མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ་སྙིང་རྩ་དང་ཀླད་པའི་ནད་གཞི་ཞིག་གིས་ངྷི་སྒར་རྒྱ་གར་སྨན་ཁང་ཞིག་ནས་སྐུ་གྲོངས་འདུག

ད་ལྟ་རིང་གནས་ཚུལ་འབྱོར་གསལ་ལ། བོད་མི་མང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ་སྔོན་མ་ནས་སྙིང་རྩ་དང་ཁྲག་ཤེད་ཀྱི་ནད་གཞི་ཞིག་ཡོད་པ་དང་། ཉེ་ལམ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སྟེ་ཁོང་ཉིན་ ༥ རིང་ཚོགས་བཅར་གནང་ཡོད་ཀྱང་། ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབུམ་ཚོགས་ལ་བཅར་ཏེ་ཕྱིར་ལོག་མཚམས་བློ་བུར་དུ་ནད་གཞི་ཇེ་སྡུག་ཏུ་སོང་སྟེ་ཅན་ངྷ་སྒར་རྒྱ་གར་སྨན་ཁང་ཞིག་ཏུ་ཁྲིད་ཡོད་པ་དང་། དེའི་རྗེས་སྙིང་ལ་གཤག་བཅོས་བྱས་ཏེ་ཅུང་ཇེ་བཟང་དུ་སོང་ཡོད་ཀྱང་། རྗེས་སུ་བསྐྱར་དུ་ཀླད་པའི་ནང་ཁྲག་བབས་ཏེ་ཇེ་སྡུག་ཏུ་སོང་སྟེ་མཐར་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ ། ༢༠ སྟེང་ཅན་ངྷི་སྒར་རྒྱ་གར་སྨན་ཁང་ཞིག་ནས་སྐུ་གྲོངས་ཡོད་འདུག

དེ་རིང་ཉིན་རྒྱབ་སྤྱི་འཐུས་གྲོས་ཚོགས་ཀྱིས་ལས་མཚམས་བཞག་སྟེ་འདས་པོ་བོད་མི་མང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱི་ཆེད་དུ་བསྔོ་སྨོན་ཞལ་འདོན་ཚོགས་བཞིན་འདུག

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 38

  1. མི་ཆུང་། says:
    ལོ་ 14 སྔོན།

    རྒྱལ་ཞེན་པ་ཁོང་གི་སྐུ་ཡི་འཕེན་པ་རྫོགས་པར་མྱ་ངན་གུས་བཏུད་ཞུ།

    Reply
  2. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུྃཿ
    མི་ལུས་རིགས་བཟང་འཐོབ་སྨོན་ལམ་ཞུ།

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    འགོ་རྩོམ་དང་འབྲེལ་བ་ཡོད་མེད་མི་ཤེས། གཅིག་བྱས་ན། ཁྱེད་ཚོས་དྲ་རྒྱ་འདི་ཀློག་མྱོང་ཡོད་ཀྱི་མ་རེད། དྲ་རྒྱ་འདིའི་མིང་ལ་ལྷ་སའི་ཆོས་གྲོགས་དྲ་རྒྱ་ཟེར་ཞིང་། བོད་ནང་དུ་ཀློག་མཁན་ཡང་མང་དག་གཅིག་ཡོད། འདིའི་ནང་དུ་ཉེ་ཆར་ལྷ་སའི་ནང་དུ་སློབ་འབྲིང་དང་སློབ་ཆེན་དབར་ལ་སྙན་ངག་གྱེར་འདོན་འགྲན་ཚོགས་ཞིག་ཚུགས་འདུག འདིའི་སྐོར་ནི་ཁ་བྱང་འདིའི་སྟེང་དུ་བསྣན་ན་ཀློག་ཐུབ་ངེས། http://www.tibetson.com/Item/Show.asp?m=1&d=1706 ཐགས་རྗེ་ཆེ།

    Reply
  4. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    གནས་ཚུལ་འདི་གོ་མ་ཐག་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་ཞིག་གིས་འདུག་མི་བཟོད་ཀི ཡིན་ན་ཡང་ མིག་ནས་མཆུ་མ་བཞུར་ཀྱིན་ངག་ལས་མ་ཎི་རེ་བགྲང་རྒྱུ་ལས་ཐབས་གཞན་མི་འདུག འདས་བོ་ཁོང་ན་མཚོན་ན་བོད་མི་དམངས་འཐུས་ནང་གི་འདྲ་འདྲ་ནང་གི་མི་འདྲ་བ་ཞིག་ཡིན། ངོ་མ་བཙལ་བྱོལ་སྒྲིག་འཛུགས་དང་བཅལ་བྱོལ་མི་དམངས་ལ་དགོས་གལ་ཆེ་བའི་མི་སྣ་ཞིག་ཡིན། འདས་བོ་ཁོང་སླར་ཡང་འཕགས་མཆོག་སྤྱན་རེ་གཟིགས་ཀྱིས་ཉེ་བཞིན་དུ་རྗེས་སུ་བཟུང་སྟེ་བོད་ཁ་བ་གངས་ཅན་གྱི་ཞིང་དུ་སྐྱེས་ནས་མི་རིགས་འདི་དང་བསྟན་པ་འདི་ལ་རླབས་ཆེན་གྱི་བྱ་བཞག་སྒྲུབ་མཁན་གྱི་མི་སྣ་ཞིག་ཏུ་སྐྱེས་བར་ཤོག

    Reply
  5. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    བོད་ཀྱི་སྐད་ཡིག་གི་ནང་དུ་ཞེ་ཚིག་མང་དུ་བེད་སྤྱོད་བྱས་པས་རང་རེའི་རིག་གཞུང་གི་བརྡ་དག་དང་སུམ་རྟགས་དང་ཚིག་གྲུབ་ཀྱི་འགྲོ་ལུགས་སོགས་ལ་སྐྱོན་ཆ་ཐེབས་པས་དོན་དག་གསལ་བོ་སྟོན་མི་ཐུབ་པ་ཞིག་ཆགས་ཀྱི་འདུག

    Reply
  6. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    ལྷག་དཀར་ལས་འགུལ་ལགས།
    སྤྱིར་གསར་འགྱུར་གྱི་ཚིག་འགྲོས་ཤིག་ཡིན་ནཞེ་ས་དང་ཚིག་རྒྱན་རིག་དགག་བྱ་ཡིན་མོད། བོད་པ་ཚོར་དམིག་བསལ་ཡིན་པའི་དབང་དུ་བྱས་ཀྱང་ཞེ་ས་ཐལ་དྲགས་ན་དོན་སྒྲིབ་འགྲོ་བའི་ཉེན་ཁ་མེད་དམ་སྙམ།
    ༼ རྒྱ་གར་སྨན་ཁང་ཞིག་དུ་ཁྲིད་འདུག ༽ཅེས་བཀོད་པ་ཅུང་གུས་ཞབས་མེད་པ་ལྟ་བུ་ཞིག་ཆགས་འདུག་པ་ངོས་ལེན་ཡོད།
    ༼ རྒྱ་གར་སྨན་ཁང་ཞིག་ཏུ་གདན་འདྲེན་ཞུས་འདུག ༽ཅེས་བཀོད་ན་ཞེ་ས་ཅུང་ཐལ་དྲགས་པས་དེའི་གོང་དུ་ཞེ་ཚིག་གཞན་མེད་པ་ལྟ་བུ་རེད།
    ༼ རྒྱ་གར་སྨན་ཁང་ཞིག་ཏུ་ཕེབས་འདུག ༽ཞེས་བཀོད་ན་གང་འདྲ་ཡོད་ན་བསམས་ཏེ་བསྐྱར་དུ་བསམ་བློ་གཏོང་དགོས་བྱུང་སོང་།

    Reply
  7. ལྷག་དཀར་ལས་འགུལ། says:
    ལོ་ 14 སྔོན།

    དུས་བབ་ཚང་ལགས།
    བོད་མི་དམངས་ཀྱི་མཐུས་མི་ཞིག་ཡིན་ཙང་གུས་བཀུར་དང་བརྩི་འཇོག་ཞུ་དགོས།
    སྤྱི་གནང་འདུག་མོད། འོན་ཀྱང་༼རྒྱ་གར་གྱི་སྨན་ཁང་ཞིག་ཏུ་ཁྲིད་འདུག༽ལྟ་བུར་བལྟས་དུས་བརྗོད་མི་ཤེས་པའི་ཚོར་བ་འགའི་འཕར་ཆ་མཐོ་པོར་བསླེབས་བཅུག་སོང་། དེའི་ཚབ་ཏུ་རྒྱ་གར་གྱི་སྨན་ཁང་ཞིག་ཏུ་གདན་འདྲེན་ཞུས་འདུག༽ལབ་ན་ཏག་ཏག་མིན་འགྲོ་སྙམ། །

    Reply
  8. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    ༄༅། །ཕྱི་མའི་གྲོགས་ལ་བསྲིངས་བའི་ཞུ་འཕྲིན་སྐྱོ་གདུང་སེམས་ཀྱི་རྦ་རླབས།

    ཁ་སང་བྷང་ལོར་གྲོང་དུ་འབྱོར་ནས་དུས་བབ་དྲ་རྒྱ་བསྔོགས་པ་ན། །
    རྒྱལ་ཞེན་ཤེས་འཇོན་ལྷག་བསམ་གཏེར་གྱུར་གྲོགས་མཆོག་ཕྱི་མར་ཆས་སོང་ཞེས། །
    མི་སྙན་གཏམ་ངན་ཚེར་ལྕག་རྩུབ་མོས་བདག་སྙིང་དུམ་བུ་འབུམ་དུ་གཙབས། །
    སླར་ཡང་བསམ་ཚེ་སྐྱེ་རྒ་ན་འཆིའི་མི་རྟག་སྒྱུ་མའི་ཆོ་གར་རྟོགས། །
    རྒྱ་བོད་ས་མཚམས་སྲུང་བའི་རྒྱལ་རོང་བས། །
    སྨད་ཕྱོགས་རྒྱ་ལ་གཡུལ་འཁྲུལ་ཉུང་ཉུང་མིན། །
    དཔུང་གིས་རྒྱ་དམག་བཏུལ་བ་ཉུང་ཉུང་མིན། །
    གངས་རིའི་རླུང་རྟ་བསྡད་པ་ཉུང་ཉུང་མིན། །
    རྒྱལ་རོང་དཔའ་སྡེའི་བརྒྱུད་པ་གྲོགས་ཁྱོད་དང་། །
    མི་ལོ་ལྔ་རིང་སྤྱི་འཐུས་གྲོས་ཚོགས་སུ། །
    གངས་ལྗོངས་ལས་དོན་མཉམ་ལས་བྱས་པའི་རིང་། །
    རྒྱལ་ཞེན་ཤེས་འཇོན་ཆེ་ཞིང་ཧུར་བརྩོན་གྱིས། །
    ཀུན་ཕན་སྤྱི་དོན་ཟོལ་མེད་ཁྱེད་ཀྱིས་བསྒྲུབས། །
    མཐོ་སར་སྤྲེལ་ལད་འཁྲབ་པའི་སྤྱི་འཐུས་མིན། །
    ཉམ་ཐག་མཐོང་ཆུང་བྱེད་པའི་སྤྱི་འཐུས་མིན། །
    རྒྱལ་བའི་བཀའ་དགོངས་སྒྲུབ་པའི་སྤྱི་འཐུས་ཡིན། །
    འབངས་དོན་གཙོ་བོར་སྒྲུབ་པའི་སྤྱི་འཐུས་ཡིན། །
    དེ་རིང་རྒྱ་གར་རྒྱ་མཚོའི་འགྲམ་ན་ཁོ་བོས་ཁྱོད་ཉིད་དྲན་ཙམ་ལས། །
    ཕྱི་མར་ཆས་པའི་བློས་ཐུབ་གྲོགས་ལ་ཕན་པའི་ལས་ཤིག་ཅང་མ་མཆིས། །
    འོན་ཀྱང་མཆོག་གསུམ་བསླུ་མེད་ཞིང་དུ་གདུང་ཤུགས་དྲག་པོས་གསོལ་འདེབས་ཀྱིས། །
    དུས་གསུམ་བསགས་པའི་དགེ་རྩ་ཅི་མཆིས་གྲོགས་ཁྱོད་བདེ་བའི་རྫོངས་བར་འབུལ། །
    སྐྱེ་ཀུན་དར་བའི་རྟེན་བཟང་རིམ་བརྒྱུད་ཕྱག་ན་པདྨོའི་ཐུགས་བཞེད་ལྟར། །
    རླབས་ཆེན་སྤྱོད་པས་མཁའ་ཁྱབ་འགྲོ་རྣམས་བརྩེ་བ་ཆེན་པོས་རྗེས་འཛིན་གྱིས། །
    རྫོགས་སྨིན་སྦྱང་གསུམ་ཕ་མཐར་མྱུར་ཕྱིན་མཆོག་གི་གོ་འཕང་མངོན་གྱུར་ཡང་། །
    རྒྱ་བོད་ས་མཚམས་སྲུང་བའི་དཔའ་སྡེ་རྒྱལ་རོང་ཡུལ་ལ་དུས་ཀུན་གཟིགས། །

    Reply
  9. འབྲི་གུང་སྒྲོན་མེ། says:
    ལོ་ 14 སྔོན།

    འདས་པོ་ཁོང་སྤྱི་དོན་ནམ་བོད་དོན་ལ་བྱས་རྗེས་ཡག་པོ་བཞག་ཡོད་ས་རེད། མི་ལུས་དོན་ལྡན་རེད་རྗེས་སུ་ཡི་རངས་ཡོད། ལུས་རྟེན་ཡག་པོ་ཞིག་ཐོབ་པར་ཤོག། ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ

    Reply
  10. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    ང་ཚོ་བོད་རིགས་ཚང་མས་རང་རིགས་རྒན་གཞོན་རྣམས་ལ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་གོམས་སྲོལ་འདི་ནི་གངས་ཅན་པ་ཡོངས་ཀྱི་ཤེས་རྒྱུད་དུ་གནས་པའི་ཆོས་ཉིད་ཡིན།

    Reply
  11. མངའ་རིས་བུ། says:
    ལོ་ 14 སྔོན།

    ཕྱི་རྒྱལ་ལ་སྡོད་མཁན་གྱི་སློབ་ཕྲུག་ཚོར་ཅི་ཡིས་ཕྱིར་སློབ་དེབ་ཟུར་དུ་བཟོ་དགོས་པ་རེད།
    ཕྱིར་སྡོད་བོད་རིགས་ཀྱི་ཕ་མ་དེ་ཚོ་ཀྲོག་ཀྲོག་ཡིན་པའི་ཁུལ་བྱས་ཏེ་རང་གི་ཕྲུག་གུ་ནང་དུ་སླེབས་དུས་བོད་སྐད་མི་རྒྱབ་པར་ཕྱི་རྒྱལ་གྱི་སྐད་རྒྱབ་པའི་སྲོལ་ངན་ཞིག་ཆགས་འདུག རྒྱ་བལ་དུ་ཡོད་པ་དེ་ཚོ་ལའང། ཕ་མ་སློབ་གྲྭར་འགྲིམས་མྱོང་བར་མ་ཟད་རང་ཉིད་སློབ་གྲྭ་རིན་འགོང་ཆེ་ས་དབྱིན་སྐད་དང་ཧིན་སྐད་སོགས་རྐྱང་སྦྱོང་སའི་སློབ་གྲྭར་བསྐྱོད་པ་ལ་བརྟེན་ནས་ཕྱིས་སུ་རང་ཉིད་ཀྱི་ཕྲུག་གུ་ཡང་སློབ་གྲ་དེ་རིགས་ལ་གཏོང་ཐབས་དང། དེ་དུས་རང་གི་ཕྲུག་གུར་དབྱིན་སྐད་ལས་བོད་སྐད་རྒྱབ་རྒྱུར་ཚེར་སྣང་ཆེན་པོ་བྱེད་ཀྱི་འདུག་པ། དེ་རིགས་ཡག་པོ་ཁྱོན་ནས་མ་རེད། དགོས་པའི་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་མི་བྱེད། ་མི་དགོས་པའི་གཞན་གྱི་སྐད་ཡིག་ཤེས་ཁུལ་གྱི་ཆེ་མདོག་ཁ་བོ་དེ་རིགས་བོད་མི་རིགས་ཀྱི་སྐད་ཡིག་གི་བསྟན་དགྲ་རེད། ལྟོས་དང། ཨ་རིར་ཡོད་པའི་ཀོ་རི་ཡ་བ་དང། རྒྱ་རིགས་དེ་ཚོས་རང་མི་རིགས་ཀྱི་སྐད་ཡིག་ནམ་ཡང་དོར་གྱིན་མེད། མ་ཟད་རང་མི་རིགས་ཕན་ཚུན་དབར་ལ་གླེང་མོལ་ཐམས་ཅད་རང་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་འབྲེལ་བ་བྱེད་ཀྱིན་འདུག ད་དུང་མགྲིན་སྤོབས་སྟེག་ནས་ཤོད་ཀྱིན་འདུག ཡིད་མི་ཆེས་ན། ཨ་རིའི་གྲོང་ཁྱེར་ལོས་ཨེན་ཇིལ་དང། Los Angel
    སོགས་སུ་ཕྱིན་ཏེ་ལྟས་ཏེ་ཧ་གོ་གི་རེད།
    བོད་པ་སྐྱག་པ་ལྐུགས་པ་གསུམ།
    ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་གི་རེད་པ།

    Reply
  12. ཁྱུང་དཀར says:
    ལོ་ 14 སྔོན།

    ཨ་ཧོ། སྤྱི་འཐུས་རེ་བ་ཅན་པོ་སྤྱི་དམངས་ཀྱི་ཆེད་དུ་ཡུན་རིང་འཚོ་དགོས་ནའང་། གློ་བུར་ཐོལ་རྒྱག་ལ་ང་ཚོ་དང་གཏན་དུ་གྱེས་པ་གོ་དུས་དངོས་གནས་སེམས་ཕམ་པོ་བྱུང་། ཞོར་དུ་ཁོང་གི་ནང་མི་ཚོར་མྱ་ངན་གུས་འདུད་ཞུ་ཀི་ཡོད།

    Reply
  13. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཤིན་ཏུ་བློ་ཕམ་བྱུང་། བོད་གཞུང་ལ་ཕྱག་ལས་ཡུན་རིང་གནང་མཁན་ཞིག་འདས་གྲོངས་སོང་བ་ནི་ངོ་མ་ཕངས་པོ་རེད། འདས་པོ་ཁོང་མྱུར་བ་ཉིད་དུ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སླར་ཡང་སྐྱེ་བའི་སྨོན་འདུན་ཡོད།

    Reply
  14. རྨ་ཆུའི་སྐལ་བཟང་། says:
    ལོ་ 14 སྔོན།

    དམ་བ་ཁོང་ལ་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ།
    སྐྱེ་བའི་ཚེ་རབས་ཕྲེང་པར་༸འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པར་སྨོན།།

    Reply
  15. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ཁོང་ལ་མྱ་ངན་བྱེད་དང་བྱེད་བཞིན་ཡོད། དེ་མིན་ནང་མི་ཚང་མ་ལ་གདུང་སེམས་མཉམ་བསྐྱེད་ཡོད། སླར་ཡང་བོད་དོན་ཆེད་དུ་སྐྱེ་བའི་སྨོན་ལམ་གང་མང་འདེབས།

    Reply
  16. སྟག་ཕྲུག says:
    ལོ་ 14 སྔོན།

    དྲང་ཚུགས་ཅན་གྱི་སྤྱི་འཐུས་ཁོང་སྐུ་གཤེགས་པར་མྱ་ངན་ཞུ།

    Reply
  17. གངས་ཕྲུག says:
    ལོ་ 14 སྔོན།

    ཁོང་དངོས་ནས་སྤྱི་འཐུས་ཡག་པོ་ཞིག་ཡིན། སྐུ་ལས་མང་པོ་བསྐྱོན་ཡོན།

    Reply
  18. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    འཇིག་རྟེན་ན་ཡོད་དུས་ཡག་བཤད་བྱེད་པ་གོ་མ་མྱོང་། ད་དུང་ཁོ་ཚེ་ཚུལ་ཁྲིམས་རྡ་སར་ཡོང་དུས་ཁོང་གིས་ཅིག་མ་འགྲིག་མ་སོང་ཚུལ་མང་བོ་བཤད་སོང་། དེ་རིང་འདི་ལྟར་གྲོངས་རྗེས་ཡག་རབས་བཟང་རབས་མང་བོ་བཤད་བཞིན་འདུག འདི་བོད་པ་ཚོ་དང་ལྷག་པར་དུ་ཨ་མདོ་བ་ཚོའི་གཤིས་ཀ་ཞིག་རེད། དེས་ཕན་ནི་མ་རེད། དེ་ལས་མ་ནི་འགའ་རེས་ཐོན། དེ་རིང་ནས་སུ་ལ་བཟང་ཡོད་ན་གསོན་ཐོག་ནས་ཤོད། ཤི་རྗེས་ཁ་ཚུམས།

    Reply
  19. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་རྒན་གྲས་དང་བོད་ཀྱི་ལས་དོན་ལ་ཧུར་ཐག་འབད་བརྩོན་གནང་མཁན་གྱི་དམ་པ་ཁོང་ལ་བསྔོ་སྨོན་དང་ཤུལ་ལུས་སྐུ་ལྕམས་མཆོག་དང་བུ་མོ་གཉིས་ལ་སེམས་གསོ་ཡོད།

    Reply
  20. ལུང་རྟོགས། says:
    ལོ་ 14 སྔོན།

    སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ལ་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  21. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཧ་ཅང་སེམས་པ་སྐྱོ་སོང་་་་ཁོང་གི་མི་ཚེ་ཧྲིལ་བོར་བོད་མི་རིགས་ཀྱི་ཆེད་དུ་དཀའ་ལས་བརྒྱབས་པ་རེད། དར་འབྱོར་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་འདེབས།

    Reply
  22. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཁོང་ལ་ག་དུས་ཐུག་ན། རྡ་རམ་ས་ལའི་གསར་འབྱོར་བདག་མེད་ཚོའི་སྐོར་བཀའ་འདྲི་གནང་གི་རེད་ལ། དཀའ་ངལ་ཅན་རྣམས་ངོ་སྤྲོད་བྱེད་རོགས་ཞེས་ཡང་ཡང་གསུངས་གི་ཡོད། ཉིན་ཞིག་ཁོང་གིས་ང་ཚོས་ཕར་བཙལ་ནས་རེ་རེ་བཞིན་འགྲོ་མི་ཐུབ་པས། འདི་ན་སྐྱིད་སྡུག་ལ་ལྟ་མཁན་ཐབས་ཆག་ཅིག་ཡོད་པ་རེད་ཅེས་བཤད་རོགས་གནོང་ཟེར། སྐབས་དེར་ཁོང་ཉིད་མདོ་སྨད་དབུས་རྒྱུན་ལས་ཀྱི་ཚོགས་གཙོ་རེད། ཕྲན་སྒེར་ལའང་བསླབ་བྱ་དང་བོད་གཞུང་ཞབས་ཞུ་སྒྲུབ་རྒྱུ་གནད་འགག་ཡིན་ཚུལ་གསུངས་མྱོང་། ད་དུང་ཁོང་གིས་མདོ་སྨད་དབུས་རྒྱུན་གྱི་རྩིས་ཁྲའི་ཆེད་དུ་དཀའ་ལས་རྒྱབ་པ་དང་དབུས་རྒྱུན་དེའང་སྤྱི་མཚུངས་སྤྱི་འགྲོས་སུ་ཞུགས་ཐུབ་པར་དཀའ་ལས་གདོང་ལེན་མང་པོ་གནང་ཡོད་འདུག སྤྱིར་མདོ་སྨད་པ་དག་གིས་སྐྱིད་སྡུག་འཛུགས་རྒྱུ་གཙོ་བོར་མི་འཛིན་པས། དབུས་རྒྱུན་གྱི་སྐོར་མདོ་སྨད་མི་མང་ལ་རྒྱུས་མངའ་ཞེ་དྲག་མེད་པ་རེད། དེ་བས་དེ་རིང་ཡང་ཁོང་ཉིད་འདི་ལྟར་བཞུད་སོང་བ་ཤེས་ཚོད་དཀའ་ཡང་། དོ་དགོང་ཆུ་ཚོད་གཉིས་པར་སྐུ་ཕུང་བདེ་ལེགས་སྨན་ཁང་དུ་འཇོག་རྒྱུ་ཡིན་པ་དང་། ཕྱི་ཚེས ༡ ལ་སྐུ་ཕུང་སྦྱིན་བསྲེགས་གནང་རྒྱུ་རེད་འདུག་པས། དེ་རྣམས་གང་ན་སུ་བཞུགས་པ་རྣམས་ཀྱིས་ཤེས་དགོས་པ་རེད་འདུག

    Reply
  23. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ༼ དེ་ཡང་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ནི། ཁོང་ཕྱི་ལོ་ ༡༩༥༢ ལོར་འཁྲུངས་ཤིང༌། ༡༩༥༩ ལོར་རྒྱ་གར་དུ་འབྱོར་ཏེ་རིམ་པའི་སློབ་ཞུགས་གནང་། ཕྱི་ལོ་ ༡༩༦༩ ཟླ་ ༡ ཚེས་ ༣༡ ནས་ ༡༩༩༤ ཟླ་ ༡༠ ཚེས་ ༣༡ བར་ལོ་ངོ་ ༢༦ ལྷག་རིང་དྭང་སློབ་དམག་སྒར་ནང་ཞུགས། དེ་ནས་ཐེག་པ་རིམ་འཛེགས་ཀྱིས་འགོ་འཛིན་ལས་རོགས་(Assistant Political Leader)བར་ལས་དྲུང་དང༌། ལས་ཁུངས་དོ་དམ་པ། བརྒྱ་དཔོན། བཟོ་གཞིས་ལས་ཁང་འགན་འཛིན་བཅས་ཀྱི་ལས་ཁུར་ཐོག་སྲི་ཞུ་བསྒྲུབས་མྱོང་ཡོད། ཕྱི་ལོ་ ༡༩༩༤ ལོ་མཇུག་ཏུ་དྭང་ཞབས་ནས་རྩ་དགོངས་ཞུས་རྗེས་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་ གཞིས་གྲོང་བརྒྱ་དཔོན་དང༌། ས་གནས་དྭང་ཟུར་སྐྱིད་སྡུག་གི་རྒྱུན་ལས་ལོ་གསུམ་གནང་། ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་ཁུར་ལོ་དྲུག་དང་མན་སྤར་ས་གནས་ འཐུས་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་བསྟུད་མར་སྐབས་གཉིས་ལས་ཁུར་གནང་
    ནུབ་བྷང་གྷལ་མངའ་སྡེའི་རྒྱལ་ས་ཀ་ལི་ཀ་ཏ་བོད་མིའི་སུད་ཚོང་གི་འགན་འཐུས་ལོ་ ལྔ། མདོ་སྨད་ཆོལ་ཁའི་སྐབས་ ༡༡ པའི་དབུས་སྤྱི་ཁྱབ་རྒྱུན་ལས་ལོ་གསུམ་ཞུས། ཕྱི་ལོ་ ༢༠༠༦ ཟླ་ ༣ ནས་ ༢༠༠༩ ཟླ་ ༤ ཚེས་ ༢༨ བར་སྐབས་ ༡༣ པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོའི་ལས་ཁུར་གནང་། སྐབས་ ༡༣ དང་ ༡༤། ༡༥ བཅས་ལ་མུ་མཐུད་མདོ་སྨད་མི་མང་ནས་སྤྱི་འཐུས་སུ་འདེམས་གནང་བ་བཞིན། ད་བར་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ཆ་ཚང་ཆད་མེད་ཚོགས་བཅར་གྱིས་ལས་ཁུར་ཞུ་ ཡོད་པ་མ་ཟད། སྐབས་ ༡༣ པ་དང་སྤྱི་འཐུས་རྒྱུན་ལས་ལོ་བཞི་དང་སྐབས་ ༡༤ པར་ལོ་གསུམ་དང་ཕྱེད་ལྷག་ལས་ཁུར་ཞུས་ཡོད་ལ་སྐབས་ད་བར་མང་ཚོགས་རྩིས་ཁྲའི་ ཚོགས་ཆུང་དང༌། ལོ་འཁོར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་སོགས་སྤྱི་འཐུས་ལྷན་ཚོགས་དང་ རྒྱུན་ལས་ཀྱི་ཆེད་འཛུགས་ཚོགས་ཆུང་འདྲ་མིན་ ༢༥ ནང་བསྐོ་གཞག་བྱུང་བ་ལྟར་ཞབས་ཞུ་ཧུར་སྐྱེད་ཞུས་དང་ཞུ་མུས་ལགས་ཤིང། གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་སྙིང་དབུས་སུ་བཅངས་ཏེ་བཙན་བྱོལ་ བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་རྩ་དོན་ ཆེད་མདོ་སྨད་མི་མང་ནས་ཇི་ལྟར་ཐུགས་རེ་གནང་དོན་བཞིན་རང་ནུས་གང་ཐུབ་ཀྱིས་འབད་བརྩོན་ལྷོད་མེད་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་འདུག་པ་བཅས།།༽ ལོ་རྒྱུས་སྙིང་བསྡུས་འདི་སྒྲིག་འཛུགས་ཀྱི་དྲ་བ་ནས་བཤུས་པ་ཡིན། དམ་པ་ཁོང་ནི་སྐུ་ཚེ་གང་བོར་བོད་ཀྱི་དོན་དུ་ཕྱག་ལས་གནང་ནས་ཉི་མ་དེ་རིང་སྐུ་ཚེ་འཕེན་པ་མ་རྫོགས་བར་མཐའ་སྐྱེལ་མཁན་ཞིག་རེད་འདུག

    Reply
  24. sangkye says:
    ལོ་ 14 སྔོན།

    སྤྱི་མཐུས་ཟླ་བ་ཚེ་རིང་ལ་སྙིང་ནས་མྱ་ངན་ཞུ་གི་ཡོད། སྤྱི་མཐུས་ཟླ་བ་ཚེ་རིང་ཚེ་སྤྱི་མའི་ལམ་སྣ་དྲོངས་བར་བྱིན་གྱིས་རློབས། ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ

    Reply
  25. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    དེ་སྔ་སྤྱི་འཐུས་གྲོས་ཚོགས་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་རེ་རེའི་སྔོན་རྩིས་ཐོག་ཏན་ཏན་ཏིག་ཏིག་གིས་ཞིབ་ཚགས་གནང་མཁན་སྤྱི་འཐུས་གཉིས་ཡོད། གཅིག་གོང་གསལ་འདས་པོ་རྒྱལ་རོང་ཟླ་བ་ཚེ་རིང་དང་། གཞན་དེ་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་གཉིས་རེད།
    འཆར་ཅན་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ལོ་རེར་ཚོགས་དུས་གཉིས་ཡོད། གཅིག་སྤྱི་ཟླ་ ༣ པའི་ནང་དབུས་བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་སྐོར་རེད། གཞན་དེ་སྤྱི་ཟླ་ ༩ ནང་ཁྲིམས་བཟོའི་ལས་དོན་དང་ལྷན་ཁང་ཁག་གི་ལས་བསྡོམས་ལ་ཞིབ་འཇུག་སྐོར་རེད།
    སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནི། སྐབས་བཅུ་གསུམ་དང་བཅུ་བཞི་ ༢༠༠༡ – ༢༠༡༡ བར་གྱི་མདོ་སྨད་ཆོལ་ཁོངས་ཀྱི་སྤྱི་འཐུས་ཤིག་ཡིན། སྐབས་བཅོ་ལྔ་པར་སླར་ཡང་བདམས་ཐོན་བྱུང་སྟེ་བོད་སྤྱི་དོན་ལ་ཕྱག་ལས་གནང་མགོ་བརྩམས་ཡོད། སྔོན་རྩིས་གཏན་འབེབས་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱུང་སོང་གི་དངུལ་གྲངས་ས་ཡ་བརྒྱ་ཕྲག་མང་པོའི་རྩིས་མགོ་ཆེ་ཕྲ་ཆུང་གསུམ་ལ་དོ་ནན་ཆེན་པོས་ཞིབ་འཇུག་བྱས་ཏེ། དོགས་གནས་ཁ་གསལ་བཟོ་བ་དང་། སྐྱོན་གནས་འཐེར་འདོན་གནང་མཁན་གཙོ་བོ་དེ་ཡིན། གཞིས་ཆགས་ཁུག་ཀྱོག་དང་ཁ་ཐོར་བོད་མིའི་རྩིས་ཁྲ་ཡང་ཁོང་གིས་ཞིབ་ཏུ་མཁྱེན། ཁོང་མདོ་སྨད་དབུས་རྒྱུན་ཚོགས་གཙོར་བསྡད་པའི་རིང་། འདས་པའི་ལོ་མང་རིང་མགོ་ཉོག་ཆགས་ཡོད་པའི་རྩིས་ཁྲ་གཙང་སེལ་བཟོས་ཡོད་ལ། ཁོང་གི་ལས་རྒྱུན་རིང་མདོ་སྨད་རྒྱུན་ལས་དངུལ་འབོར་ཆེ་ཤོས་ཆགས་ཡོད་རབས་ཀྱང་བཤད།

    འོན་ཀྱང་ཡིད་ཕངས་པ་ཞིག་ལ། ཁོང་དེ་རིང་འདི་ལྟར་སྐུ་གྲོངས་སོང་།
    སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ནི། སྐབས་བཅུ་གསུམ་དང་བཅུ་བཞི་ ༢༠༠༡ – ༢༠༡༡ བར་ཨ་རིའི་སྤྱི་འཐུས་རེད། ཁོང་ཐོག་མར་སྤྱི་འཐུས་ནང་ཕེབས་སྐབས་བོད་ཡིག་བོད་སྐད་ཡག་པོ་འགྲོ་དཀའ་བའི་སྐད་ཆ་འདུག སྤྱི་བའི་ལས་འགན་ཕྲག་ཏུ་བབ་རྗེས་རང་འགན་རང་གཅེས་ཀྱིས་བོད་ཡིག་བོད་སྐད་ཧྲ་ཐག་ཐག་བཟོས་སོང་། ཁོང་གིས་གཞུང་གི་རྩིས་ཁྲའི་ཐོག་གཟབ་ནན་ཆེན་པོ་གནང་བ་མ་ཟད། ཨ་ནཱ་ཞ་ཀོག་གཅིག་ཀྱང་སྣང་མེད་མི་བྱེད་པའི་བཤད་སྲོལ་ཡོད། ཨ་རི་དང་ཡུ་རོབ་ཁག་གི་བོད་རིགས་ཚོས་འདས་པའི་ལོ་མང་རིང་། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་སྒྲུབ་འཇལ་མ་ཐུབ་པར་གཅིག་ཐོག་གཉིས་བརྩེགས་ཀྱིས་ལྷག་ཡོད་པ། ཁོང་གིས་གྲོས་ཚོགས་ནང་ཁ་ནས་ཁྲག་ཐོན་རག་བར་བཤད་པའི་གྲུབ་འབྲས་ལ། ཕྱེད་བཅག་གི་ཁྲིམས་གཞི་གཏན་འབེབས་ཀྱིས་མང་པོ་ཞིག་གིས་གཞུང་ལ་དཔྱ་དངུལ་འབུལ་ཐུབ་པ་བྱུང་བ་ཡོད།
    འོན་ཀྱང་ཞེ་མིག་པ་ཞིག་ལ་ཁོང་སྐབས་ ༡༥ པའི་སྤྱི་འཐུས་འོས་གཞི་ལས་དགོངས་པ་ཞུས་སོང་།

    Reply
  26. ཁྲི་གཡུང་དྲུང་། says:
    ལོ་ 14 སྔོན།

    ཡིད་དབང་རབ་ཏུ་སྐྱོ་སོང་། འདས་པོ་ཁོང་ལ་སྙིང་ནས་མྱ་ངན་ཞུ།ཨྰོོཾ་མ་ཏྲི་མུ་ཡེ་སལེ་འདུ།ཨྰོོཾ་མ་ཏྲི་མུ་ཡེ་སལེ་འདུ།ཨྰོོཾ་མ་ཏྲི་མུ་ཡེ་སལེ་འདུ།ཨྰོོཾ་མ་ཏྲི་མུ་ཡེ་སལེ་འདུ།ཨྰོོཾ་མ་ཏྲི་མུ་ཡེ་སལེ་འདུ།ཨྰོོཾ་མ་ཏྲི་མུ་ཡེ་སལེ་འདུ།ཨྰོོཾ་མ་ཏྲི་མུ་ཡེ་སལེ་འདུ།

    Reply
  27. ཨ་མཆོག་ཚངས་ཐིག says:
    ལོ་ 14 སྔོན།

    ཨྂ་མ་ཎི་པདྨེ་ཧཱུྂཿ བདེ་བ་ཅན་དུ་སྐྱེ་བར་ཤོག འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པར་ཤོག
    དྲྭ་གྲོགས་ཚོ། ང་ཚོས་མ་ཎི་བགྲང་རྒྱུ་ལས་ཅི་ཡང་བྱེད་མི་ཐུབ་པ་རེད་དམ། མ་རེད། ང་ཚོས་འདས་པོ་དམ་པ་ཁོང་གིས་ལོ་རྒྱུས་ལ་ཕྱིར་མིག་རེ་ལྟོས་དང་། ཁོང་གི་བསམ་བློའི་གཤིས་ཀ་དང་། ཤེས་རིག་གི་གོམས་སྟབས། ལྷག་བསམ་དང་དྲང་བདེན་གྱི་སྙིང་སྟོབས་བཅས་ལ་ཕྱིར་མིག་རེ་ལྟོས་དང་། ང་ཚོས་ཁོང་སོང་ཟིན་པའི་འོག་ཏུ་ཁ་གསབ་བྱེད་དགོས་པ་ཤིན་ཏུ་མང་ལ། ཁོང་གིས་ཤུལ་བཞག་གི་དངོས་པོ་རྒྱུན་སྐྱོང་བྱ་དགོས་པ་རེའང་ཡོད་ངེས་རེད། ང་ཚོས་བསམ་གཞིག་དང་ཟབ་ནན་བྱེད་དགོས་ས་དེ་སྣ་མང་ཞིག་ཡིན་པ་ལས། མ་ཎི་བགྲང་རྒྱུ་གཅིག་པོ་དེ་ག་ལ་ཡིན། ང་ཚོས་ཁོང་སྐྱེལ་མ་བྱེད་ཐབས་དེ་སྣ་མང་ཞིག་ཡིན་པ་ལས། མ་ཎི་བགྲང་རྒྱུ་གཅིག་པོ་དེ་ག་ལ་ཡིན།
    མཐའ་དོན་ཁོང་གི་ནང་མི་ཚོ་ལའང་དམ་པ་ཁོང་གི་རྗེས་ཤུལ་ཟིན་པ་རེ་བྱེད་རྒྱུ་དང་། ཁོང་གི་དམིགས་ཡུལ་ལས་ནམ་ཡང་འགྱུར་བ་མེད་པར་༸གོང་ས་མཆོག་དང་། དམ་པ་ཁོང་ལ་རེ་ཞིང་ལྟོས་པའི་མི་མང་གིས་བསམ་འདུན་འགྲུབ་ཐུབ་པ་རེ་བྱེད་རོགས་ཞེས་ཐུགས་གསོའི་སྔོ་སྨོན་དང་བཅས།

    Reply
  28. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    དངོས་གནས་བློ་ཕམ་་བྱུང་། བློ་རྩེ་ཆིག་སྒྲིལ་ངང་༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་མར་ཕེབས་ཐུབ་མཁན་འདི་འདྲ་ཞིག་བཙལ་དགོས་ན་ཉུང་ཉུང་ཡིན། ང་ལ་མཚོན་ཁ་ཞེ་གཉིས་མེད་ངང་གུས་འདུད་བྱེད་མཁན་ཞིག་ཡིན་པས། དེ་རིང་ཧ་ཅང་བློ་ཕམ་བྱུང་།

    Reply
  29. དམ་སྲི་འབྱུང་པོ། says:
    ལོ་ 14 སྔོན།

    ཨ་ཁ་ ང་རང་གི་ཁྱིམ་ནང་བདག་པོ་གཅིག་གྲོངས་བ་དང་ཁྱད་པ་མི་འདུག ཡིན་ན་ཡང་བསྔོ་སྨོན་རྒྱབ་པ་ལས་གང་ཡང་བྱེད་ཡ་མི་འདུག

    Reply
  30. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    ང་དེ་རིང་གྲོས་ཚོགས་གསར་འགོད་པའི་མིང་ཐོག་ནས་བོད་མི་མང་སྤྱི་འཐུས་དག་གི་གསུང་བཤད་རྣམས་ཡིག་འགོད་བྱེད་བཞིན་ཡོད། བདག་གི་ལས་རོགས་སློབ་གྲྭོགས་ཤིག་གིས་གཏམ་ངན་དེ་ཁྱེར་ནས་གདོང་པ་ངན་པ་ཞིག་བསྟན་ནས་སླེབས་སོང་། དུས་རྒྱུན་གྲོས་ཚོགས་སྐབས་སུ་རང་དོན་ལ་དགོངས་པ་མི་ཞུ་བ་དང་། བཅའ་ཁྲིམས་བསྐྱར་བཅོས་ལ་བློ་རྩེ་གཅིག་གཏོད་ཀྱིས་དྲི་བ་དྲི་ལན་གྱི་ཕྱོགས་ལ་འབད་འབད་དུང་དུང་གིས་ཡོད་པའི་བདག་གི་སྤྱི་འཐུས་འདི་ལྟར་མི་ཡུལ་ནས་གྱེས་སོང་བར་གོ་དུས། དོན་དངོས་སྟེང་ནས་ཡིག་གཏགས་བྱེད་ནས་འདུག་མ་ཐུབ་པར་ལམ་སེང་ང་ཚོ་སློབ་ཕྲུག་ཚོས་ལས་མཚམས་བཞག་ནས་གཙུག་ལག་ཁང་དུ་མཆོད་འབུལ་བྱེད་དུ་ཕྱིན་པ་ཡིན། གང་ལྟར་སྤྱི་འཐུས་འདི་གྲོངས་སོང་བས་བདག་གི་སེམས་པ་ཧ་ཅང་གྲང་སོང་། བདག་གི་མིག་ཟུང་ཆུ་འཁྱག་གིས་ཁྱབ་སོང་། ཨོཾ་མ་ཎི་པདྨེ་ཧཱུཾ། བདེ་ཅན་དུ་སྐྱེ་བར་ཤོག

    Reply
  31. ཨ་མཆོག་ཚངས་ཐིག says:
    ལོ་ 14 སྔོན།

    ཨ་ཡ། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་། ཨོྂ་མ་ཎི་པདྨེ་ཧཱུྂཿ

    Reply
  32. འབུར་ཐོ། says:
    ལོ་ 14 སྔོན།

    ཡིད་སྐྱོའི་གནས་ཚུལ་འདི་འདྲ་ཞིག མྱ་ངན་དང་ནང་མི་ལ་སེམས་གསོ་ཡོད།

    Reply
  33. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བཀུར་འོས་སྤྱི་འཐུས་མཆོག་གློ་བུར་ཞིང་དུ་གཤེགས་པ་ཤིན་ཏུ་བློ་ཕམ་ཆེན་པོ་བྱུང་། ཁོང་ཉིད་སླར་ཡང་སྐུ་ཚེ་འདིའི་ལས་དོན་མཇུག་མཐུད་དུ་བོད་དོན་འདེགས་པའི་བོད་མི་ཞིག་ཏུ་མགྱོགས་ནས་མྱུར་ཏུ་སྐྱེས་ཏེ། གངས་ཅན་མགོན་པོའི་ཞབས་དང་འབྲལ་བ་མེད་པར་ཤོག

    Reply
  34. རལ་གྲི says:
    ལོ་ 14 སྔོན།

    བོད་དོན་སྔར་བཞིན་ལུས་ཡོད་པས ཁྱོད་ཚོ་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་བཞུད་ན་
    ང་ཚོས་སུ་ལ་རེ་བ་བྱེད་དགོས ཡིན་ཡང སྐྱེས་སོང་བའི་མཐར་འཆི་དགོས་པ་ནི་འཇིགས་རྟེན་གིྱ་ཆོས་ཉིད་དུ་གྲུབ་སོང་བས་བྱ་ཐབས་བྲལ་
    ཞིང་ཤམ་བྷ་ལར་སྐྱེས་བའི་སྨོན་ལམ་ཡོད

    Reply
  35. རལ་གྲི says:
    ལོ་ 14 སྔོན།

    འདས་པོ་ཁོང་ལ་མྱ་ངན་དང་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་མཚམས་འདྲི་གྲངས་མེད་ཞུ

    Reply
  36. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    འདས་བོ་མཆོག་གིས་ད་བར་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གང་མང་གནང་ཡོད་པས།
    སྙིང་ནས་གུས་ཡིག་དྲུག་གི་གསོལ་འདེབས་ཞུ་ཞུ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  37. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བཀུར་འོས་གྲོས་ཚོགས་འཐུས་མི་དང་ངོ་ཤེས་གྲོགས་པོ་དགའ་ཞིག་འདི་ལྟར་གློ་བུར་ཕྱི་མར་གཤེགས་པར་ཧ་ཅང་བློ་ཕམ་བྱུང། གངས་ཅན་མགོན་པོའི་ཐུགས་རྗེ་དང་གང་གི་ལེགས་བྱས་རྟེན་འབྲེལ་གྱིས་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས།

    Reply
  38. ཅང་མེད། says:
    ལོ་ 14 སྔོན།

    ཨ་་་བོད་པ་ཚང་་་ད་ཀྱི་བྱེད། མིག་སྐྲངས་ཐོག་ལ་ཁུ་ཚུར་…….
    གཅིག་རྗེས་གཉིས་མཐུད་་་་་ ཨེ་མོ་ཧོ་་་་བོད་པ་ཚང་།
    བདེ་བར་ཅན་དུ་སྐྱེ་བར་སྨོན། ཨོྃ་མ་ཎི་པདྨེ་ཧཱུྃཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese