མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞུང་དང་མི་མང་ཁ་ཁར་མ་གཏོང་།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

གཞུང་དང་མི་མང་ཁ་ཁར་མ་གཏོང་།

འདྲེ་མགོ་རྡོ།

ན་ནིང་ད་ལོ་འདི་གཅིག་པུར་བོད་ནང་དུ་རྒྱ་ནག་གཞུང་ཚབ་ཁང་ནས་ལག་ཁྱེར་བླངས་ནས་འགྲོ་མཁན་གྲངས་ཀ་ཞིག་རྒྱག་དགོས་ན། དེའང་བསམ་བློ་གཏོང་དགོས་ས་ཞིག་ཆགས་ཡོད་ལ། མི་སུ་ཡང་རུང་བ་ཞིག་ལ་ལྷན་སྐྱེས་ནས་ཡོད་པའི་རྒྱལ་ཁབ་དང་མི་རིགས་ཀྱི་ཞེན་ཁོག་འགྲིབ་འགོ་ཚུགས་དུས་ཀྱང་ན་ནིང་ད་ལོ་འདིའི་ནང་ལ་ཤིན་ཏུ་ནས་ཕོན་ཆེན་པོ་ཞིག་བྱུང་སོང་ཞེས་ན་མི་འགྲིག་པ་གང་ཡང་མེད། དེ་ཡང་༧གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་ཡོངས་རྫོགས་རྩིས་སྤྲོད་གནང་བ་ནས། རྒྱལ་ཡོངས་ཚོགས་ཆེན་དང་སྤྱི་འཐུས་ལྷན་ཚོགས་རིམ་པར་འཚོགས་ཡོད་ནའང་། དོན་དམ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཡུལ་མིའི་རྒྱལ་ཁབ་ཅན་ཏུ་བསྒྱུར་རྒྱུའི་ཕྱོགས་ལ་ཚད་ལྡན་གྱི་གོམ་པ་གང་ཡང་མ་སྤོས་བར། དོན་དངོས་པོར་མདུན་དུ་བཞག་པའི་འགྱུར་བ་གང་བཏང་གི་གནས་ཚུལ་ལ་ལྟ་དུས། གཞུང་གི་མིང་འདོགས་ཚུན་ཆད་ནས་བཅའ་ཁྲིམས་ཀྱི་འགྱུར་བ་ཡོད་ཚད་ལྟོས་བཅས་ཀྱིས་དབུ་མའི་ལམ་གྱི་རྒྱབ་སྣོན་ལྟ་བུ་ཆགས་ཡོད། སྐབས་དེ་ནས་བཟུང་དམངས་ཁྲོད་ནས་དངོས་སུ་རྒྱལ་དོན་དཔྱ་ཁྲལ་མི་འབུལ་བའི་སྐད་སྒྲ་ཇེ་མཐོར་གྱུར་ཞིང་། འཚོགས་བཞིན་པའི་ཚོགས་དུས་གཉིས་པར་དེའི་ཐད་བསྐྱར་ཞིབ་འདྲ་མེད་དུས་ཤི་ཡང་ཤི་སྟངས་ཡག་པོ་ཞིག་འདེམས་ངེས་ཀྱི་བསམ་ཚུལ་སྤྱི་ཚོགས་ནང་རྦ་རླབས་ལྟར་འཕྱུར་བཞིན་པ་རེད། ད་ལྟ་ཡི་གེ་འབྲི་མཁན་ཁོ་བོ་ཡང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་དང་ཤར་བསྐྱོད་བྱེད་མཁན་ཡིན་ཡང་། ཐབས་བྱུས་བྱེ་བྲག་པ་གཅིག་ལ་གྲུབ་འབྲས་འབྱུང་ཆེད་རང་གི་ཡབ་མེས་ཀྱི་ཞལ་རས་ཚུན་ཆད་ཐབས་བྱུས་དེར་ཐག་ཉེ་བོ་དང་འདྲ་བོ་འབྱུང་ཆེད་ཚོན་རྩི་བྱུགས་པའི་ལས་འདི་འདྲ་ནམ་ཞར་ཡང་བྱེད་འདོད་མེད་ལ། བྱེད་ཀྱང་མི་སྲིད་པས། དབུ་མའི་ལམ་དུ་བསྐྱོད་ཕྱོགས་ལ་ཁ་ཤས་ཀྱིས་རིགས་པའི་གཞུང་ལུགས་མེད་པའི་གང་དྲན་བྱུང་རྒྱལ་ཡང་བྱེད་བཞིན་པར་དོགས་པ་རྒྱུན་བཅངས་སུ་ཡོད།

རྒྱབ་ལྗོངས་འདི་དང་སྤྱི་ཚོགས་ཀྱི་བསམ་བློ་གཏོང་ཕྱོགས་འདིའི་འོག་ནས་ཐད་འདེམས་བཀའ་ཁྲི་སྐབས་གསུམ་པས་བཀའ་བློན་གཞན་རྣམས་ཀྱི་འོས་མི་ཁྱེར་ཡོང་བ་དང་། དེར་གྲོས་ཚོགས་ནས་སྐར་ཆ་ཁ་ཤས་རིང་སྤྱི་མོས་རྒྱབ་སྐྱོར་གྱིས་བཀའ་ཤག་ལྷན་རྒྱས་འཛུམ་ཤིག་གེར་གྲུབ་ཐུབ་པ་བྱུང་ཡོད་མོད། སྲིད་སྐྱོང་པ་ཡིན་པའི་དགའ་ལྡན་ཕོ་བྲང་པའི་རྗེས་ཀྱི་ཁྲིམས་མཐུན་བོད་གཞུང་ཁྱབ་བསྒྱུར་བྱེད་པོ་མཆོག་ལའང་ད་དུང་སྤྱི་འཐུས་ལྷན་ཚོགས་སུ་སྲིད་སྐྱོང་འདོགས་མིན་ལའང་ཐེ་ཚོམ་བྱེད་བཞིན་ཡོད་ལ། དེ་བཞིན་བོད་མིར་རང་ཆས་སུ་ཡོད་པའི་ལར་ཞེན་ལ་བདག་པོ་རྒྱག་མི་ཐུབ་པའི་སྒྲིག་འཛུགས་ཞེས་པའི་མིང་འདི་ལའང་འགྱུར་བ་གཏོང་ཐབས་མེད་ཚུལ་བཤད་འདུག གནས་བབ་འདི་ལས་མེད་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་དང་མཉམ་རུབ་བྱེད་དགོས་པའི་བཀའ་བློན་ཁྲི་པ་མཆོག་ལ་མཚོན་ནའང་། དེ་བསྟུན་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་བྱེད་རྒྱུར་མཐུན་རྐྱེན་འདང་ངེས་ཡོད་ཀྱང་། གོང་མ་འགྲིག་སྔོན་ནས་ཚོང་རྗས་སྤྲོད་རྐྱང་བྱེད་པའི་དབུ་མའི་ལམ་གྱི་རྒྱབ་སྣོན་འགྱུར་བ་གཏོང་ཕྱོགས་འདི་ལམ་དུ་མ་ལྷོངས་པ་ཡིན་ན་འགན་ཁུར་མི་ཐུབ་པ་གསལ་བོ་ཡིན་པ་མ་ཟད། མཐར་གཏུག་ན་འདི་དག་ཡོངས་རྫོགས་༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེའི་སྒང་དུ་འདེད་ཀྱི་ཡིན་པ་གསལ་བོ་རེད་ལ། སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་ཀྱིས་ཀྱང་བརྒྱུད་ལམ་ཅིག་ཏུ་འགྱུར་བ་འདི་དག་གོང་ནས་ལྡོག་མེད་ཀྱི་བཀའ་ལྕི་ཕེབས་པས་ཅི་བྱ་གཏོལ་མེད་ཀྱིས་འགྱུར་བ་བཏང་ཚུལ་བཤད་འདུག་པ་འདི་དཔེ་མཚོན་གསལ་བོ་ཞིག་རེད།

གལ་སྲིད་བོད་རྒྱ་འབྲེལ་མོལ་གྱི་གྲོས་ལ་དབང་བའི་སྐབས་སུ་ཕྱོགས་གཉིས་ལ་ཆ་རྐྱེན་དང་། འཕྲལ་དུ་བྱེད་དགོས་པ་དང་རྣམ་འགྱུར་སྟོན་དགོས་རིགས་མང་དག་ཅིག་ཡོད་སྲིད་མོད། དབུ་མའི་ལམ་ལ་རྩ་དོན་གཉིས་ཡོད་པ་དེ་ག་དུས་ཡིན་ནའང་འགལ་དུ་མི་རུང་བ་རིགས་པའི་གཞུང་ལུགས་ཀྱིས་གཏན་འབེབས་བྱས་ཡོད། ང་དང་ངོས་བཀའ་ཤག་གང་དུ་ཡོད་སར་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ངའི་མི་མང་གིས་ཡིད་ཆེས་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་རེད་ཅེས་དང་བོད་གཞུང་དགའ་ལྡན་ཕོ་བྲང་པ་སྐྱབས་བཅོལ་ཏུ་འབྱོར་ནས་ལྷུན་རྩེ་རྫོང་ནས་འཕྲལ་སེལ་གཞུང་ཁྱབ་བསྒྲགས་དང་དེ་ནས་མ་ས་མ་རི་དང་། རིམ་པར་རྡ་རམ་ས་ལར་དེའི་རྟེན་གཞི་བཙུགས་པ་འདི་ལོ་རྒྱུས་ཡིན་ལ། འགྱུར་བ་གཏོང་ཐབས་མེད་པའི་ལོ་རྒྱུས་དངོས་གནས་པ་དེ་ཡིན་པས། ངའི་མི་མང་གིས་ངོས་ལེན་བྱེད་ཀྱི་ཡོད་ན་གཞུང་ཡིན་ལ། གཞུང་དེའང་དེ་ལྟར་བཙན་བྱོལ་དུ་འབྱོར་ཐུབ་ཡོད་པ་ལོ་རྒྱུས་སུ་གསལ་བ་ལྟར་དང་། ད་ལྟ་ལོ་རྒྱུས་ཀྱི་རྒྱུན་དེ་མཐུད་པའི་དགའ་ལྡན་ཕོ་བྲང་པའི་སྲིད་དབང་རྩིས་སྤྲོད་ཟིན་ནའང་། དེའི་རྒྱུན་མཐུད་ཀྱི་གཞུང་དེ་ཤི་མེད་ལ། གཞུང་གི་བྱེད་པོ་སུ་ཡིན་ཡང་། གང་ལྟར་གཞུང་དེ་ཡོད་དགོས་པས། ཡིག་ཐོག་ནས་ཀྱང་གསལ་ཞིང་གསལ་བ་ཞིག་ཡོད་དགོས་པ་རེད་མ་གཏོགས། སེམས་ནས་ཡོད་པར་བསྒོམས་པས་མི་ཆོག་ལ། ཆོག་ན་རང་དབང་ཡང་ཡོད་པར་བསྒོམས་མི་ཆོག་གང་ཡང་མེད།

མེད་པ་ཡོད་པར་སྒྲོ་བཏགས་ན་དོན་དངོས་མ་ཡིན་པ་དེས། ཐ་སྙད་དང་ནང་དོན་གཉིས་ཀྱི་བར་ཁྱད་བོད་མི་ཚོར་གསལ་ཞིང་གསལ་བོར་ངེས་འདུག་པ་མ་ཟད། ལོ་རྒྱུས་ཅན་གྱི་མཚན་གནས་རིན་པོ་ཆེ་༧ཏཱ་ལའི་བླ་མའང་ད་ལྟ་ད་དུང་སྤྱོད་བཞིན་པ་དང་། སྤྲུལ་སྐུ་ལ་ཡིད་ཆེས་མེད་བཞིན་དུ་བློ་བཟང་བསྟན་འཛིན་གྱི་སྔོན་ནས་ཟམ་གདོང་བོར་མ་མྱོང་བས་ཀྱང་གསལ་བཤད་བྱས་ཡོད་ལ། ༧གོང་ས་མཆོག་ལའང་བོད་ཀྱི་བླ་མ་ཞིག་རེད་ཅེས་པ་ལས་༧ཏཱ་ལའི་བླ་མ་ཞེས་པའི་མཚན་འདི་ཡག་ཅིང་། དེ་ལས་ཀྱང་ནོ་བྷེལ་ཞི་བདེའི་དེད་དཔོན་ཞེས་པ་འདི་དེ་བས་ཀྱང་རྒྱལ་སྤྱིའི་གོ་སླ་བ། མཚན་དེ་ལ་བརྟེན་ནས་བོད་དང་བོད་མིར་དོན་དམ་གྱི་ཕན་ཐོག་ཆེན་པོ་བྱུང་ཡོད་པས་མིང་དོན་གཉིས་ལས་མཚམས་རེ་འགར། ད་དུང་ཆབ་སྲིད་ནང་མིང་འདི་གལ་ཆེ་བ་ཞིག་ལས་གཞན་སུའང་མིན།

ཡིན་ནའང་། ད་ལྟ་འུ་ཅག་སེམས་དཔའ་ཆེན་པོ་དག་གི་སྤྱོད་པའི་ལམ་དུ་ཞུགས་ནས་མིང་མི་གཙོ་དོན་གཙོ་བོར་ཞུགས་ཏེ། སེམས་ན་ཞི་བདེ་ཁྲ་ལམ་མེར་ཡོད་ན་གྱོན་གོས་རུལ་ནས་དམར་ཧྲང་སེར་ཁྲོམ་གཞུང་ནས་བཞུགས་ཐུབ་པའི་སྙིང་སྟོབས་ཡོད་ཚོད་གདའ་བས། གང་བཤད་ཀྱང་ཕན་ཐོག་ཅིག་འབྱུང་བར་རེ་བ་མེད་ཀྱང་།

རྒྱ་ནག་གིས་ལག་ཁྱེར་སྤྲོད་རྐྱང་བྱེད་པ་དང་། བོད་དུ་འགྲོ་མཁན་ཆུ་བོ་བཞིན་བཞུར་པ་ཚོས་ད་ནི་གཞུང་ཡོད་པ་མ་རེད་ཅེས་དང་། སྔ་མོའི་གཏམ་རྒྱུད་བོད་ནས་ཕེབས་མཁན་ཚོ་ལ་སྣེ་ལེན་མ་གཏོགས་གཞིས་ཆགས་ཀྱི་མཐུན་འགྱུར་མེད་པ། བོད་ནས་སླེབས་པའི་སྐད་ཡིག་གཉིས་ལྡན་ཚོར་དབྱིན་ཇིའི་སྐུར་ཡིག་ཅིག་མི་འཁྱོང་མཁན་འགྲོ་སར་འགྲོ་མི་ཐུབ་པའི་གནས་སྟངས་རྣམས་བདེན་པ་རེད་ཅེས་བཤད་ངེས་ལ། ད་དུང་བཀའ་ཁྲི་མཆོག་གིས་བོད་ནས་སླེབས་པའི་བཀའ་ཁྲི་མེད་དོན་དབྱིན་ཡིག་རྒྱུ་མཚན་དུ་བཀོད་པ་དག་གི་གླེང་ཕྱོགས་ལ་གཞིགས་ན། སྔ་མོ་སྔ་མོ་ཞིག་ལ་རྒྱ་ནག་གིས་བཤད་པའི་སྐད་ཆ་ཞིག་ཡིད་ལ་འཁོར་བ་སྟེ། ལོག་སྤྱོད་པ་ཁ་ཤས་ཀྱིས་༧ཏཱ་ལའི་བླ་མ་བཙན་ཁྲིད་བྱས་ནས་ཁོང་ཚོའི་ཁེ་ཕན་ཆེད་རྒྱལ་ཁབ་ཕྱི་རོལ་དུ་ཟིང་སློང་གི་ཡོད་ཚུལ་བཤད་པ་དེ་རེད་ལ། བསྐོར་བ་ལན་གསུམ་བརྒྱབས་ན་ལྷུངས་ས་འདིའང་ཡིན་ངེས་ཆེ་བས།

བོད་ཕྱི་ནང་གཉིས་ཁ་ཕྲལ་མ་འགྲོ་བ་ཞིག་དང་། དོན་དག་ག་རེ་ཡིན་ནའང་གཞིས་ལུས་རྒྱ་ཆེའི་མི་མང་གཙོ་བོ་ཡིན་པ་དེ་ལག་ལེན་བསྟར་ན། བོད་ཀྱི་ལོ་རྒྱུས་དང་བོད་མིའི་སེམས་ཁམས་བོད་མིའི་མངོན་འདོད། བོད་མིའི་རིག་གཞུང་དང་ཞགས་རྩི་གཙོ་བོ་ཡིན་པའི་སྣེ་ཁྲིད་དང་འཛིན་སྐྱོང་བྱེད་དགོས་ཚོད་རེད་དོ།

༢༠༡༡། ༩། ༢༡། ཤར་མར་བགྱིས།

མཆན། 8

  1. ཅོ་རི་ཉི་མ། says:
    ལོ་ 11 སྔོན།

    འདྲེ་དེའི་སྐད་ཆ་ཡག་པོ་་་་་་་མགོ་རྡོག་རང་ད་ཡིན་ས་མ་རེད། གཞུང་དགོས།

    Reply
  2. འདྲེ་མགོ་རྡོ། says:
    ལོ་ 11 སྔོན།

    དྲ་གྲོགས་རྣམས་ཕེབས་ནས་བསམ་ཚུལ་གསུངས་བ་དགའ་ལ། དོན་དག་ཤེས་ནས་སྐད་ཆ་བཤད་ཐུབ་ན་དེ་བས་ཀྱང་དགའ་འོ།

    Reply
  3. གནས་ཚང་། says:
    ལོ་ 11 སྔོན།

    ད་རེས་འདྲེ་འདིས་མི་སྐད་བསྐྱོན་འདུག རྩོམ་འདིར་རྒྱབ་བསྐྱོར་ཡོད།

    Reply
  4. Dawai Shonu says:
    ལོ་ 11 སྔོན།

    འདྲེ་གོ་རྡོ། ཁྱེད་རང་བོད་ཡིག་ཏོག་ཙམ་འབྲི་ཤེས་པ་ཙམ་གྱིས་གང་བྱུང་བྲིས་ན་མི་འགྲིག ཁྱེད་རང་གི་རྩོམ་ནང་གཏམ་གསར་པ་དང་ཞིབ་འཇུག་རང་བཞིན་གྱི་གནས་ཚུལ་གང་ཡང་མིན་འདུག ནམ་རྒྱུན་མི་ཁག་ཅིག་གི་སྡུག་སྐད་རྒྱབ་བཞིན་པའི་སྐད་ཆ་དེ་རང་རེད་འདུག རྩོམ་འབྲི་འདོད་ན་སྔོན་ལ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་སློབ་སྦྱོང་ལེགས་པོ་བགྱི།

    Reply
  5. མང་ཐོས། says:
    ལོ་ 12 སྔོན།

    ང་ཚོའི་སྒྲིག་འཛུགས་འདི་ཡི་བརྟན་བརླིང་ནི། །
    གལ་ཆེ་ཡིན་པ་སེམས་ནས་འབོར་མི་ཉན། །
    གཞུང་མིང་སྐམ་པོར་ཞེན་ཆགས་བྱེད་པ་ལས། །
    ཕུགས་བསམ་འགྲུབ་པའི་ལམ་ཆེན་དང་དུ་ལོངས། །

    Reply
  6. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    དེ་མིན་ཁྱེད་ཀྱི་གསར་རྙིང་དབར་མཐོ་དམན་གྱི་གཏམ་འཆལ་རིགས་མང་པོ་བྲིས་འདུག་པས་དེ་དག་ལ་དགག་པ་རྒྱག་རིན་དང་བསམ་འཆར་བྲིས་རིན་ཅང་མ་མཆིས།

    Reply
  7. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    བོད་ནང་དུ་ལོག་མཁན་ཇི་ཙམ་མང་པོ་བྱུང་བ་དེ་ཙམ་གྱིས་ཡག་པོ་རེད། དེ་མིན་རྒྱ་གར་དང་ཕྱི་གར་ཡུལ་གྲུ་ཁག་ཏུ་བོད་མིའི་མཚན་ཤས་བཟོས་ནས་བསྡད་ན་ཕན་ཐོགས་གང་ཡོད། གལ་སྲིད་བོད་ནང་དུ་ལོག་ཐུབ་ན་བོད་ནང་གི་ང་ཚོ་བོད་ཀྱི་ས་བོད་པ་རང་གིས་བདག་པོ་རྒྱག་ཐུབ་ཀྱི་རེད། དེ་མིན་ག་ལེར་རྒྱ་ལག་ཏུ་ཤོར་ཉེན་ཆེན་པོ་ཡོད། བྱས་ཙང་རྒྱ་ཆེ་ས་ནས་བསམ་བློ་གཏང་དགོས་པ་གནད་ཆེ།

    Reply
  8. གྲགས་བསོད་ says:
    ལོ་ 12 སྔོན།

    མགོ་རྡོག་ཁྱོད་ཀྱིས་ལ་ཞེན་དང་འབྲེལ་བའི་སྙིང་གཏམ་ཞིག་འདི་ན་བཤད་འདུག་ཀྱང་ཉོན་མཁན་མེད་པས་བཤད་མི་ཁྱི་དང་འདྲ་ཞེས་དཔེར་མི་འགྲོ་བའི་ངེས་པ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist