མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྡོ་རྗེ་གླིང་དུ་ས་ཡོམ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟ་རིང་རྒྱ་གར་བྱང་ཤར་
འབྲས་ལྗོངས་རྡོ་རྗེ་གླིང་ས་ཁུལ་དུ་ས་ཡོམ་ཆེན་པོ་ཞིག་བརྒྱབ་ཡོད་འདུག འབྲས་ལྗོངས་ཁུལ་རྡོ་རྗེ་གླིང་༼ སྤོག་རེ་སྦོང་བོད་གཞུང་སམ་བྷོ་ཊ་གཏན་སློབ ༽ཀྱི་དགེ་རྒན་རྡོ་རྗེ་རིན་ཆེན་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། ད་ལྟ་རིང་ས་ཁུལ་དེར་ས་ཡོམ་ཤུགས་ཚད་ཅུང་ཆེན་པོ་ཞིག་བརྒྱབ་ཡོད་འདུག་ལ། ས་ཡོམ་ཤུགས་ཚད་ཀྱིས་སློབ་གྲྭའི་ཁང་བརྩེགས་སྟེང་གི་བྱ་གཡབ་དང་སོ་ཕག་མང་པོ་སར་ལྷུང་ཡོད་པ་མ་ཟད། དགེ་ལས་དག་གི་ཁྱིམ་གྱི་མཆོད་གཤམ་སྟེང་གི་དངོས་རྫས་དང་གློག་བརྙན་སོགས་མར་ལྷུང་ཡོད་འདུག་ལ། གློག་ཆད་ཅིང་སྒོ་དང་སྒེའུ་ཁུང་སོགས་ནས་ཆོམ་སྒྲ་ཆེན་པོ་གྲགས་ཡོད་སྟབས། དེ་མ་ཐག་ཁྱིམ་མི་ཚང་མ་ཕྱིར་བུད་དེ་གནས་སྐབས་རིང་ཉེན་གཡོལ་ལྟ་བུ་བྱས་ཡོད་འདུག

སློབ་གྲྭ་དེ་ནས་རྡོ་རྗེ་གླིང་བར་སྤྱི་ལེ་ ༣༦ ཙམ་ཡོད་པ་དང་། སློབ་གྲྭའི་དགེ་ལས་རྡོ་རྗེ་གླིང་དུ་ནང་མི་གཉེན་འབྲེལ་ཡོད་མཁན་ཚོས་ཁ་པར་བཏང་སྟེ་སོ་སོའི་ནང་མི་ཚོར་འབྲེལ་བ་ཞུས་སྐབས། གློག་དང་བརྒྱུད་ལམ་ཁག་ཀྱང་ཆད་ཡོད་སྟབས་ད་སྔ་འགྲེལ་བ་གནང་མ་ཐུབ་པས་སེམས་འཁྲུལ་ཆེན་པོ་བྱེད་བཞིན་ཡོད་འདུག

ད་སྔ་མི་རྒྱུ་ལ་གོད་ཆག་བྱུང་ཡོད་མེད་དང་། ས་ཡོམ་གྱི་ཤུགས་ཚད། ས་ཁུལ་གང་དག་ལ་བརྒྱབ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ་མ་སོང་།

 

སྤོག་རེ་སྦོང་བོད་གཞུང་སམ་བྷོ་ཊ་གཏན་སློབ་ཡོད་ཁུལ་དུ་ས་ཡོམ་བྱུང་།

 

སྤོག་རེ་སྦོང་བོད་གཞུང་སམ་བྷོ་ཊ་གཏན་སློབ་ཡོད་ཁུལ་དུ་ས་ཡོམ་བྱུང་།

 གནས་ཚུལ་དང་པར་མཁོ་གཏོང་བ། རྡོ་རྗེ་རིན་ཆེན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 26

  1. སྨྱུག་མདའ། says:
    ལོ་ 12 སྔོན།

    སྟོང་ལོ་བཅུ་གཉིས་ཀྱི་སྒྱུ་འཕྲུལ་དངོས་གནས་སུ་འགྱུར་ཉེན་འདིར།
    འབྱུང་བ་ཀི་ང་ཚོ་འཇོམས་ཀྱི་རེད་༧གོང་ས་རྒྱལ་བ་མཁྱེན་མཁྱེན།

    Reply
  2. སྨྱུག་མདའ། says:
    ལོ་ 12 སྔོན།

    གཉིས་སྟོང་བཅུ་གཉིས་ཀྱི་སྒྱུ་འཕྲུལ་དངོས་སུ་འགྱུར་ཉེན་འདིར།།
    འབྱུང་བ་ཀི་ང་ཚོ་འཇོམ་གྱི་རེད་༧གོང་ས་རྒྱལ་བ་མཁྱེན་མཁྱེན།།

    Reply
  3. གངས་ཅན། says:
    ལོ་ 12 སྔོན།

    BBC རྒྱ་ཡིག་དྲ་གནས་སུ་རྒྱ་ནག་གིས་སྤེལ་བའི་གནས་ཚུལ་བཀོད་པར་གཞིགས་ན། ཁ་སང་གི་ས་ཡོམ་དེ་ཡིས་རྐྱེན་པའི་བོད་ཀྱི་གྲོ་མོ་ས་ཁུལ་དུ་མི་༧ སྲོག་སྐྱོན་དང། མི་༢༢ རྨས་སྐྱོན་ཕོག་པ་དང། གྲོ་མོ་ཡི་གློག་གི་སྐུད་ལམ་ཆད་པ་དང། ཁང་པ་རྡིབ་སྐྱོན་གྱི་གྱོན་གུན་ཕོག་ཡོད་པ་བཀོད་འདུག ད་དུང་རྒྱ་གར་དང་བལ་ཡུལ་མི་གྲོངས་པའི་གྲངས་ཚད་འཕར་ཏེ་མི་༢༩ སྲོག་སྐྱོན་བྱུང་ཡོད་པ་བཀོད་འདུག

    Reply
  4. སྣ་ཚོགས་རང་གྲོལ། says:
    ལོ་ 12 སྔོན།

    ཁ་སང་གི་ས་ཡོམ་དེའི་འཇུག་འབྲས་སྡོམ་ཚིག

    ༡༽ ས་འགུལ་གྱི་ཤུགས་ཚད་ལ་(6.8)དང་(6.9)བཅས་བཤད་ཚུལ་མི་འདྲ་བ་གཉིས་བྱུང་།ཆེ་ཆུང་ཁྱོན་སྡོམ་ཐེངས་བཅོ་ལྔ་གཡོ་འགུལ་བྱེད་ཡོད།
    ༢༽ བལ་ཡུལ་དང་ས་མཚམས་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། འབྲུག བོད་དང་སྦང་ལ་སྡེསི་(Bangladesh)སོགས་སུའང་ས་འགུལ་དེའི་ཤུགས་རྐྱེན་ཐེབས་ཡོད་འདུག
    ༣༽ བལ་ཡུལ་དུ་ཁྱོན་མི་གྲངས་ལྔ་རྐྱེན་ལམ་དུ་སོང་ཞིང་མི་གྲངས་དྲུག་ཅུ་ལྷག་ལ་རྨས་རྐྱོན་བྱུང་སྟེ་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་པ་ཡིན་ལ། བལ་ཡུལ་གྱི་བྱང་ཕྱོགས་ས་གནས་སུ་ཁང་པ་བཅོ་ལྔ་ལྷག་འཐོར་ཞིག་ཏུ་གྱུར་འདུག་བ་མ་ཟད་རྒྱལ་སའི་ནང་གི་དབྱིན་ཇི་གཞུང་ཚབ་ཁང་གི་ལྕགས་རིར་གོད་ཆག་ཤུགས་ཆེན་བྱུང་ཡོད།
    ༤༽ རྒྱ་གར་ནང་ས་ཡོམ་རྒྱག་སའི་སྟེ་བ་ནི་འབྲས་ལྗོངས་དང་རྡོ་རྗེ་གླིང་ཡིན་པ་མ་ཟད་ཤུགས་རྐྱེན་རྒྱལ་ས་ལྡི་ལི་དང་རྡེ་ར་འདུན་ལཀ་ནའུ་སོགས་སུ་ཐེབས་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་བཅུ་གཅིག་རྐྱེན་ལམ་དུ་སོང་བ་དང་། མི་གྲངས་བརྒྱ་ལྷག་ལ་རྨས་རྐྱོན་བྱུང་ཡོད།
    ༥༽ ས་འགུལ་དེའི་ཡུན་ཚད་ནི་སྐར་མ་གཅིག་ནས་གསུམ་བར་ཡིན་འདུག་པ་བཅས།

    Reply
  5. རྟ་མགྲིན། says:
    ལོ་ 12 སྔོན།

    ས་ཡོམ་རྒྱག་ས་ལྟེ་བ་དེ་འབྲས་ལྗོངས་དང་བལ་ཡུལ་གྱི་ས་མཚམས་རེད། རྡོར་གླིང་ཡང་ས་གནས་དེ་དང་འབྲེལ་ནས་ཡོད། དགོང་མོའི་དུས་ཚོད་དྲུག་དང་སྐར་མ་བཅུ་གཅིག་དང་།ཤུགས་ཚད་དྲུག་དང་ཚེག་དགུ་རེད།མདང་དགོང་ནས་ད་ནངས་ཞོགས་པ་བར་ཤེས་
    རྟོགས་ལྟར་ན་མི་བཅོ་བརྒྱད་ཤི་བ་དང་། རྡོར་གླིང་དང་འབྲས་ལྔོངས། ཤི་རི་ཀོ་རི་བར་གཞུང་ལམ་བཞི་ཙམ་རིལ་ཉིལ་གྱིས་འགག་ཡོད་འདུག

    Reply
  6. sangkye says:
    ལོ་ 12 སྔོན།

    བླ་མ་དཀོན་མཆོག་མཁྱེན། ད་གཉིས་སྟོང་བཅུ་གཉིས་ལོའི་བལྟས་ངན་བྱུང་གི་འདུས། ངོས་ནས་རྡོར་རྗེ་གླིང་ལ་ས་་ཡོམ་རྒྱབ་པ་བདེན་པ་ཡིན་ན་པར་ཡག་པོ་ཅིག་རྒྱབ་ནས་འཇོག་རོགས་གནང་། རང་ས་པག་ཅིག་ཐང་ལ་ལྷོང་བ་ཙམ་ཅིག་གི་པར་དང་ཁང་ངན་ཅིག་ལ་གས་ཆགས་ཞིག་བྱུང་བ་མ་ཡིན་པའི་པར་གསལ་བོ་ཞིག་འཇོག་རོགས་གནང་། གཞན་སུ་ལ་བལྟན་ན་ཁས་ལེན་གྱི་གནས་ཚུལ་ཅིག་དགོ་རེད་ལགས། ཡག་པོ་གཏོང་རོགས་གནངྲ། གནས་ཚུལ་གཏོང་མཁན་ཚོ་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།

    Reply
  7. བཀྲ་ཤིས་ཉི་མ། says:
    ལོ་ 12 སྔོན།

    མདང་ནུབ་འབྲས་ལྗོངས་ཁུལ་གྱི་ས་ཡོམ་ཤུགས་ཚད་ 6.9 རེད། ས་ཡོམ་དེའི་ཁྲོད་བོད་མི་འདས་གྲོངས་དང་རྒྱུ་དངོས་གོད་ཆག་གི་གནས་ཚུལ་ད་སྔ་ཐོན་མི་འདུག གཞན། འབྲས་ལྗོངས་དང་སྒང་ཐོག བྷིང་གྷ་ལེ་བཅས་ཀྱི་རྒྱ་གར་བ་བཅུ་གྲངས་ཤིག་རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། བལ་ཡུལ་ནས་ཀྱང་མི་ལྔ་དྲུག་ཅིག་འདས་གྲོངས་སུ་སོང་ཡོད་འདུག

    Reply
  8. འཇམ་དབྱངས། says:
    ལོ་ 12 སྔོན།

    ད་ལྟའི་བར་བལ་ཡུལ་དུ་མ་མཐར་མི་ ༡༥ ལྷག་གྲོངས་པ་དང་ ༡༠༠ ལྷག་ལ་རྨས་སྐྱོན་བྱུང་འདུག ཆར་ཞོད་ཆེ་ཞིང་གློག་མེད་པ་སོགས་ཀྱིས་ས་གནས་ཁག་ལ་འབྲེལ་ལམ་བྱེད་དཀའ་བར་གྱུར་འདུག

    Reply
  9. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    དཀོན་མཆོག་མཁྱེན། འབྱུང་བའི་གནོད་པ་ཟེར་མཁན་འདི་ངོ་མ་འགོག་ཏུ་མེད་པའི་ངན་ཤུགས་ཅན་ཞིག་རེད་འདུག འདི་ནི་གཅིག་བྱས་ན་འུ་ཅག་བོད་རིགས་ཀྱིས་བཤད་ན་སྤྱི་མཐུན་གྱི་ལས་ལས་གྲུབ་པ་ཞིག་ཡིན་པ་རེད།

    སྤྱིར་བཏང་རྡོར་གླིང་དང་བལ་ཡུལ་དང་འབྲས་ལྗོངས་སོགས་ཐག་ཉེ་བའི་ས་ཁུལ་ཞིག་ཡིན། ཁོ་བོས་རྒྱ་གར་གྱི་དུས་བབ་སོགས་ཀྱི་དྲ་རྒྱ་ཁག་ནང་ནས་གནས་ཚུལ་གོ་ཐོས་བྱས་ན་འབྲས་ལྗོངས་དང་བལ་ཡུལ་དང་ཐག་ཉེ་བའི་ས་འབྲེལ་ཁུལ་ལ་ས་ཡོམ་རྒྱབ་ནས་གནོད་སྐྱོན་བྱུང་ཡོད་སྐོར་གོ་བ་ལས་རྡོར་གླིང་ལ་ས་ཡོམ་རྒྱབ་པ་གོ་ཐོས་མ་བྱུང་། ས་ཡོམ་རྒྱབ་ས་གཙོ་བོ་ས་ཁུལ་ནི་འབྲས་ལྗོངས་རེད་འདུག འདི་ནི་སྔོན་མ་ང་ཚོ་བོད་ཀྱི་ས་ཁུལ་དངོས་གནས་དེ་རེད།

    Reply
  10. འཇམ་དབྱངས། says:
    ལོ་ 12 སྔོན།

    དགོང་མོར་འབྲས་ལྗོངས་ཀྱི་བྱང་ཕྱོགས་ནས་ཕྱི་རྒྱལ་སྤྲོ་འཆམ་པ་མི་ ༡༥ དང་ཁུལ་དེའི་ཡུལ་མི་ ༡༥༠ ལྷག་ཉེན་སྐྱོབ་བྱས་འདུག ཁོང་ཚོར་རྨས་སྐྱོན་ཚབས་ཆེན་ཕོག་འདུག

    Reply
  11. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 12 སྔོན།

    དེ’དང’མཉམ’དུ’ས’ཁྲ’འམ’ཡང’ན’དཔར’གཏང’ཐུབ’ན’གསར’འགྱུར’གོླག’མཁན’ལ’ཁྱད’པ’ཆེན’པོ’འདུག’གསར’འགོད’པ’ལགས’།
    ཐུགས’རེྗ’ཆེ’།

    Reply
  12. འཇམ་དབྱངས། says:
    ལོ་ 12 སྔོན།

    ད་ལྟ་གནས་ཚུལ་ཐོན་གསལ་ལྟར་ན། ཤི་ལི་གུ་རིར་མི་གསུམ་ནུབ་བྷན་གྷལ་ནས་མི་གཉིས། བྷི་ཧར་གྱི་ནཱ་ལེཎྜའི་མངའ་སྡེའི་ནང་བྱིས་པ་ལོ་ལྔ་ཅན་ཞིག་དེ་གཞོན་ནུ་ཞིག བལ་ཡུལ་དུ་ཡང་མ་མཐར་མི་ལྔ་ལྷག་གྲོངས་ཡོད་པར་མ་ཟད། བལ་ཡུལ་དབྱིན་ཇིའི་གཞུང་ཚབ་ཁང་གི་ཕྱི་རང་ནས་མི་གསུམ་བསད་འདུག

    Reply
  13. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 12 སྔོན།

    ཡང’ས’ཡོམ’གིས’ཧེས’མ’ལ’ཡི’རིག’རྒྱུད’ཀིྱ’མི’མངས’ལ’བཀའ’ཞེས’པོ’སོྤྲད’ཚར’སོངས’བ’། དཀོན’མཆོག’མཁེྱན’ད’གང’དྲག’། ཁེྱད’རང’ཚོའི’དུས’ཐོག’ཏུ’གསར’འགྱུར’སེྤལ’བ’དེ’ཡི’མི’མང’པོ’ཞིག’ལ’མྱུར’སོྐྱབས’བེྱད’ཡ’ལ’ཁྱད’པ’ཆེན’པོ’ཞེས’གྲགས’འདུག’།

    Reply
  14. འཇམ་དབྱངས། says:
    ལོ་ 12 སྔོན།

    ད་ལྟ་ཤེས་གསལ་ལྟར་ན་༦།༨ ཀྱི་ས་ཡོལ་དེའི་སྐབས་མ་མཐར་ཡང་མི་དྲུག་གི་སྲོག་ཤོར་བ་དང་མི་ལྔ་བཅུ་ལྷག་ལ་རྨས་སྐྱོན་ཕོག་འདུག་སྟེ། འབྲས་ལྗོངས་ནས་མི་བཞི་དང་སང་ཐམ་ནས་མི་གཉིས། སྟེར་ཆུ་ནས་མི་གཅིག སྨན་སྒང་ནས་མི་གཅིག་བཅས་རེད། བཀའ་བློན་སྦུག་གི་མི་གཅིག་གིས་བཤད་པ་ལྟར་ན་དེར་ཡང་ཁང་པ་བརྡིབས་རྐྱེན་གྱིས་བུད་མེད་ཅིག་གྲོངས་འདུག་ཟེར། ད་རེས་ས་ཡོལ་རྒྱུག་ལམ་དུ་འཁེལ་བའི་ས་གནས་དེ་དག་ཏུ་ཁང་བརྩེགས་མང་པོ་ཞིག་བརྡིབས་ཡོད་པར་མ་ཟད། བོད་དང་རྒྱ་གར་གྱི་ས་མཚམས་སྲུང་དམག་གི་སྒར་ལ་ཡང་བརྡིབས་སྐྱོན་ཆེན་པོ་བྱུང་འདུག
    ས་ཡོལ་འདི་རྒྱ་གར་གྱི་ས་གནས་ཨ་སམ་དང་མེག་ཧ་ལ་ཡ། ཊེ་པུ་ར། ནུབ་བྷན་གྷལ། བྷི་ཧར། རྗར་ཁན། ཨུ་ཏར་ར་མངའ་སྡེ། ར་རྗི་སི་ཐིན། ཅན་དྷི་སྒར། དྷི་ལི་བཅས་ཡིན་འདུག

    Reply
  15. སྣ་ཚོགས་རང་གྲོལ། says:
    ལོ་ 12 སྔོན།

    བལ་ཡུལ་དང་རྒྱ་གར་དུ་ས་ཡོམ་རྒྱབ་པ།

    དེ་རིང་སྤྱི་ལོ་༢༠༡༡ཟླ་བ་༠༩ཚེས་༡༨ཉིན་གྱི་དགོང་དྲ་ཆུ་ཚོད་དྲུག་དང་སྐར་མ་ཉེར་བདུན (06:27pm)ཐོག་བལ་ཡུལ་རྒྱལ་ས་གཙོས་བལ་ཡུལ་གྱི་ས་ཁུལ་ཡོངས་སུ་རྫོགས་པར་ས་འགུལ་རྒྱབ་ཡོད་པ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་ས་གནས་འགར་ཡང་རྒྱབ་ཡོད་པ་རེད། ས་འགུལ་དེས་མི་མང་པོའི་སེམས་སུ་འཇིགས་སྣང་ཞིག་སྤྲད་ཡོད་ལ་ད་ལྟའང་ཡུལ་མི་མང་པོ་ཞིག་ཁང་པའི་ནང་དུ་ཞུགས་མ་ཕོད་པར་ཕྱི་ལ་སྡད་ཡོད། ས་འགུལ་དེའི་ཤུགས་ཚད་ནི་དྲུག་ཚག་བརྒྱད(6.8)ཡིན་ལ་དུས་ཡུན་སྐར་མ་གསུམ་ཡིན་འདུག ས་འགུལ་འདི་རྒྱག་སའི་སྟེ་བ་ནི་བལ་ཡུལ་གྱི་བྱང་ཕྱོགས་དང་རྒྱ་གར་གྱི་འབྲས་ལྗོངས་སོགས་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་དེར་ཡིན་འདུག་ལ་དེའི་རྐྱེན་གྱིས་བལ་ཡུལ་བྱང་ཕྱོགས་ཀྱི་ས་གནས་དེར་ཁང་པ་འགའ་ཞིག་ལ་ཆག་སྒོ་བྱུང་ཡོད་པ་དང་ད་བར་རྒྱ་བལ་མཐའ་མཚམས་སུ་མི་གཉིས་དང་བལ་ཡུལ་རྒྱལ་སར་མི་གསུམ་བཅས་ཁྱོན་མི་ལྔ་རྐྱེན་ལམ་དུ་སོང་བའི་གནས་ཚུལ་ཐོན་འདུག གནས་ཚུལ་འདི་ད་ལྟ་མུ་མཐུད་བྱུང་དང་འབྱུང་བཞིན་པ་ཡིན་པས་རྗེས་སུ་ཞུ་ཆོག་པ་བཅས།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 12 སྔོན།

    དུས་སྙིགས་མ་ལ་འབྱུང་བཞིའི་གནོད་སྐྱོན་འོག་ནས་འཇིག་རྟེན་འཇིག་པ་བདེན་པར་ངེས། སེམས་ཅན་སུའི་ཚེ་སྲོག་ལ་གནོད་སྐྱོན་མེད་པར་སྨོན། ཉིས་སྟོང་བཅུ་གཉིས་ལོར་འཛམ་གླིང་འདིར་དངོས་གནས་འཇིག་པ་ཞིག་ཡོང་ས་རེད་བསམ་བྱུང་།

    Reply
  17. བོད་ཀྱི་རེ་བ། says:
    ལོ་ 12 སྔོན།

    ས་ཡོམ་རྒྱབ་ས་ཤུགས་ཆེ་ཤོས་དེ་འབྲས་ལྗོངས་ཆགས་ཡོད་འདུག གོང་གི་གནས་ཚུལ་དེ་འབྲས་ལྗོངས་གཞིར་བཞག་ནས་བཤད་པ་ཡིན།

    Reply
  18. བོད་ཀྱི་རེ་བ། says:
    ལོ་ 12 སྔོན།

    ས་གནས་དེར་རྒྱབ་པའི་ས་ཡོམ་དེ་ཆུ་ཚོད་ ༦ དང་སྐར་མ་ ༥༢ ཡས་མས་ལ་རྒྱབ་ཡོད་པ་དང་ཤུགས་ཚད་ ༦དང་༨ རེད་ཟེར། དེ་རིང་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་ལ་ས་ཡོམ་ཆུང་ཚགས་མང་པོ་རྒྱབ་ཡོད་འདུག ས་གནས་དེར་ས་ཡོམ་ཤུགས་ཆེན་པོ་རྒྱབ་ཡོད་ཙང་དེ་འཕྲལ་རྒྱ་གར་གྱི་སྲིད་བློན་མཆོག་ནས་འབྲས་ལྗོངས་ཀྱི་བློན་ཆེན་པཱ་བན་ཀུ་མར་ལ་ཐད་ཀར་བཀའ་མོལ་གནང་ནས་རོགས་པ་གང་དགོས་ཀུན་བྱས་ཀྱིན་ཡིན་གསུངས་འདུག དེ་གའི་ཁ་པར་བརྒྱུད་ལམ་གློག་མང་ཆེ་བ་མེད་པའི་གནས་ཚུལ་ཐོན་ཡོད།

    Reply
  19. བོད་ཀྱི་རེ་བ། says:
    ལོ་ 12 སྔོན།

    ས་གནས་དེར་རྒྱབ་པའི་ས་ཡོམ་དེ་ཆུ་ཚོད་ ༦ དང་སྐར་མ་ ༡༠ ཡས་མས་ལ་རྒྱབ་ཡོད་པ་དང་ཤུགས་ཚད་ ༦དང་༨ རེད་ཟེར། དེ་རིང་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་ལ་ས་ཡོམ་ཆུང་ཚགས་མང་པོ་རྒྱབ་ཡོད་འདུག ས་གནས་དེར་ས་ཡོམ་ཤུགས་ཆེན་པོ་རྒྱབ་ཡོད་ཙང་དེ་འཕྲལ་རྒྱ་གར་གྱི་སྲིད་བློན་མཆོག་ནས་འབྲས་ལྗོངས་ཀྱི་བློན་ཆེན་པཱ་བན་ཀུ་མར་ལ་ཐད་ཀར་བཀའ་མོལ་གནང་ནས་རོགས་པ་གང་དགོས་ཀུན་བྱས་ཀྱིན་ཡིན་གསུངས་འདུག དེ་གའི་ཁ་པར་བརྒྱུད་ལམ་གློག་མང་ཆེ་བ་མེད་པའི་གནས་ཚུལ་ཐོན་ཡོད།

    Reply
  20. སྐར་ཁྲི་བཙན། says:
    ལོ་ 12 སྔོན།

    དེ་མཚུངས་བལ་ཡུལ་རྒྱལ་ས་ལའང་ཅུང་ཞིག་བརྒྱབ་སོང་ཡང་། ཁང་པ་ལོག་པ་འམ་མི་ལ་གནོད་སྐྱོན་སོགས་བྱུང་བར་གོ་རྒྱུ་མི་འདུག

    Reply
  21. གཡུ་དྲུག་དཀར། says:
    ལོ་ 12 སྔོན།

    དེ་རིང་ཞོགས་པའི་ཆུ་ཚོད་དགུ་བ་ཡས་མས་ཤིག་ལ་ལྷ་སར་ས་ཡོམ་ཆུང་ཆུང་ཞིག་བརྒྱབ་འདུག་མོལ། མི་དངོས་ལ་གནོད་སྐྱོན་ཐེབས་མི་འདུག

    Reply
  22. གངས་འོད། says:
    ལོ་ 12 སྔོན།

    ཆུ་ཚོད་གཅིག་དང་ཕྱེད་ཙམ་གྱི་སྔོན་ལ་གཞིས་ཀ་རྩེ་ཁུལ་དུ་ས་ཡོམ་ཆུང་ཆུང་ཞིག་བརྒྱབ་འདུག ཕལ་ཆེར་ད་ལྟ་རྒྱ་གར་བྱང་ཤར་ཁུལ་དུ་བརྒྱབ་པའི་ས་ཡོམ་དེ་དང་འགུལ་རླབས་གཅིག་གིས་ཡིན་པ་འདྲ།

    Reply
  23. མི་ཞུན། says:
    ལོ་ 12 སྔོན།

    ད་ལྟ་རང་ཆུ་ཚོད་ལྔ་དང་སྐར་མ་སུམ་ཅུ་ཡས་མས་ཀྱི་མཚམས་སུ་འདི་གར་ཝཱར་ཎ་སི་ལ་ཡང་ས་ཡོམ་ཆུང་ཆུང་ཞིག་བརྒྱབ་སོང་།

    Reply
  24. མངའ་རིས་བུ། says:
    ལོ་ 12 སྔོན།

    གསར་འགོད་པ་ལགས་དེ་ལྟའི་གསར་འགྱུར་གནང་བར་ཐུགས་རྗེ་ཆེ།
    འོན་ཀྱང་གསར་འགྱུར་ཤོད་དུས་གནས་ཚུལ་བྱུང་སའི་རྒྱལ་ཁབ་དང་ས་གནས་མངའ་སྡེ་ལས་སོགས་གསར་ཀློག་པ་ཡོངས་ཀྱི་མིག་ལམ་དུ་ཁྲ་ལམ་མེར་དོན་སྤྱི་ཤར་བ་ཞིག་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ།
    དཔེར་ན། ད་ལྟའི་གནས་ཚུལ་འདི་འབྱུང་སའི་རྒྱལ་ཁབ་དང་ས་གནས་མངའ་སྡེ་སོགས་གང་དུ་ཡོད་མེད་ང་ལྟ་བུར་ཤེས་རྟོགས་རྩ་བ་ནས་མེད་མཁན་ཞིག་ལ་གནས་ཚུལ་འདི་འདྲས་མགོ་འཐོམ་ཡོང་གི་འདུག ངོས་རང་ད་ལྟ་ཨ་རིར་ཡོད་ཙང་རྒྱ་གར་གྱི་ས་བབ་སོགས་བོད་མི་འདུས་སྡོད་བྱེད་ས་རྣམས་ལ་རྒྱུས་མངའ་མེད་པས།
    གང་ལྟར་ཁྱེད་ཀྱི་དེ་སྐོར་རྒྱས་ཙམ་ཞིག་འགོད་གནང་བའི་རེ་བསྐུལ་ཞུ།
    ཨ་རིའི་རྒྱལ་ས་པོར་ཌ་ལེནཌ་ནས་ཕུལ།
    portland Ore gone

    Reply
  25. རྒྱལ་བསྟན། says:
    ལོ་ 12 སྔོན།

    དི་རིང་ཕྱི་དྲོ་ཆུ་ཚོད་ ༦.༢༣ སྟེང་བལ་ཡུལ་རྒྱལ་ས་ཁ་ཐ་མན་གྲུ་བྱང་ཕྱོགས་ཁུལ་དུ་ཡང་ས་ཡོམ་ཆུང་ཆེ་ཙམ་རྒྱབ་སོང་། འོན་ཀྱང་མི་རྒྱུ་སོགས་ལ་གོད་ཆགས་གང་ཡང་བྱུང་མི་འདུག སྤོག་ར་ཕྱོགས་ལ་ཡང་རྒྱབ་པའི་གནས་ཚུལ་འདུག

    Reply
  26. མང་ཐོས། says:
    ལོ་ 12 སྔོན།

    དཀོན་མཆོག་མཁྱེན། མི་གཅིག་ཀྱང་འཆི་རྨས་ཡོང་མེད་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist