་ཐུག་པས་བྱ་ཐབས་ཅི་ཡང་མེད།

    Reply
  29. རིགས་ཀྱི་བུ། says:
    ལོ་ 14 སྔོན།

    ཁོག་ན་ཆབ་སྲིད་མེད་ལ།་་་་ལག་ན་སྒོར་མོ་མེད་པའི་གྲྭ་རྐྱང་འདི་ཚོར་བདེན་པ་ཡོད་ནི་རེད།

    ཐུགས་རྗེ་གཟིགས།་་་་་དུས་ཚོད་ཡོད་མཁན་དང་ནུས་པ་འདོན་ཐུབ་མཁན་ཚོས་ང་ཚོའི་སྤྱི་ཚོགས་ནང་གི་སྦལ་བ་རྨ་ཅན་འདི་རིགས་ལ་གཤགས་བཅོས་དང་གྲྭ་རྐྱང་གོན་པ་ཧྲུལ་བོ་འདི་ཚོ་འཁྱག་གི་མ་འཇུག་རོགས།
    ངའི་རེ་བ་ཡིན།་་་་་་

    Reply
  30. མངའ་རིས་བུ། says:
    ལོ་ 14 སྔོན།

    ཨ་ཁ་ཁ། ང་ཡང་མཆན་པོ་བ་ཁྱེད་རྣམས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་༡༠༠་ཡོད།
    དགོན་བླ་དེ་ལ་ངོ་རྒོལ་༡༠༠ཡོད།
    དགོན་བདག་བླ་མ་དེ་ནི། ཁོག་སྟོད་ལ་ཡོན་ཏན་མེད། ཁོག་སྨད་ལ་སྡོམ་པ་མེད།
    ད་དུང་ང་བླ་མ་རེད། ང་ལ་སྐྱེ་དམན་ཡོད་ཟེར་ནས་ངོམ་ག་འདྲ་བྱེད། སྤྲེལ་གྱི་ངོམ་རྒྱུ་དམར་རྐུབ་དེ་ལས་མི་འདུག་ག ཤ་ཚ་གྲྭ་བ་གྲྭ་རྐྱང་དེ་ཚོར་དགོས་པའི་ཡོན་ཏན་མ་སྤྲད་པར་མཐར་སྐྱ་མིན་སེར་མིན་དུ་གྱུར་རྒྱུའི་འཆར་གཞི་བཏིངས་་བ་ནི་དེ་ལས་ཉེས་ཚབ་ཆེ་བ་གང་ན་ཡོད། གྲྭ་བ་ཁྱེད་རང་ཚོ་བློ་ཕམ་མི་དགོས། ་དགོན་པ་གནམ་ས་བཀབ་པ་ལྟ་བུའི་དགོན་གཞིས་ཡོད་ཅིང་དེ་དག་ཏུ་གྲྭ་བ་མེད་པའི་དཀའ་ངལ་ལས་བཞུགས་ས་མེད་པའི་དཀའ་ངལ་གང་ཡང་མེད། ཁྱེད་རང་ཚོ་ལ་རྐྱེན་ངན་གྲོགས་ཤར་བྱུང་བ་རེད། ད་སློབ་སྦྱོང་ཚད་ལྡན་དང། ཕྱི་རིགས་གནས་སྦྱོང་ས། ་ནང་སྡོམ་གཙང་བསྲུང་ནས་བསྡོད་ས་ཞིག་ལ་ཕེབས་རོགས། ་ཉིན་གཅིག་ཚེ་མཆོག་གླིང་གི་དགོན་བདག་ཞིག་ཏུ་གྱུར་ནས་ཆང་འཐུང་ར་བཟི་དེ་རིགས་མཐར་བསྐྲོད་གནང་རྒྱུའི་ཉི་མ་ཞིག་ཤར་ཡོང་གི་རེད།

    Reply
  31. ཚང་མ། says:
    ལོ་ 14 སྔོན།

    བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་དགག་པ་རྒྱག་མཁན་ཚང་མས་ཚེ་མཆོག་གླིང་གི་དགོན་བདག་བླ་མའི་མིང་ཅན་འདི་དང་འདི་འདྲ་བའི་བྱེད་སྟངས་ལ་ལྟོས་ནས་སྤྲུལ་སྐུ་ལམ་ལུགས་མེད་པ་བཟོ་དགོས་ཚུལ་བཤད་ཀྱི་ཡོད་པ་རེད། ཁོ་དགོན་བདག་བླ་མ་ཡིན་ནའང་དགོན་པ་ཁོ་ལ་དབང་བ་རེད་དམ་གྲྭ་དམངས་ལ་དབང་བ་རེད། གལ་སྲིད་དགོན་པ་ཁོ་ལ་དབང་བ་ཡིན་ན་ང་ཚོས་བོད་ཀྱི་བདག་པོ་བོད་མི་མང་ཡིན་ཞེས་མ་ཎི་འདོན་འདོན་གནང་བ་ཡང་ཆུའི་ཝུ་བ་རེད།

    Reply
  32. ཚང་མ། says:
    ལོ་ 14 སྔོན།

    བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་དགག་པ་རྒྱག་མཁན་ཚང་མས་ཚེ་མཆོག་གླིང་གི་དགོན་བདག་བླ་མའི་མིང་ཅན་འདི་དང་འདི་འདྲ་བའི་བྱེད་སྟངས་ལ་ལྟོས་ནས་སྤྲུལ་སྐུ་ལམ་ལུགས་མེད་པ་བཟོ་དགོས་ཚུལ་བཤད་ཀྱི་ཡོད་པ་རེད། ཁོ་དགོན་བདག་བླ་མ་ཡིན་ནའང་དགོན་པ་ཁོ་ལ་དབང་བ་རེད་དམ་གྲྭ་དམངས་ལ་དབང་བ་རེད། གལ་སྲིད་དགོན་པ་ཁོ་ལ་དབང་བ་ཡིན་ན་ང་ཚོས་བོད་ཀྱི་བདག་པོ་བོད་མི་མང་ཡིན་ཞེས་མ་ཎི་འདོན་འདོན་གནང་བ་ཡང་ཆུའི་ཝུ་བ་རེད། ཆོས་སྲིད་གང་ཅིའི་ཐད་ནས་ཁོས་གྲྭ་དམངས་ཕུད་རྒྱུའི་དབང་ཆ་ཏིལ་འབྲུ་ཙམ་ཡང་ཡོད་པ་མ་རེད། ཚེ་མཆོག་གླིང་ལ་གྲྭ་བ་བཞི་བཅུ་མ་ཟིན་ཙམ་ཡོད་ཚོད་སྐད། དེ་ནང་ནས་སུམ་ཅུ་ཕྱིར་ཕུད་ན་ལྷག་མ་ག་ཚོད་ཡོད་པ་རེད། སུམ་ཅུ་ཕམ་ན་ད་ལྟ་བར་མང་གཙོ་མང་གཙོ་བཤད་བཤད་ནས་ད་ག་བ་ཡོད་པ་རེད། ཆོས་རིག་ལས་ཁུངས་དང་བོད་གཞུང་དམངས་གཉི་གའི་དེ་ལ་རྒྱབ་སྐྱོར་དང་བདག་པོ་མ་བརྒྱབ་ན་མང་གཙོ་ཟེར་བ་གང་རེད། ལེ་བྷེའི་སྲིད་འཛིན་གྷ་རྡ་ཧྥའི་དང་། ས་བདག་ཧོན་སིན། བྷིན་ལ་དིན། ཚེ་མཆོག་གླིང་གི་དགོན་བདག་བླ་མ་རྣམས་ཀྱིས་སྒེར་བདག་ཅན་གྱི་བསམ་བློ་འཁྱེར་ཕྱོགས་དང་། མི་དམངས་ལ་བཙན་པོ་དབང་ཡོད་བཏང་བ་རྒྱ་ཆེ་ཆུང་མ་གཏོགས་གཅིག་པ་གཅིག་རྐྱང་རེད། གྷ་རྡ་ཧྥའི་ཡང་ལེ་བྷེའི་བདག་པོ་ང་ཡིན་ཟེར་ནས་མ་འགྲིག་པ་རེད། དེ་དང་འདྲ་བ་ཚེ་མཆོག་གླིང་གི་དགོན་བདག་བླ་མས་ཀྱང་ཚེ་མཆོག་གླིང་དགོན་པ་ང་རང་གི་ཡིན་ཟེར་ནས་གྲྭ་དམངས་ཕྱིར་ཕུད་བཏང་བ་རེད། ལྟོས་དང་དེ་གཉིས་ལ་ཁྱད་པར་གང་འདུག། ད་དུང་དགོན་པ་ནང་བུད་མེད་ཉར་ཆོག་ཚུལ་དང་། སྐྱེ་དམན་ལེན་ཆོག་ཚུལ་བཅས་གནས་ལུགས་གང་ལ་ཡང་མ་བསམ་པར་གང་དྲན་བཤད་པ་ནི། ད་ལྟ་བར་གྲྭ་བ་གཉོམ་ཆུང་མང་བོ་བསྡུས། དེ་དག་མིང་ཐོག་ནས་རོགས་རམ་དང་སྦྱིན་བདག་བཙལ་བཙལ་ནས་ད་གཟོད་དཀོར་ཟས་དཀོར་ཆུས་ཚིག་པའི་རྟགས་གསལ་བོ་རེད། ལམ་རིམ་ལས། ལྕགས་གོང་མེ་ལྕེ་འབར་བ་དག། ཟོས་བར་གྱུར་བ་མཆོག་ཡིན་གྱི།།ཚུལ་འཆལ་ཡང་དག་མི་སྡོམ་པས།།ཡུལ་འཁོར་བསོད་སྙོམས་ཟ་བ་མིན།། ཞེས་སོགས་གསུངས་བའང་དེ་འདྲ་ལ་གསུངས་བ་རེད། མ་གཞི་ནས་ཁོ་བ་ཚོས་མི་སྐྱ་ཁ་ཤས་ཤིག་གིས་ཡིག་གེ་ཞིག་བཟོས་ནས་ད་ཁྱེད་རང་ཚོ་འགྲོ་དགོས་མི་འགྲོ་ན་རྒྱ་གར་པི་ལི་སི་ལ་གཏུགས་གི་ཡིན་ཟེར་བ་མཉམ་དུ་ལགས་སོ་ཟེར་ནས་ཕྱིར་བཏོན་པ་དེ་ཁྱེད་ཚོ་ཡང་མ་འགྲིག་པ་རེད། ཚོགས་པ་གང་ཞིག་གི་ནང་ཁྲིམས་མཐུན་གྱིས་འཛུལ་ཚར་ནས་འགོ་དགོན་བདག་ནས་བཟུང་སྟེ་འོག་གསར་ཞུགས་པར་ཐོབ་ཐང་འདྲ་མཉམ་ཡིན་པ་ཧ་གོ་བ་བྱེད་ནས་ཐོབ་ཐང་རྩོད་དགོས་རེད་མ་གཏོགས་ཕྱིར་ཕུད་གཏོང་ཆོག་ཆོག་ཡོད་པ་རེད། ཟིན་བྲིས་ནང་ཡི་གེ་མང་དྲགས་པར་བསམ་ནས་བཞག་པ་ཡིན།

    Reply
  33. མི་ཆུང་། says:
    ལོ་ 14 སྔོན།

    :ཉེ་ཆར་དགོན་པའི་བླ་མ་མཆོག་འདིར་ཕེབས་ཏེ་གནས་ཚུལ་ཐག་གཅོད་བྱུང་བའི་སྐོར་སྙན་སེང་ཞུས་སོང་། དེར་བརྟེན། ང་ཚོའི་ངོས་ནས་དགོན་བདག་བླ་མ་རང་གིས་ཐག་གཅོད་གང་གནང་བ་དང་། ཁོང་གིས་ང་ཚོར་སྙན་གསེང་གང་ཞུས་པ་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད།:
    གོང་གི་སྐད་ཆ་རྣམས་བོད་གཞུང་ཆོས་རིག་དྲུང་ཆེའི་རེད། ཐག་ཆོད་དམ་ངོས་འཛིན་འདིའི་ནང་དགོན་པ་ཞིག་གི་རྒྱན་དུ་གྱུར་བའི་གྲ་མང་ཚོའི་བསམ་ཚུལ་ཅིང་ཡང་མེད་ལ། དོན་དངོས་ཀྱི་གནས་ཚུལ་མང་པོར་རྡོག་རོལ་བཏང་བ་ཞིག་རེད། ཆོས་རིག་ལས་ཁུང་གི་གནས་སྟངས་དེ་རྕ་བ་ནས་འགྲིགས་མེད།
    འོན་ཀྱང་ཞལ་དང་ཁ་ཐུག མི་ཆེན་དང་མི་ཆུང་ཐུག ཕྱུག་པོ་དང་སྤྲང་པོ་ཐུག་པས་བྱ་ཐབས་ཅི་ཡང་མེད།

    Reply
  34. སོག་ནག་ཚང་། says:
    ལོ་ 14 སྔོན།

    བན་དེ་སྐྱ་མིན་སེར་མིན།། སངས་རྒྱས་བསྟན་པའི་དགྲ་བོ།། སྤྲིན་པ་ཁ་སེར་གཏིང་ནག། སད་དང་སེར་བའི་གཞི་མ།། རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་འདིས་གཟས་སའི་འབེན་ཡང་འདི་དང་འདི་འདྲ་ལ་གོ་བ་ཡིན་པ་འདྲ།

    Reply
  35. ཁྱུང་དཀར says:
    ལོ་ 14 སྔོན།

    དེ་རིང་གི་གནས་ཚུལ་འདིའི་བྱས་སྟངས་ལས་སྟངས་ལ་བལྟས་ན་བླ་མ་འདི་བའི་དམར་གཞུང་གི་དཔོན་ངན་ཚོའི་སྐྱེས་པ་ལངས་འདུག་ག འདི་ལྟ་བུའི་བླ་མ་ཚོ་ཡོད་པ་ལས་མེད་ན་དགའ།

    Reply
  36. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    འདི་འདྲའི་དོན་ཐག་ཅིག་དེ་སྔོན་ནས་གླེང་སློང་བྱེད་ཀྱི་འདུག་པ་ཐོས་སོང་་་་ཡིན་ནའང་དགོན་བདག་གིས་ཡག་པོ་བདག་མ་བརྒྱབ་པར་ཕྱག་མཛོད་ཀྱི་ལག་ཏུ་བཞག་པ་དེས་འདི་འདྲ་བྱུང་བ་རེད་་་ཕྱག་མཛོད་དེས་རྟག་པར་རླངས་འཁོར་ཞིག་བསྐོར་ནས་མེག་ལོའི་བུ་མོ་མཛེས་མ་ཚོ་ཇ་མགྲོན་ཆང་མགྲོན་བྱས་ནས་རང་ཉིད་སྐྱིད་པོ་ཡོང་ཐབས་ཤིག་དང་གཞན་ལ་འབྲེལ་བ་རེ་བྱས་ནས་རང་ཉིད་ལ་འཇོན་ཐང་ཡོད་མདོག་ཅིག་སྟོན་པ་ལས་ཅི་ཡང་མེད་པ་སྔོན་ནས་ཤེས་ཀྱི་ཡོད།
    དེ་སྔོན་དྲ་གྲོགས་བཀྲ་ཤིས་སྒྲོལ་མས་ཟིན་བྲིས་སྤེལ་ཏེ་རྡ་སའི་གླིང་གསུམ་ཁྲམ་པ་ཞེས་པའི་ནང་དུའང་ཚེ་མཆོག་གླིང་གི་སྐོར་གསལ་བོ་ཞིག་གསུང་འདུག་་་་
    འདིའི་སྐོར་ལ་བོད་གཞུང་གིས་ཀྱང་མ་མཐོང་བའི་ཁུལ་མ་བྱས་པར་ཐག་གཅོད་ཡག་པོ་ཞིག་བྱ་དགོས་པ་རེད་་་་དེ་མིན་འདི་ཚོས་ནམ་ཡིན་ཡང་ཕྱི་རྒྱལ་ཚོར་སློང་མོ་བརྒྱབས་ནས་ཁེ་བཟང་ཞིག་འཚོལ་གྱི་ཡོད་པ་བཤད་ཅི་ལ་དགོས་་་་་དེ་མིན་ད་དུང་བཀྲ་ཤིས་ཆོས་གླིང་དང་སྙིང་སྟོབས་གླིང་འཆི་མེད་དགའ་ཚལ་གླིང་་་་་གཞན་སྒེར་བདག་གྲྭ་ཚང་འགའ་ཡང་མངོན་གྱི་འདུག་པས་འདི་དག་ནམ་གུ་ཡངས་སུ་འཇོག་མི་རུང་བ་ཞིག་ཡིན།

    Reply
  37. མང་ཐོས། says:
    ལོ་ 14 སྔོན།

    ཚེ་མཆོག་གླིང་ནས་རྩ་དགོངས་ཞུས་ཏེ་ཐོན་པའི་གྲྭ་བ་༢༩་བོ་འདི་རྣམས་ཆོས་ཁྲིམས་ལ་བརྩི་བཀུར་བྱེད་པའི་གྲྭ་བ་ངོ་མ་རྐྱང་རྐྱང་ཡིན་ཁོ་ཐག་རེད། དགོན་བདག་གི་རྗེས་འཇུག་དག་སྐྱེས་དམན་ཡོད་པའི་གྲྭ་བ་ཡིན་རྒྱུ་རེད། ངོ་མ་སྐྱིད་པོ་རེད།

    Reply
  38. ཀུན་དགའ། says:
    ལོ་ 14 སྔོན།

    ཕྱག་མཛོད་དང་དགོན་བདག་གཉིས་ཀྱིས་ཕན་ཚུན་དམིགས་བསལ་གཏོང་ལུགས་ལ་བལྟས་ན་དགོན་བདག་དེར་ཡང་སྒང་ཐོག་ན་གམིགས་བསལ་དགོས་པའི་གསང་བ་ཞིག་ཡོད་མདོག་འདུག གང་ལྟར་དྲང་བདེན་ལས་ཅི་ཡང་མེད་པའི་གྲྭ་རྐྱང་དེ་ཚོར་སྐྱབས་དང་མགོན་ཞིག་ཡོད་ན་་་་
    བཙན་བྱོལ་སྒྲིག་འཛུགས་དང་ཆོས་དོན་ལས་ཁུངས་ལ་ཡང་སྤྱན་ཡོད་ན་དྲང་བདེན་གཉོམ་ཆུང་ཚོར་གཟིགས་རན་འདུག ཕྱོགས་གཞན་ནས་བསམ་ན་བླ་རྫུན་དང་ཕྱག་རྐུན་གཉི་ཀས་གང་ས་གང་ལ་ས་འོག་དར་འབྲེལ་བྱས་མེད་འགྲོ།

    Reply
  39. རྨ་ཆུའི་སྐལ་བཟང་། says:
    ལོ་ 14 སྔོན།

    ཧ་ཅིང་ཁྲིམས་མེད་ལུགས་མེད་ཀྱིས་བླ་ལོག་དང་གྲྭ་ལོག་དེ་ཚོ་སངས་རྒྱས་བསྟན་པའི་ནང་གི་གཤེད་མ་ངོས་རེད་ད་གཟིགས་དང་དེ་ཚོས་བྱེད་སྟེང་ལ།
    ཧ་ཅིང་བློ་ཕམ་ཡོད་ད་དུང་བོད་གཞུང་ཆོས་རིགས་ལས་ཁོང་ན་ཞིག་ག་རེད་བྱེད་གི་ཡོད་རེད་ག་དུས་ཡིན་ཀྱང་མི་མང་གི་རེ་བའི་གནད་འགག་དང་དཀའ་ངལ་ལ་དངོས་སུ་འཕྲད་དུས་སྐད་ཆའི་ནང་དུ་མགོ་བདེའི་༼ཡང་སྒྲ༽
    རྐྱང་སྦྱར་ནས་འགྲོ་གིས་རེད།ད་རུང་བླ་ལོག་དེ་དང་གྲྭ་ལོག་དེ་ཚོས་རང་གི་མྱོས་ཆུ་བཏུང་ནས་གྲྭ་མང་མྱོས་འདུག་ཞེས་རྫུན་གཏམ་དང་བཙན་དབང་བྱས་ཀྱང་ད་དུང་གཞུང་གིས་དེ་ལ་དངོས་ལེན་ན་ཅིག་ཡོད་ག་རེ་རེད་གྲོགས་པོ་ཚོ་གསུངས་ད།།

    Reply
  40. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    ད་ལྟོས་དང་སང་སརྒྱས་བསྟན་པའི་མཐའ་ཐུགས་སོང་་ཀྱེ་མ་་་་་མཁན་པོ་ལས་སྐྱེ་དམན་ཡོད་མཁན་དགོན་པས་བདམས་ལུགས་ལ་ལྟོས་དང་་་ངོ་མ་ཡིད་སྐྱོ་ནི་ཞིག་རེད་ད་དགོན་བདག་་་བླ་མ་ཟེར་བས་་་ང་བླ་མ་རེད་ཀྱང་ང་ལ་སྐྱེ་དམན་ཡོད་་་་་་རང་དབང་རེད་ཟེར་ཧ་་ཧ་་་་་རང་དབང་དེ་སུས་སྤྲད་པ་རེད་་་་་་སངས་རྒྱས་ཀྱིས་སྤྲད་པ་རེད་དང་་་་་་་ཙོང་ཁ་པས་སྤྲད་ནི་རེད་་་་ཐམས་ཅད་ཀྱིས་རང་དབང་ཁ་ལ་ཁྱེར་ནས་སྟོན་པའི་འདུལ་ཁྲིམས་བཤིགས་སོང་ད་་་་་བླ་མའི་བཀའ་དང་འགལ་སོང་ད་་་དགེ་ལུགས་པའི་རང་ལུགས་བརླགས་སོང་ཐ་་་་་་་་་དགེ་ལུགས་སྤྱི་ཁྲིམས་དང་འགལ་སོང་ད་་་ད་དུང་ཆོས་རིགས་དྲུང་ཆེའི་ཟེར་དོན་་་་་དགོན་བདག་བླ་མས་གང་གསུང་བ་ལྟར་རེད་ཟེར་་་ཧ་ཧ་ཆོས་རིག་ལས་ཁུངས་གིས་སྡོམས་དང་དམ་ཚིག་གཙང་མ་བརྒྱབ་ཏུ་བསྐྱུར་ནས་་མི་དགོས་སྡོམ་ཉམ་ནང་ལ་བླང་སོང་་་་་ད་གང་བྱེད་ཚར་སོང་ད་་་་་་་་ང་ཚོས་ནམ་ཀུན་མཁན་པོ་སོགས་བསྟན་པའི་སྲོག་འཛིན་ལ་རྣམ་ཀུན་རྒྱབ་ནོན་གནང་དགོས་ད་་་་་་་་་

    Reply
  41. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    གྲྭ་པ་ད་དུང་༤༨་ཡོད་དམ། ༤༨ཡོད་པ་ནས་༢༩ དགོངས་པ་ཞུས་ནས་དགེ་འདུན་པ་༡༩ ལས་ལྷག་མེད་པ་ཡིན་ནམ། དགོས་པའི་བསླབ་པ་སློབ་གཉེར་ལ་མ་གཞོལ་བར་མི་དགོས་པའི་གྱོད་ཁ་མཆུ་བོགས་མ་བླངས་ནས་གང་ཡོང་། དགྲ་དགའ་གཉེན་སྡུག་གི་ལས་རང་རེད།

    Reply
  42. ཅང་མེད། says:
    ལོ་ 14 སྔོན།

    ཀློག་ན་མི་འདོད་པའི་གསར་འགྱུར། ཚེས་མཚོག་གླིང་དགོན་པའི་བཅའ་ཁྲིམས་ཡང་མི་སྒེར་གྱིས་བཟོས་འདུག བླ་མའི་སྐྱེས་དམན་ཉར་ཆོག་པའི་ཐུན་མོང་མ་ཡིན་པས་བཅས་ཁྲིམས་ཚེ་མཆོག་གླིང་ན་འདུག སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས།
    སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །
    དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་བ་ན། །
    དེ་ཉིད་མ་རྟོགས་རང་དགར་སྨྲ་མ་ཡི། །
    ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །
    ཞེས་གསུངས་པ་ཡང་དྲན་པར་མཛོད་ཅིག
    དྲང་བདེན་དང་དམ་སྡོམ་གཙང་མའི་གྲྭ་བཙུན་དག་་་་་འཇུག་མཐའི་རྒྱལ་ཁ་ཁྱེད་ལ་ཐོབ།

    ཨེ་་་་ཤུ་རེ་གོ་་་་ང་དང་ང་ལྟ་བུའི་གཉོམ་ཆུང་་་་་་ད་ལྟ་ཡང་འདུག

    Reply
  43. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    གྲྭ་བ་དེ་ཚོ་སུ་ཞིག་གི་བདག་པོ་རྒྱག་རྒྱུ་རེད་་་་་ཆོས་རིགས་ཡོད་ས་མ་རེད་་་་་་གདན་ས་སེར་འབྲས་དགའ་གསུམ་ནས་གང་མྱུར་བདག་པོ་རྒྱག་རོགས་ཞུ་་་

    Reply
  44. གཡུ.དུག་སྦྲང་། says:
    ལོ་ 14 སྔོན།

    རྒྱལ་བའི་ཐུགས་རྗེ་འོད་ཟེར་གླིང་བཞི་ཀུན་ལ་ཁྱབ་མོད་ཀྱང ། ཕོ་བྲང་འཁྲིས་ཀྱི་ཁ་བྱང་ཕྱོགས་སུ་འཁོར་བས་འོབ་དོང་འདིའི་ནང་ན་ད་དུང་འཇིགས་སུ་རུང་བའི་སྡིག་པ་རྭ་ཛ་ཆེ་ཆུང་གཉིས་ལྷག་འདུག། དགོན་པ་འདིའི་བླ་མ་དང་ཕྱག་མཛོད་གཉིས་བོད་པ་རེད་དམ་། རྡ་སའི་མེད་པ་བཞིའི་ནང་དུ་ཚེ་མཆོག་གླིང་ལ་ཡོན་ཏན་མེད་ཟེར་བའང་རྒྱུ་རྐྱེན་འདི་འདྲ་ཞིག་ཡིན་རྒྱུ་རེད །

    Reply
  45. གཅེན་པོ། says:
    ལོ་ 14 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ ད་འདུག ༼ ཕྱག་མཛོད་ལགས་ཀྱིས་དགོན་པའི་ནང་ཆང་བཏུང་ཡོད་མེད་དེ་ང་རང་སྒང་ཐོག་ཏུ་བསྡད་ཡོད་པས་ངས་ཤེས་ཀྱི་མེད། སྐྱེས་དམན་ཉར་མིན་དེ་སོ་སོ་རང་གི་འདོད་པ་རེད། ངས་ཁོང་ལ་ཆང་ས་རྒྱག་ཆོག་གི་མ་རེད། སྐྱེས་དམན་ཉར་ཆོག་གི་མ་རེད། ཅེས་བཤད་རྒྱུའི་དབང་ཆ་ཡོད་པ་མ་རེད། སྐྱེས་དམན་འཁྲིད་མིན་དེ་ཁོང་སྒེར་གྱི་གནད་དོན་རེད་མ་གཏོགས་དགོན་པ་དང་འབྲེལ་བ་ཡོད་པ་མ་རེད། དགོན་པ་གཞན་པར་མཚོན་ནའང་། ཕྱག་མཛོད་སྐྱེས་དམན་ཉར་མཁན་དེ་འདྲ་ཡོད་པ་རེད། ང་རང་ལ་མཚོན་ནའང་། ང་བླ་མ་རེད་ལ་སྐྱེས་དམན་ཡང་ཡོད། དེ་ང་རང་སྒེར་གྱི་གནད་དོན་རེད། མི་སྒེར་གྱི་གནད་དོན་ལ་སུ་གང་གིས་ཐེ་གཏོགས་བྱ་རྒྱུའི་དབང་ཆ་ཡོད་པ་མ་རེད། ༽ དེ་འདྲ་ཞིག་གསུངས་པ་ནི་དངོས་གནས་བླ་མ་ཞིག་གིས་རང་ཉིད་ཀྱི་སྐྱོན་འགེབས་ཀྱི་བཀའ་མོལ་ཞིག་རེད། ད་དུང་༼ད་ལྟའི་བར་ཚེ་མཆོག་གླིང་དགོན་པའི་ནང་དཀའ་ལས་བརྒྱབ་སྟེ་དགོན་པ་ཡག་ཐག་ཆོད་ཆགས་སུ་འཇུག་མཁན་ཕྱག་མཛོད་བཀྲ་ཤིས་རྒྱལ་མཚན་དང་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཁོང་ཚོ་མི་ཁག་ཅིག་ཡོད། གལ་སྲིད། གྲྭ་མང་གི་ངོས་ནས་ང་ལ་མཁན་པོ་དང་ཕྱག་མཛོད་གཉིས་ཀྱི་སུ་བདམས་དགོས་ཞེས་བཤད་པ་ཡིན་ན། ངས་ཕྱག་མཛོད་འདེམས་རྒྱུ་ཡིན། གང་ཡིན་ཞེ་ན། མཁན་པོ་ལ་མཚོན་ན་ལོ་གཉིས་གསུམ་ལས་ཕྱིན་མེད་ལ། གྲྭ་བ་ཁ་ཤས་ལོ་ ༨ ལྷག་ལས་ཕྱིན་མེད། ལོ་མང་པོ་དགོན་པར་དཀའ་ལས་རྒྱག་མཁན་དགོན་པ་ནས་ཕྱིར་འཕུད་བྱ་དགོས་པ་དེ་ཡག་པོ་མ་རེད། ༽ རབ་བྱུང་རྣམས་གཙོ་བོ་སྡོམ་ཁྲིམས་སྲུང་དགོས་པ་ལས་དཔལ་འབྱོར་བསགས་མཁན་མ་རེད་པ། ད་ཡིན་ན་བཤད་མི་ཤེས་པའི་ཆོས་ཉིད་རང་རེད། དེ་འདྲ་གང་ཡོང་།

    Reply
  46. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ད་བཙན་བྱོལ་གྱི་འཁོར་ཡུག་འདི་ན་ཉམ་ཆུང་ལ་ནམ་ཡང་རྒྱལ་ཁ་མེད། 

    Reply
  47. འོས་ལངས། says:
    ལོ་ 14 སྔོན།

    ཚེ་མཆོག་གླིང་གི་དགོན་བདག་བླ་མ་ཟེར་དུས་བླ་མ་དེ་བསམ་ཤེས་ཚུལ་མཐུན་ཞིག་ཡིན་ཤག་བྱས་བསྡད་ཡོད། ད་རེབ་འདིར་དགོན་བདག་བླ་མའི་གནས་ཚུལ་དངོས་སུ་མཐོང་ཡོང་སྐབས་བླ་མ་ཁོ་རང་ཡང་བསྟན་དགྲའི་གཙོ་བོ་ཞིག་རེད་འདུག་ག དངོས་འབྲེལ་དགོན་བདག་བླ་རྫུན་དེ་ཡང་རྐུན་རྒྱབ་ཇག་ལངས་ལ་སོང་འདུག བླ་ངན་མི་ངན་དེ་འདྲའི་རིགས་ཀྱི་ཐག་གཅོད་ལ་རྒྱུ་མཚན་ཤེས་པའི་གནས་ལུགས་དང་དྲང་བདེན་ཞིག་ཡོང་རེ་མེད་པ་རེད། ལུག་ཁྱུའི་ནང་གི་སྤྱང་ཀིའི་ངང་ཚུལ་ཇི་བཞིན་རེད།

    Reply
  48. རྒྱང་མིག་པ says:
    ལོ་ 14 སྔོན།

    དགོན་བདག་བླ་མ་གུ་ཡངས་པོ་འདུག་་་་་ཨ་རོགས་གྲྭ་རྒོད་ཚོ་སྡོམ་པ་ཤོར་སོང་ན་ཚེ་མཆོག་གླིང་ལ་ཕེབས་དང་། གྲྭ་ཚང་འདུལ་ཁྲིམས་མི་དགོས་ས་ཞིག་རེད།

    Reply
  49. བཀྲ་ཤིས། says:
    ལོ་ 14 སྔོན།

    ཚེ་མཆོག་གླིང་གི་དགོན་པ་དེ་ག་རེད། དགེ་ལུགས་པའི་དགོན་པ་ཞིག་ཡིན་ས་རེད་པས། བླ་མས་སྐྱེ་དམན་ཉར་ཆོག་བའི་དགེ་ལུགས་དགོན་པ་དེ་འདྲ་ཡོད་པ་ལས་མེད་ན་སྤུས་གཙང་གི་རེད། དགོན་ངན་དེ་ཚོ་མེད་པ་བཟོ་དགོས་པ་རེད། ༼ ། ང་རང་ལ་མཚོན་ནའང་། ང་བླ་མ་རེད་ལ་སྐྱེས་དམན་ཡང་ཡོད། དེ་ང་རང་སྒེར་གྱི་གནད་དོན་རེད། མི་སྒེར་གྱི་གནད་དོན་ལ་སུ་གང་གིས་ཐེ་གཏོགས་བྱ་རྒྱུའི་དབང་ཆ་ཡོད་པ་མ་རེད།
    ༽་ལབ་ན་ག་རེ་རེད། དེ་འདྲ་སུའི་ལུགས་རེད། སངས་རྒྱས་ཀྱི་ལུགས་རེད་དམ། རྗེ་རིན་པོ་ཆེའི་ལུགས་རེད། རྗེ་ཙོང་པའི་ཞབས་འདྲེན། བླ་རྫུན་དེ་འདྲ་སུ་རེད། ད་རུང་རི་ངོ་དགེ་ལུགས་པ་ཡིན་མདོག་མདོག
    ཡང་ནེ་པ་ལའེ་པུའུ་ཁ་ཤས་བསྡུ་ཡོང་གི་རེད། བླ་རྫུན། དགེ་ལུགས་པའི་ཞབས་འདྲེན་དེ་ཚོ་མེད་ན་དགའ་ཡ།

    སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས།
    སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །
    དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་བ་ན། །
    དེ་ཉིད་མ་རྟོགས་རང་དགར་སྨྲ་མ་ཡི། །
    ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །
    ཞེས་གསུངས་པ་ཡང་དྲན་པར་མཛོད་ཅིག

    སངས་རྒྱས་བརྒྱུད་པ་དང་བཅས་པ་ལ་དབང་ཆ་མེད་ཟེར་བ་རེད་དམ། ཚེ་མཆོག་གླིང་གི་བླ་མས་སྐྱེ་དམན་ཉར་ཆོག་དང་མི་དབང་ཆ་དེ་སུ་གཅིག་ལ་ཡོད་པར་ཐལ། སངས་རྒྱས་ལ་ཡོད་པའི་ཕྱིར།

    Reply
  50. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    རྐུན་རྒྱབ་ཇག་ལངས་ཀྱི་གནས་ཚུལ་འདིའི་རིགས་ང་ཚོའི་སྤྱི་ཚོགས་ནང་ལོ་ལྟར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག དགོན་པའི་ནང་སྐྱེས་དམན་ཉར་མིན་དེ་མི་སྒེར་གྱི་གནད་དོན་ཞིག་ཡིན་ན་དགོན་པའི་ཁྲིམས་སྲུང་མིན་ཡང་མི་སྒེར་གྱི་གནད་དོན་ཅི་ལ་མ་ཡིན་ནམ། ཉམ་ཆུང་གྲ་རྐྱང་འདི་དག་གནམ་གྱིས་སྲུང་།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese