མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་ཕམ་ཤོས་ཤིག – བདེ་ཆེན་སྤེན་པ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp


༄༅།། འདི་ཟླའི་ཕྱི་ཚེས་བཅོ་བརྒྱད་དགོང་མོ་དུས་ཚོད་དྲུག་སྐར་མ་བཅུ་གཅིག་སྟེང་བརྒྱབ་པའི་ས་ཡོམ་དེ་ཚད་རིམ་དྲུག་དང་ཚེག་དགུ་ཡིན་པ་དང་། རྒྱ་གར་བྱང་ཤར་མངའ་ཁུལ་ཀ་རྡོར་སྒང་གསུམ་གྱི་ས་གནས་ཁག་་གཙོ་བོ་ཆགས་ཡོད། ཚད་རིམ་དྲུག་དང་ཚེག་དགུ་ཅན་གྱི་རྗེས་སུ་ཡང་བསྟུད་མར་ཚད་རིམ་བཞི་དང་ཚེག་བརྒྱད་དང་། བཞི་དང་ཚེག་དྲུག་སོགས་སྔ་ཕྱི་ཐེངས་ཉི་ཤུར་གཡོ་འགུལ་བྱུང་ཡོད་འདུག

 

གནས་ཚུལ་ཡོང་ཁུངས་ལྟར་ན་ད་བར་ཤེས་རྟོགས་བྱུང་བ་མི་གོ་བརྒྱད་ཙམ་འཆི་སྐྱོན་དང་། འགྲིམ་འགྲུལ་གྱི་ལམ་ཁ་དང་ཁ་པར་བརྒྱུད་ལམ་སོགས་འགག་སྟེ་ད་དུང་གནས་ཚུལ་རྒྱུས་ལོན་ཐུབ་མེད་པའི་ས་གནས་ཀྱང་གང་འཚམ་ཡོད་སྐད། གནས་ཚུལ་ནས་ད་དུང་ཤི་རྨས་ཀྱི་གྲངས་ཚད་འཕར་རྒྱུ་ཡིན་སྐོར་དང་། སྡོད་ཁྱིམ་ཐོར་ཞིག་ཏུ་ཕྱིན་པ་དང་གས་ཆག་ཏུ་གྱུར་པ། དེ་བཞིན་རི་ཉིལ་ས་ཉིལ་གྱིས་གཞུང་ལམ་ཆད་པ་སོགས་ཀྱི་དཀའ་ངལ་མུ་མཐུད་གནས་ཡོད་པ་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད།

 

ཨ་རི་ས་ཁམས་བརྟག་དཔྱད་ཚན་ཁག་ཅིག་གིས་བཤད་པ་ལྟར་ན། འདས་པའི་ལོ་སོ་ལྔའི་ནང་ད་ལྟ་ས་ཡོམ་རྒྱག་ཡུལ་དང་རྒྱང་ཁད་ཀེ་ལོ་མུ་ཊར་བརྒྱའི་གཡས་གཡོན་དུ་ས་ཡོམ་ཐེངས་བཅོ་བརྒྱད་ཙམ་བརྒྱབ་ཡོད་ཚུལ་དང་། དེ་དག་གི་ཁྲོད་ཚད་རིམ་ཆེ་བ་དེ་ཕྱི་ལོ་ ༡༩༨༠ ལོར་དྲུག་དང་ཚེག་གཅིག་ཅན་ཞིག་བྱུང་རྗེས། ད་རབས་ཀྱི་ས་ཡོམ་དྲུག་དང་ཚེག་དགུ་ཅན་འདི་ཚད་རིམ་མཐོ་ཤོས་དེ་ཡིན་པར་ངོས་འཛིན་གནང་ཡོད།

 

ཀ་རྡོར་སྒང་གསུམ་འདི་ལོ་རྒྱུས་ཐོག་བོད་མིར་འབྲེལ་ཡོད་ཀྱི་ས་གནས་ཤིག་ཡིན་པ་ཟད། ལོ་རབས་ལྔ་བཅུ་ནང་བོད་ལ་དུས་འགྱུར་བྱུང་རྗེས་སྐྱབས་བཅོལ་བོད་མི་ཉིས་ཁྲི་ཡས་མས་ཀྱི་འཚོ་རྟེན་བཅོལ་ཡུལ་དེ་ཆགས་ཡོད་སྟབས། ད་རེས་ས་ཡོམ་འདིས་འབྲས་ལྗོངས་ཁུལ་གྱི་ལ་ཆེན་ལ་ཆུང་བརྒྱུད་དུ་སྡོད་པའི་བོད་མི་དང་། ར་ཝང་ལ་ཀུན་ཕན་གླིང་བོད་མའི་གཞིས་སྒར། སྒང་ཏོག་ཏུ་གནས་སྡོད་བོད་མི་དང་དགོན་སྡེ། ཀ་སྦུག་ཁུལ་གྱི་བོད་མི་གཞིས་གྲོང་དང་དགོན་སྡེ།རྡོར་གླིང་ཁུལ་གྱི་བོད་མིའི་གཞིས་གྲོང་དང་དགོན་སྡེ་ཁག་ལའང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད།

 

ཡ་ང་བ་ཞིག་ལ་འབྲས་ལྗོངས་ཁོངས་སུ་རྒྱ་གར་བོད་སློབ་འཛིན་ཚོགས་འོག་འཛིན་རིམ་བརྒྱད་པ་བར་དང་། བོད་གཞུང་སཾ་སློབ་ཁྱབ་ཁོངས་འོག་འཛིན་རིམ་བརྒྱད་པ་བར་ཡོད་པའི་གཏན་སློབ་གཉིས་དང་། ཀ་སྦུག་ཏུ་རྒྱ་གར་བོད་སློབ་འཛིན་ཚོགས་འོག་འཛིན་རིམ་བཅུ་གཉིས་བར་ཡོད་པའི་གཏན་སློབ་གཅིག དེ་བཞིན་རྡོར་གླིང་དུ་འཛིན་རིམ་བཅུ་གཉིས་བར་དང་། བརྒྱད་པ་བར་ཡོད་པའི་གཏན་སློབ་གཉིས་དང་། བོད་གཞུང་སཾ་སློབ་ཁྱབ་ཁུངས་འོག་དམའ་རིམ་སློབ་གྲྭ་གཅིག་བཅས་བསྡོམས་སློབ་གྲྭ་ཁག་དྲུག་དང་།

གཞུང་འབྲེལ་མིན་པའི་ལྕགས་པོ་རི་སྨན་རྩིས་ཁང་དང་། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཤེས་ཡོན་གྱི་སྡེ་ཁག་ཇི་སྙེད་ཅིག་ཡོད།

 

གོང་གསལ་གྱི་ཤེས་ཡོན་སྡེ་ཁག་དེ་དག་གི་འཛུགས་བསྐྲུན་རྨང་གཞི་ལའང་གས་སྐྱོན་བྱུང་ཡོད་པ་མ་ཟད། དགེ་རྒན་ཤི་རྨས་ཀྱིས་མཚོན་སློབ་ཕྲུག་གི་སེམས་ཁམས་ལ་བརྗོད་མི་ཤེས་པའི་འཇིགས་སྣང་དང་དངངས་ཚོར་ཆེན་པོ་ཞིག་བསྐྲུན་ཡོད། ས་ཡོམ་གོད་ཆག་བྱུང་ནས་ད་བར་དུས་ཚོད་དྲུག་ཅུ་རེ་བརྒྱད་འགྲོ་བཞིན་ཡོད་ཀྱང་། རང་གཞུང་གི་སྲིད་སྐྱོང་མཆོག་གིས་དབུས་ཤེས་རིག་བཀའ་བློན་གྱི་མཚན་ཐོག་གམ། ཡང་ན་ཤེས་རིག་དྲུང་ཆེ་གང་རུང་གི་མཚན་ཐོག་ཏུ་སྐུ་ཚབ་ཆེད་གཏོང་གིས་སེམས་གསོའི་འཚམས་འདྲིའམ་ཡང་ན་དེ་མཐུན་གྱི་སྔོན་འགོག་ལམ་སྟོན་གནང་འཐུས་མེད་ཀྱང་། ས་གནས་བདེ་དོན་ཁག་བརྒྱུད་ཡིག་ཐོག་ནས་ངེས་པར་དེ་ལྟར་དགོས་ངེས་ཤིག་ཡིན་མོད། ད་བར་དེ་སྐོར་ལ་གྲག་འགུལ་གང་ཡང་མེད་པ་འདིས། དགེ་སློབ་མང་པོ་ཞིག་བློ་ཕམ་ངང་བསྡད་ཡོད་པ་མ་ཟད། དེ་ཁུལ་གྱི་བོད་མི་མང་པོ་ཞིག་གིས་ཀྱང་རང་གཞུང་གིས་ཐུགས་གསོའི་འཚམས་འདྲི་མེད་པར་ཡིད་ཐང་ཆད་ཡོད་ཚུལ་འབྲེལ་ཡོད་ཞིག་གིས་ཕྲན་ལ་བརྗོད་བྱུང་།

 

ས་ཡོམ་དེ་བྱུང་མ་ཐག་རྒྱ་གར་སྲིད་འཛིན་གྱིས་འབྲས་ལྗོངས་བློན་ཆེན་ལ་ཞལ་པར་ཕུལ་ནས་སེམས་གསོ་དང་གཞུང་གིས་སྐྱོབ་གསོ་ཇི་དགོས་སྐོར་བཀའ་མོལ་གནང་ཡོད་ལ། རྒྱ་གར་གཞུང་འཛིན་(congress)ཚོགས་པའི་རཱ་ཧོ་གྷན་དྷི་མཆོག་དང་ (West Bengal) མངའ་སྡེ་བློན་ཆེན་བློན་ཆེན་( Mamta Benerjee )རྣམས་ཀྱང་ས་གནས་རང་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་སོགས་ལ་གཞིགས་ཚེ། ང་ཚོའི་སྒྲིག་འཛུགས་འདིའི་འཛིན་སྐྱོང་གསར་ཚོར་ཡང་དེ་ཙམ་གྱིས་རེ་བ་གསར་བ་ཞིག་མེད་པ་ར་སྤྲོད་གསལ་བོ་བྱུང་།

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. ཚ་ཤོད་ཤེས་རབ། says:
    ལོ་ 15 སྔོན།

    སྔོན་མ་སྲིད་སྐྱོང་འདིས་ཤེས་ཡོན་སྐོར་ལ་ཁ་ཕོར་བསྒྲགས་པར་ཡིད་ཆེས་བྱས་པ་
    ཡིན།ད་ངོ་མ་དཔྱད་བརྗོད་པ་སྐོར་ཞིག་གིས་དེ་སྔོན་སྲིད་སྐྱོང་མཆོག་ལ་དོགས་གཞི་གནང་བའི་རྟགས་མཚན་རྣམས་མགོ་བཀའ་ཤགས་འདེམས་སྟངས་དང་།ས་ཡོམ་གྱིས་གནོད་སྐྱོན་ཐེབས་པའི་སློབ་གྲྭ་ཁག་ལ་འཚམས་འདྲི་མེད་པ་སོགས་ནས་རིམ་གྱིས་ཕྱི་ལ་ཐོན་གྱི་འདུག

    Reply
  2. རྟ་མགྲིན། says:
    ལོ་ 15 སྔོན།

    སེམས་སྐྱོ་གཞི་ཆེན་པོ་ཞིག་རེད། བོད་མིའི་མ་འོངས་པའི་སོན་རྩ་ཤེས་ཡོན་གྱི་ཁོར་ཡུག་དེ་འདྲ་མང་ས་ཞིག་ལ་ས་
    ཡོམ་བརྒྱབ་ནས་དུས་ཚོང་མོང་པོ་སོང་ནའང། སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ས་གནས་མི་དམངས་ལ་ཐད་ཀར་ཐུགས་
    གསོའི་འཚམས་འདྲི་ཙམ་ཡང་མ་གནང་བ་དེ། ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དྲ་བདག་ལགས། འདིར་མཆན་འགོད་ཅིག་ནོར་སོང་བས་འདོར་རོགས་ཞུ།

    Reply
  4. ཅང་མེད། says:
    ལོ་ 15 སྔོན།

    ཡ་ང་བའི་རང་གཞུང་། རག་ཡ་རག་སོང་་་་་་ཐོབ་ཡ་ཐོབ་སོང་། ད་ནི་ལྷོད་ལྷོག་བཞུགས། གཞིས་ཆག་ཁག་བཅས་ལ་སྔོན་འགོག་ལམ་སྟོན་དང་ཐུགས་གསོའི་མཚམས་འདྲི་ཞིག་མེད་པ་བློ་ཕམ་ཤིན་ཏུ་ཆེ། དེ་བས་ཀྱང་ཆེ།

    Reply
  5. བྱིལ་ཕོ། says:
    ལོ་ 15 སྔོན།

    རང་གཞུང་བོད་མའི་སྒྲིགས་འཛུགས་ཚོགས་པའི་ངོས་ནས་ད་ཐེངས་ས་ཡོམ་གྱིས་གོད་ཆག་བྱུང་ནས་ད་བར་དུ་བོད་སློབ་ཁག་གཅིག་དང་། གཞིས་ཆག་ཁག་བཅས་ལ་སྔོན་འགོག་ལམ་སྟོན་དང་ཐུགས་གསོའི་མཚམས་འདྲི་ཞིག་མེད་པ་བློ་ཕམ་ཤིན་ཏུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese