མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༥/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པར་གོ་སྟོན་སྲུང་གཙི་དང་སྦྲགས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠

དེ་རིང་ཕྱི་ཟླ་ ༦ ཚེས་ ༣༠ སྟེ། བོད་ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ།  བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་མཛད་སྒོ་དང་། བརྟན་བཞུགས་བསྟར་འབུལ། དུས་རབས་ཉེར་གཅིག་གི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་མཛད་སོང་། གོ་སྟོན་མཛད་སྒོའི་ཐོག་༧གོང་ས་མཆོག་དབུ་བཞུགས་ཀྱིས་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང༌། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱ་གར། ཤྲི་ལངྐ་། ཐའེ་ལན་ཌི། འབར་མ་བཅས་ཀྱི་གནས་བརྟན་སྡེ་པའི་སྐུ་ཚབ། ཧིན་རྡུ། ཡེ་ཤུ། ཁ་ཆེ། བཱ་ཧའེ། འཇིའུ། རྗེན། སིག་སོགས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་བླ་མ་རྣམ་པ་བཅས་གདན་ཞུས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་སྟོང་ཕྲག་མང་པོ་ལྷན་འཛོམས་གནང་འདུག

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ངོས་རང་ལོ་དགུ་བཅུ་ནང་བསླེབ་ཀྱི་ཡོད་པ་རེད། གཟུགས་པོ་ཆ་ཚང་བདེ་ཐག་ཆོད་ཡིན། ལོ་ཡུན་འདི་དག་རིང་བོད་ཀྱི་བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པར་ནུས་པ་གང་ཡོད་བཏོན་ཏེ་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་ཡོད། འཛམ་གླིང་གི་ལུང་པ་གཞན་དག་ཏུའང་ཕན་ཚུན་འབྲེལ་བ་ཟབ་པོ་བྱས་པ་ཡིན། ལྷག་པར་དུ་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་པ་སོགས་ཀྱིས་ཡིད་ཚིམས་ཡོད། གོ་བསྡུར་དང་བགློ་གླེང་བྱས་པའི་ཐོག་ནས་ཧ་ཅང་ཕན་ཐོགས་ཡག་པོ་བྱུང་། ད་ལྟ་བར་དུ་ངོས་ནས་མི་གོ་ཆོད་པ་ཞིག་གི་མི་ཚེ་བསྐྱལ་བ་རེད། གང་ལྟར་ངོས་བོད་གཙོ་བོར་གྱུར་བའི་འཛམ་གླིང་གི་ཤར་ནུབ་ལྷོ་བྱང་ཡུལ་གྲུ་མང་པོར་བསླེབས་པ་རེད།  དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག འདི་འདྲར་བསམ་བློ་གཏོང་དུས་ངོས་ཀྱི་མི་ལུས་ཐོབ་ཡོད་བསྡད་པ་དེས་ལྷག་བསམ་བསྐྱེད་པ་བཞིན། འཛམ་གླིང་འདིའི་ཐོག་ཕན་ཐོགས་གང་འཚམ་བསྒྲུབ་པར་ངོས་ཀྱིས་རྗེས་སུ་ཡི་རངས་སྐྱེས་པ་ཡོང་གི་འདུག ད་དུང་ཡང་ངོས་ཀྱི་མི་ཚེ་ལྷག་མ་དེས་གཞན་ཕན་ག་ཚོད་ཐུབ་ཐུབ་ཀྱིས་རྒྱ་ཆེར་སྤེལ་ཐུབ་རྒྱུ་དང་། དེའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་དུ་བསྡད་པའི་སྒྲོམ་གཞི་ཞིག་བསླེབ་ཡོང་གི་རེད། མདོ་དོན་ད་ལྟ་བར་དུ་ངོས་རང་མདོ་སྨད་ཙོང་ཁའི་ཡུལ་ནས་ལྷ་སར་ཡོང་། ལྷ་སར་སློབ་གཉེར་བྱས་ཏེ་གྲྭ་སྐོར་སྔ་རྗེས་བཞག་པ་རེད། ངོས་རང་གི་ངོས་ནས་ཆ་བཞག་ན་བསྟན་འགྲོའི་དོན་དག་གང་ལ་གང་འཚམ་བསྒྲུབས་ཡོད། ད་དུང་ཡང་ངོས་ཀྱི་མི་ཚེ་འདིས་ག་ཚོད་ཐུབ་ཐུབ་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་སྨིན་པ་ཞིག་ཡོང་ཐུབ་རྒྱུའི་སེམས་ཐག་བཅད་ནས་བསྡད་ཡོད། དེ་ག་རང་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་གསུངས་སོང་།

ད་དུང་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་མཛད་རྣམ་ནོར་བུའི་འཕྲེང་བ་ཞེས་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཛད་རྣམ་སྨྲ་བསམ་གྱི་ཡུལ་ལས་འདས་པ་དང་། ༧སྐུའི་གོ་སྟོན་གྱི་ཤེས་ཚིག་དང་རྩོམ་ཡིག་ཕྱོགས་སྒྲིག་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཕྱག་དེབ་སོགས་དབུ་འབྱེད་གནང་སོང་།

བོད་ལྗོངས་མདོ་སྨད་ཆོལ་ཁའི་གོ་སྟོན་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིག་མཆོག་གིས་གསུང་བཤད་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་ཆེན་མོ་སྲུང་གཙི་ཞུ་དགོས་དོན་གཙོ་བོ་ནི་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ ཉིན་བོད་ལྗོངས་མདོ་སྨད་ཡུལ་གྱི་སྤྱི་སྲོལ་ལྟར། ༧སྐུའི་གྱ་སྟོན་དང་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་སྐབས། ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་ད་ལྟ་ལོ་བརྒྱད་ཅུ་ནས་ལོ་བཅུ་ཕྱིན་ན་ལོ་དགུ་བཅུ་རེད། ད་ལྟ་འདིར་ལོ་བརྒྱད་ཅུ་ལོན་པའི་གྱ་སྟོན་ཞེས་ཁྱེད་རང་ཚོས་ཞེད་པོ་ཤོད་ཀྱི་འདུག གཞུག་གུར་ལོ་དགུ་བཅུ་ལོན་པའི་སྐབས་སུ་གོ་སྟོན་ཟེར་བ་དེ་བྱེད་དགོས་པ་རེད་གདའ། ཁྱེད་རང་ཚོ་སྤོ་བོ་རྨོ་བོ་དེ་ཚོས་རིག་པ་བསྒྲིམས་ཏེ། འཆི་བདག་གཤིན་རྗེ་ཡོང་ནའང་ཨམ་གཙིགས་བསྡམས་ཏེ། ༧རྒྱལ་བ་རིན་པོ་ཆེའི་ལོ་དགུ་བཅུའི་གོ་སྟོན་བར་དུ་བསྡད་ཐུབ་པ་བྱེད་ཀྱི་ཡིན་ཞེས་ཨམ་གཙིགས་བསྡམས་ཏེ་སེམས་ཤུགས་སྐྱེད་ཤོག་ཨ།  ཞེས་མ་ཡིས་བུ་ལ་བརྩེ་བས་བདམས་པ་བཞིན་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོས་སྲིད་ན་རྙེད་པར་དཀའ་བའི་བསོད་ནམ་བསགས་པའི་སྐལ་བཟང་གི་གོ་སྐབས་སྨད་དུ་བྱུང་གསོལ་སྩལ་གནང་བ་ལྟར། ད་ལྟ་འདིར་སྐུའི་གོ་སྟོན་གྱི་དགའ་སྟོན་དང་འབྲེལ་བའི་མཛད་རིམ་སྟེ། རྟེན་གསུམ་རྟེན་འབྲེལ་གྱི་ཞུལ་འབུལ་བཞེས་དང་། མཛད་ཐང་དང་མཛད་རྣམ། གླུ་གར་གྱི་མཆོད་པ་སོགས་ཀྱི་མཛད་རིམ་ཁག་སྐྱོང་བཞིན་པ་འདི་ནི་ངོ་མཚར་སྨད་དུ་བྱུང་བའི་སྐལ་བཟང་མངོན་དུ་བྱུང་བ་བསུ་བ་ལགས། ཞེས་དང་། མདོ་སྨད་ཆོལ་ཁའི་སྐུའི་གོ་སྟོན་གྱི་བྱུང་རིམ་ནི་མདོ་སྨད་ཚོགས་ཆེན་ཐོག་གྲོས་བསྡུར་ལྷུག་པོ་བྱུང་བ་བརྒྱུད་གོ་སྟོན་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་གོ་སྟོན་སྲུང་གཙིའི་སྙན་ཞུ་ཕུལ་བ་བཞིན་གོ་སྟོན་སྲུང་གཙི་ཞུ་བཞིན་ཡོད་སྐོར་སོགས་གསུངས་སོང་ལ། གོ་སྟོན་ཚོགས་ཆུང་གི་ཚོགས་གཞོན་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ཀྱིས་གོ་སྟོན་དང་འབྲེལ་རྩིས་ཁྲ་སྙིང་བསྡུས་སྙན་སྒྲོན་ཞུ་སྐབས། བོད་ལྗོངས་མདོ་སྨད་ཆོལ་ཁའི་གོ་སྟོན་དང་འབྲེལ་བའི་ཆོ་ག་ཕྱག་ལས་སོགས་བྱ་རིམ་ཡོངས་ཀྱི་འགྲོ་གྲོན་གྱི་ལྷག་བསྡད་དངུལ་ཚང་མ་༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་དུ་ཞལ་འདེབས་སུ་ཕུལ་རྒྱུ་ཡིན་སྐོར་གསུངས་སོང་ལ། མཇུག་ཏུ་གོ་སྟོན་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།

༧སྐུའི་གོ་སྟོན་སྲུང་གཙི་དང་འབྲེལ་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༧སྐུའི་གོ་སྟོན་དངོས་གཞིའི་མཛད་རིམ་གཙོ་བོ་གསུམ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་དང་། བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་ཀྱི་རྟེན་གསུམ་འདེགས་འབུལ། དགུང་གྲངས་དགུ་བཅུ་བཞེས་པར་དགའ་དད་སྤྲོ་གསུམ་གྱིས་༧སྐུའི་གོ་སྟོན་ཆེན་མོ་བཅས་ཡིན། ཞེས་དང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་ཆེན་མོ་སྲུང་གཙི་ཞུ་དགོས་དོན་གཙོ་བོ་ནི་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ ཉིན་བོད་ལྗོངས་མདོ་སྨད་ཡུལ་གྱི་སྤྱི་སྲོལ་ལྟར། ༧སྐུའི་གྱ་སྟོན་དང་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་སྐབས། ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་ད་ལྟ་ལོ་བརྒྱད་ཅུ་ནས་ལོ་བཅུ་ཕྱིན་ན་ལོ་དགུ་བཅུ་རེད། ད་ལྟ་འདིར་ལོ་བརྒྱད་ཅུ་ལོན་པའི་གྱ་སྟོན་ཞེས་ཁྱེད་རང་ཚོས་ཞེད་པོ་ཤོད་ཀྱི་འདུག གཞུག་གུར་ལོ་དགུ་བཅུ་ལོན་པའི་སྐབས་སུ་གོ་སྟོན་ཟེར་བ་དེ་བྱེད་དགོས་པ་རེད་གདའ། ཁྱེད་རང་ཚོ་སྤོ་བོ་རྨོ་བོ་དེ་ཚོས་རིག་པ་བསྒྲིམས་ཏེ། འཆི་བདག་གཤིན་རྗེ་ཡོང་ནའང་ཨམ་གཙིགས་བསྡམས་ཏེ། ༧རྒྱལ་བ་རིན་པོ་ཆེའི་ལོ་དགུ་བཅུའི་གོ་སྟོན་བར་དུ་བསྡད་ཐུབ་པ་བྱེད་ཀྱི་ཡིན་ཞེས་ཨམ་གཙིགས་བསྡམས་ཏེ་སེམས་ཤུགས་སྐྱེད་ཤོག་ཨ། ཞེས་གོ་སྐབས་བཟང་པོ་གསོལ་སྩལ་གནང་བ་ལྟར། ༢༠༢༣ ཟླ་ ༣ ཚེས་ ༡༡ ཉིན་དང༌། ཟླ་ ༦ ཚེས་ ༡༦ ཉིན་༧སྐུའི་གོ་སྟོན་ཁོ་ནའི་ཆེད་མདོ་སྨད་དམིགས་བསལ་ཚོགས་ཆེན་སྔ་རྗེས་ཐེངས་གཉིས་ཚོགས་ཡོད། ཅེས་སོགས་འཁོད་འདུག

ཡང་བསྒྲགས་གཏམ་ནང་། གོ་སྟོན་གྱི་ལས་རིམ་འཆར་འགོད་དང་ཚོགས་མི་ལས་གྲུབ་པའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ཆེད་འཛུགས་ཞུས་པ་མ་ཟད། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་ཁག་ཏུ་༧སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ས་གནས་འབྲེལ་མཐུད་པ་ ༥༥ བསྐོ་བཞག་གིས་ལས་དོན་དངོས་སུ་དབུ་འཛུགས་ཞུས་ནས། འདས་པའི་ལོ་གཉིས་ལྷག་རིང་དབུས་དང་ས་གནས་སོ་སོ་ནས་གྲ་སྒྲིག་གནང་ཞིང་། ༧སྐུའི་གོ་སྟོན་གྱི་སྔོན་འགྲོར་༧གོང་ས་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཅིང་རླབས་ཆེན་མཛད་འཕྲིན་སྔར་ལྷག་རྒྱས་ཆེད། སྲུང་མ་དམར་ནག་གཉིས་དང་བོད་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པར་ཐུགས་དམ་བཀའ་ལུང་ཞུས་ཏེ་སྐུ་ཚེའི་ཚེ་སྒྲུབ་དང་། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གི་དགེ་འདུན་པ་རྣམ་པར་བསྙེན་བཀུར། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་མི་མང་ནས་ཞབས་རིམ་གསོག་སྒྲུབ་གནང་བ་སོགས་ཚོགས་བསགས་དང་རྣམ་དཀར་དགེ་སྒྲུབ་རྒྱ་ཆེ་གནང་ཡོད་སྐོར་སོགས་གསལ་འདུག

ཐེངས་འདིར་བོད་ལྗོངས་མདོ་སྨད་ཆོལ་ཁས་གོ་སྒྲིག་ཞུ་བཞིན་པའི་༧སྐུའི་གོ་སྟོན་ཆེན་མོར་ཉིན་གྲངས་གསུམ་རིང་ཡོད་ཅིང་། སང་ཉིན་ཕྱི་ཟླ་ ༧ ཚེས་ ༡ ཉིན་གྱི་སྔ་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་གསུང་རྩོམ་དང་མཛད་ཐང་འགྲེམ་སྟོན། ཕྱི་དྲོར་བོད་ཀྱི་ཟློས་གར་ཁང་དུ་༧སྐུའི་གོ་སྟོན་གྱི་རིག་རྩལ་དགོང་ཚོགས་ཆེན་མོ་སྟེ། དུས་ཡུན་ཟླ་ངོ་གསུམ་ལྷག་རིང་གྲ་སྒྲིག་དང་སྦྱོང་བརྡར་ཞུས་པའི་བོད་ཆོལ་ཁ་གསུམ་གྱི་གཞས་དང་ཞབས་བྲོ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་བཅས་ནས་གདན་འདྲེན་ཞུས་པའི་གཞས་པ་གཞས་མ་གྲགས་ཆེན་རྣམ་པའི་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་དང༌། ཕྱི་ཚེས་ ༢ ཉིན་ཀིརྟིའི་བྱེས་པ་གྲྭ་ཚང་དུ་མདོ་སྨད་དགྱེས་འཛོམས་ཆེན་མོ་ཚོགས་ཏེ་༧སྐུའི་གོ་སྟོན་བསུ་བའི་ལྷ་དར་དཀར་པོ་ཞེས་པ་དང་། བོད་ཀྱི་གསོ་བ་རིག་པའི་འབྱུང་ཁོངས་དང་འཕེལ་རིམ་ལ་དཔྱད་པ་གཟུར་གནས་ཚངས་ཐིག ༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་སོག་པོའི་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་ཟབ་མོའི་སྐོར་ཆེ་ལོང་དུ་བརྗོད་པ་དངུལ་དཀར་མེ་ལོང་ཞེས་པ་བཅས་སྒེར་བའི་དཔེ་དེབ་ཁག་ཅིག་དབུ་འབྱེད་དང༌། ༧སྐུའི་གོ་སྟོན་དང་འབྲེལ་བའི་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་རྒྱས་པ་སྙན་སྒྲོན། དེ་བཞིན་གཞས་སྣ་འཁྲབ་སྟོན་སོགས་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༨ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༩ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 1 སྔོན།

    ༑ ་བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པར་གོ་སྟོན་སྲུང་གཙི་དང་སྦྲགས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དག་སྤྱི་ཡོངས་ཆ་ནས་ཤིན་ཏུ་ནས་ཟབ་རྒྱས་ཤིག་བྱུང་སོང་པའི་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་གྲངས་མང་ཞུ་རྒྱུ་ཡིན།།
    གྲལ་གྲོད་པ་ཤིག་ནས་༧ རྒྱལ་བའི་མཛད་པར་བསྟོད་པ་ཚིག་བརྒྱན་ཆ་་ནས་ཚད་དང་ལྡན་པ་ཡོད་གཤའ་ཀྱང་རང་གི་ཤེས་པ་དམའ་པའི་ཞུ་སྤོབ་མ་མཆིས་ཀྱང་དོན་ཆར་ང་རང་ལ་ཡིད་མགུ་དགའ་བ་བལྟས་པ་ཞིག་ཕུལ་སོང་བ་དེ་བཞིན་ཡིག་ལམ་ནས་མཇལ་བའི་རེ་བ་དང་ཐབས་ལམ་ཡོད་ན་སྟོན་ཐབས་ཡོང་བ་།སླར་ཐུགས་རྗེ་ཆེ་བ་དང་མཉམ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རང་རེའི་བདེ་དོན་བོད་རྒྱལ་ཁབ་དེ་བོད་མིས་སྐྱོང་ཐབས་སུ་འབད་བརྩོན་མི་ལྷོད་པ་དང་། དུས་ཚོད་ནམ་ཐོབ་ཏུ་ལོངས་སུ་སྤྱོད་དུ་གསོལ་ཅེས་དྲན་བཀུལ་དང་བཅས་ཏེ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese