མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་མཐུས་ཀྱི་ལས་འགན་མ་བསྒྲུབས་ཐལ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བློན་དྲུག་པོ་ཁ་ཁུ་སིམ་པོས་སྤྱི་མོས་སུ་བཏང་བ་དེ་སྤྱི་མཐུས་ཀྱི་ལས་འགན་མ་བསྒྲུབས་པ་རེད།

ཚེ་རིང་བསམ་གྲུབ།

ཉེ་ཆར་སྐབས་བཅོ་ལྔ་པའི་བཀུར་འོས་སྤྱི་མཐུས་གཅིག་གིས་ཀྱང་བཀའ་བློན་འོས་མི་དྲུག་ལ་དགོས་ངེས་ཀྱི་ཆ་རྐྱེན་དང་ཉམས་མྱོང་འཇོན་ཐང་སོགས་གང་འདྲ་ཡོད་མེད་ལ་དྲི་བ་དང་དགག་བྱ་གང་ཡང་མ་བྱས་པར་མིང་བཤེར་བྱས་པ་ཙམ་གྱིས་སྤྱི་མོས་སུ་བཏང་སོང་། དེས་གང་ཞིག་མཚོན་གྱི་ཡོད་ཅེ་ན། བཀུར་འོས་སྤྱི་མཐུས་རྣམས་ཀྱིས་རང་ཉིད་ཀྱི་ལས་འགན་དེ་གལ་ཆེན་ཡིན་པར་ངོས་འཛིན་གསལ་པོ་མེད་པ་དང་། དེ་བཞིན་བཀའ་བློན་ཕྱག་རོགས་རྣམས་ནི་བོད་ཀྱི་རྩ་དོན་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་མེད་ཐོག་བསམ་བློ་དང་དངངས་འཚབ་ཀྱང་མེད་པ་ཤེས་རྟོགས་ཐུབ།

དངོས་གནས་བྱས་ན་ད་ལྟའི་དུས་ཚོད་འདིར་སྔར་བས་ཀྱང་ཟབ་ནན་གྱིས་རིག་པ་བསྒྲིམ་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད། རྒྱུ་མཚན་ནི། ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནི་སྔོན་གྱི་བཀའ་ཁྲི་རྣམས་དང་མི་འདྲ་བར་མི་རབས་གསར་པ་ཡིན་པའི་ཁར། བོད་རྒྱལ་ཁབ་ཀྱི་ཆབ་སྲིད་འགན་དབང་ཆ་ཚང་ཡོད་པ་ཞིག་ཡིན། ད་ལྟའི་དུས་ཚོད་འདི་ནི་བོད་མི་རིགས་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་དང་སྤོབས་པ། གདེང་ཚོད་སྔར་བས་ཆེ་བ་ཡོང་རྒྱུར་འགག་རྩ་ཞིག་ཆགས་ཡོད། བོད་མི་མང་སྤྱི་མཐུས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེར་ངེས་པར་དུ་འཕྱར་བ་གྲུ་འདེགས་ཀྱིས་བོད་ཀྱི་མང་གཙོའི་འཕེལ་རྒྱས་ལ་བརྟེན་ནས་བོད་མི་རིགས་ཀྱི་རྩ་དོན་དང་དམངས་དོན་ཕན་ཐོགས་ཡོང་བ་ཞིག་བྱ་དགོས།།

ཁ་སྔོན་གྲོས་ཚོགས་སུ་བཀའ་བློན་འོས་མི་དྲུག་པོ་རྣམས་ཁ་ཁུ་སིམ་པོས་སྤྱི་མོས་སུ་བཏང་བ་དེ་འདྲ་ནི་བྱུང་མི་སྲིད་པ་ལྟ་བུ་ཞིག་རེད། དཔེར་ན། བཀའ་བློན་འོས་མི་ཚེ་རིང་དབང་ཕྱུག་ལགས་ལ་ཆ་མཚོན་ན། ཤེས་ཡོན་གྱི་གནས་ཚད་གང་ལེགས་ཡོད་ཀྱང་། ཁོང་ལ་ཆབ་སྲིད་ཀྱི་གོ་རྟོགས་དང་ཉམས་མྱོང་། འཇོན་ཐང་གང་འདྲ་ཡོད་མེད་གསལ་ཁ་གང་ཡང་མེད། བཀའ་བློན་ཡིན་ན་ངོ་བོའི་ཆ་ནས་སྲིད་དོན་པ་ཞིག་ཡིན་དགོས། ཁོང་འཕྲོད་བསྟེན་བཀའ་བློན་དུ་བཞག་པ་ཡིན་ནའང་། བོད་གཞུང་གི་སྲིད་བྱུས་དང་ལོ་རྒྱུས་སོགས་ཀྱི་གོ་རྟོགས་གང་ལེགས་དགོས། བོད་གཞུང་གི་འཕྲོད་བསྟེན་སྲིད་བྱུས་དེ་རྩ་བ་ཆ་ནས་བོད་གཞུང་གི་རྩ་བའི་སྲིད་བྱུས་མཐུན་དགོས་པ་ནི་སྨྲོས་ཅི་དགོས། ང་འཕྲོད་བསྟེན་བཀའ་བློན་ཡིན་པས་བོད་གཞུང་གི་སྲིད་བྱུས་དང་ཆབ་སྲིད་ལ་འབྲེལ་བ་མེད་ཟེར་ས་མེད། དེ་ནི་ཀུན་གྱིས་མཁྱེན་གསལ་རེད། ལར་ནས་སྤྱི་མཐུས་ཕལ་ཆེ་བས་བཀའ་བློན་ཚེ་རིང་དབང་ཕྱུག་དེ་སྔོན་མཐོང་མྱོང་ཡོད་མེད་ཀྱང་བཤད་ཁག་པོ་རེད།།

དཔེ་མཚོན་གཞན་ཞིག་ཞུ་ན། བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ལགས་ནི་བོད་ཀྱི་བུད་མེད་ཤེས་འཇོན་གཉིས་ལྡན་ ཞིག་ཡིན་པར་ཐེ་ཚོམ་མེད། འོན་ཀྱང་བོད་ཀྱི་ཕྱི་འབྲེལ་བཀའ་བློན་དུ་བསྐོ་བཞག་བྱེད་འོས་པ་ཞིག་ཡོད་མེད་སྤྱི་མཐུས་རྣམ་པ་ཚོས་བགྲོ་གླེང་ཅི་ཡང་གནང་མ་སོང་། འདིར་དོགས་སློང་ཞུ་ན། ཁོང་གི་བོད་ཡིག་གི་གནས་ཚད་དེ་བཀའ་བློན་ཞིག་ལ་དགོས་པའི་མ་མཐའི་གནས་ཚད་དེ་ཡོད་དམ་མེད། བོད་གཞུང་གི་ཡིག་ཆ་ཆ་ཚང་བོད་ཡིག་ཐོག་ཡོད། དབྱིན་ཡིག་ཐོག་ཡོད་པ་ནི་ཚད་འཛིན་དུ་བྱེད་མི་ཆོག

གལ་ཏེ་བོད་ཡིག་དང་བོད་སྐད་སྐྱོ་བོ་ཡོད་པ་ཡིན་ན། བོད་ཕྱི་ནང་གི་བོད་མི་རྣམས་དང་འབྲེལ་བ་གནང་བའི་སྐབས་གནས་སྟངས་གང་འདྲ་ཞིག་ ཏུ་འགྱུར་རྒྱུ་རེད། བོད་གཞུང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་བཞིན་ཡོད་ལུགས་གང་སར་སྒྲོག་པའི་ཚེ་བཀའ་བློན་ཞིག་བོད་ཡིག་དང་བོད་སྐད་ཡག་པོ་མ་ཤེས་པ་ཞིག་ཐོན་ན་འགྲེལ་བརྗོད་ཇི་ལྟར་བྱེད།

གནད་དོན་འདི་ལྟ་བུའི་ཐོག་བགློ་གླེང་གང་ཡང་བྱས་མེད་པ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་དུ་འདུག གལ་ཏེ་སྤྱི་མཐུས་ག་གེ་མོ་ཞིག་གིས་གླེང་སློང་གནང་ཡོད་ན། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ལ་ཡང་འགྲེལ་བརྗོད་བྱ་རྒྱུའི་གོ་སྐབས་ཤིག་ཡོང་གི་རེད། དེ་ཡང་བྱུང་མ་སོང་། གང་ལྟར་ཐེངས་འདིའི་སྤྱི་མཐུས་ཀྱི་མི་སྨྲ་བའི་རྟུལ་ཞུགས་བཟུང་པ་དེས་བོད་ཀྱི་རྩ་དོན་ལ་གནོད་རྒྱུ་ལས་ཕན་རྒྱུ་ཞིག་མེད་པ་གསལ་པོ་རེད། མདོར་ན་བཀའ་བློན་སྤྱི་མོས་བྱུང་སྟངས་དེ་གཞི་རིམ་སློབ་གྲྭའི་དགེ་རྒན་འདེམས་སྟངས་ལས་ཀྱང་ལས་སླ་བ་ཞིག་བྱུང་སོང་།། དེ་ནི་སྲིད་སྐྱོང་བློ་བཟང་སེང་གེ་ལམ་འགྲོ་རྒྱུགས་པའི་རྟགས་ཤིག་རྩ་བ་ནས་མིན་ནོ།། །།

 

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 8

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སྐབས་འདི་འདྲར་བདག་གིས་ཕྱག་རོགས་སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་དྲན་ནོ།

    Reply
  2. ཚེ་རིང་བསམ་གྲུབ། says:
    ལོ་ 15 སྔོན།

    སྲིད་སྐྱོང་བློ་སེང་གིས་ནོར་བ་དེ་སྤྱི་མཐུས་ཀྱིས་ཡོ་བསྲང་མ་བྱས་སྡིག་པ་མི་བཙུམ་བྱས་ནས་མུ་མཐུད་དེ་བསྡད་ན་གྱོན་གུན་བོད་མི་རྣམས་ལ་རག་གི་ཡོད་པ་ལས། ད་ལྟའི་མི་ཆེན་བླ་ཆེན་ལ་གྱོང་ཅི་ཡང་མེད། དེ་ཚོ་བོད་མི་ཚོས་ཤེས་པ་བྱེད་དགོས།

    ད་བཀའ་བློན་བདམས་ཚར་བ་རེད། འདས་པ་ཕྱིར་སློག་བྱེད་དཀའ། དོན་དངོས་ཐོག་བཀའ་བློན་གསར་འདེམས་བྱས་པ་རྣམས་ནི་མཁྱེན་འཇོན་ལྷག་བསམ་ལྡན་པ་ཤ་སྟག་ཡིན་པའི་སྨོན་ལམ་དང་རེ་བ་བྱེད་བཞིན་ཡོད། ང་ཚོ་རླུང་རྟ་རྒྱུགས་པའི་རེ་བ་ཡོད། ངའི་སེམས་ཀྱི་དོགས་པ་རྣམས་ནོར་བ་ཡིན་པའི་རེ་བ་ཡོད།
    སུ་ལའང་མངོན་ཤེས་མེད་པར་བརྟེན་བརྩད་ཅིང་མ་དྲིས་པར་དོན་དངོས་གནས་ཚུལ་རྟོགས་མི་ཐུབ་པ་དེ་སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བ་ཚོས་ཀྱང་ཤེས་པ་བྱེད་དགོས། ཁ་གཏད་པ་ཚོས་ཀྱང་ཤེས་པ་བྱེད་དགོས། སྤྱི་མཐུས་རྣམ་པ་ཚོས་ཀྱང་ཤེས་པ་བྱེད་དགོས། སྲིད་སྐྱོང་དང་བཀའ་བློན་ཚོས་ཀྱང་ཤེས་པ་བྱེད་དགོས།
    བློ་རྒྱ་ཆུང་དྲགས་ན་སྙིང་ནད་སླེབས་པ་ཨོའོ་ཙམ་རེད། བོད་དོན་རྩ་བརླག་འགྲོ་ཉེན་འདུག ༧རྒྱལ་བའི་དགོངས་པ་འགལ་ཉེན་འདུག

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    གོང་གི་་་ནམ་སྟན་་་ནོར་འདུག་་་བསྟན་པ་ཡིན་་་དགོངས་དག

    Reply
  4. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    སྤྱིར་བདེ་ཆོས་ཀྱིས་བོད་སྐད་བོད་ཡིག་མ་ཤེས་ཀྱང་སྐྱོན་མེད. ཕྱི་འབྲེལ་བོད་ལ་འཛིན་དགོས་མ་རེད. བདེ་ཆོས་ལས་ལེགས་པ་ཆེས་མང་མོད. ངེད་ཚང་ལ་དེ་ལས་ལེགས་པ་མེད་པས་ཁོ མོ་མ་བཏང་རང་བཏང་རེད་
    དགོངས་དག

    Reply
  5. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ནམ་བསྟན་ནི་ཀླུད་ཤར་གཏོར་ནུབ་རེད་འདུག སྙམ
    ཚེ་བསམ་འགྲིག་ཀྱང. སྐབས་༡༤བའི་སྐབས་འཚོལ་བ་གང་མང་ལྷག་ཡོད་པས་་་་་
    དགག་བྱ་བྱས སྲིད་སྐྱོང་གིས་གསལ་བཤད་གནང. ལེགས་ན་མང་མོས་སུ་བཏངས་ན་. མི་མང་གིས་ཀྱང་བཀའ་བློན་དེ་ཤེས་པས་དགེ་མཚན་ཆེ་མོད. སྔ་ལོར་སྟན་མགོན་་དོན་དངོས་རྦད་དེ་འགལ་བའི་འབྲེལ་མེད་སྐྱོན་བརྗོད་བྱས་པ་ཙམ་ལ་བརྟེན་ནས་སྤྱི་འཐུས་༤༢ ནང་ནས་མང་མོས་འོས་བསྡུས་པར. དགག་བྱ་བྱེད་མི་༡༩ ཉིད་ལ རྒྱལ་ཁ་ཐོབ་སྟེ. ཆེས་འོས་ཤིང་ལེགས་པའི་བློ་བཟང་སྙན་གྲགས་ནང་བཞིན་ཆགས་སྲིད་དོ.

    Reply
  6. གནས་ཚང་། says:
    ལོ་ 15 སྔོན།

    ཁ་གྲགས་དུས་ནས་དབྱིན་སྐད་མ་བཤད་ན། བཙན་བྱོལ་བའི་ལྟོ་བའི་ནང་དབྱིན་ཟས་ཇི་ལྟར་རེག་གམ། སྐད་ཆ་བཤད་དུས་བསམ་བློ་གཏོང་དགོས་པ་མ་རེད་དམ། དབྱིན་སྐད་མ་བཤད་པར་སུ་ཞིག་ལ་སྦྱིན་བདག་རེག་མྱོང་ངམ།

    Reply
  7. བསྟན་པ། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོས་སྐྱོན་ཡང་མ་རེད་བསམ། བློ་སེང་གི་སྐྱོན་ཡིན་པ་རྩོད་མེད་རེད། སྔོན་ཁོ་རང་འོས་ཐོབ་ཆེད་དུ་ཁ་ནས་ག་རེ་བཤད་ཡོད་མེད། ང་ཚོ་ཚང་མ་གསལ་ཐག་ཆོད་རེད། འདི་དག་གི་དོན་དག་ཚོ་བཀའ་ཁྲི་རང་ལ་རག་ལས་བས་བློ་ཕམ་བྱུང་།

    Reply
  8. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    བསམ་ཚུལ་འདིར་ང་ཡང་ཚོར་སྣང་གཅིག་པ་སླེབས་སོང་། འོན་ཀྱང་ལྟོས་ཡོང་ན་སྤྱི་འཐུས་ཀྱི་གྲངས་འབོར་ཕྱེད་ཀ་གསར་བ་ཡིན་སྟབས་ད་དུང་ཁོང་ཚོ་གྲོས་ཚོགས་ཚོགས་དུས་གཉིས་གསུམ་ཞིག་ལ་གཉིད་སངས་ས་མ་རེད། བདེ་སྐྱིད་ཆོས་དབྱིངས་ལགས་སུ་དེང་རབས་ཀྱི་ཤེས་འབྱོན་ཡོད་པ་གང་ཞིག་ལ་ཁ་གྲགས་དུས་ནས་དབྱིན་སྐད་མ་གཏོགས་བཤད་ཀྱི་མི་འདུག
    ད་དུང་བསམ་ཚུལ་འགའ་ཡོད་ཀྱང་རྗེས་སུ་འགོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese