མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་འཁོར་དབང་ཆེན་སྐབས་མི་ལྔ་ཁྲི་ལ་སྡོད་གུར་གོ་སྒྲིག་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp


ལོ་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༣༡ ཉིན་ནས་ ༢༠༡༢ ལོའི་ཟླ་ ༡ ཚེས་ ༡༠ ཉིན་བར་༧གོང་ས་མཆོག་གིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢ པ་དེ་བསྩལ་རྒྱུ་ཡིན་པ་ལྟར། ཉིན་འདི་འགར་དུས་དབང་གྲ་སྒྲིག་ཚོགས་ཆུང་གིས་རྡོ་རྗེ་གདན་དུ་གསུང་ཆོས་ར་བ་དང་མང་ཚོགས་ཀྱི་སྡོད་གུར། དེ་བཞིན། ཆུ་གློག་དང་གསང་སྤྱོད་གསར་རྒྱག་གི་ལས་གཞི་འདྲ་མིན་སྤེལ་ཏེ། ཐེངས་འདིའི་དུས་དབང་ཚགས་ཚུད་ཡོང་བར་འབད་བརྩོན་གནང་བཞིན་ཡོད་འདུག

དུས་དབང་གྲ་སྒྲིག་ཚོགས་ཆུང་གི་དྲུང་གཞོན་ཐུབ་བསྟན་བྱམས་པ་ལགས་ཀྱིས་བརྗོད་པ་ལྟར་ན། ཐེངས་འདིའི་དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་གཙོ་གྲས་རྣམས་ནི། ཨ་རུ་ཎ་ཅལ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་དམ་པ་དེའི་ནང་མི་དང་། རྣམ་རྒྱལ་གྲ་ཚང་གི་མཁན་རིན་པོ་ཆེ། རྟ་དབང་དགོན་པའི་མཁན་པོ་དང་བླ་མ་ངག་དབང་ནོར་བུ་སོགས་ཡིན་ཞིང་། དུས་དབང་གི་སྦྱིན་བདག་ཁོངས་སུ་ཚོགས་པ་དང་མི་སྒེར་བ་ཁྱོན་ ༢༥ ཙམ་ཡོད་འདུག་ལ། སྦྱིན་བདག་དེ་ཚོ་སྐུ་སྒེར་ཡིག་ཚང་གིས་ཆོག་མཆན་ཐོབ་པ་རྐྱང་ཆགས་ཡོད།

གསུང་ཆོས་ར་བའི་གུར་དང་། མང་ཚོགས་སྤྱི་བྱིངས་ཀྱི་སྡོད་གུར་དུས་དབང་གྲ་སྒྲིག་ཚོགས་ཆུང་གིས་འགན་འཁུར་གྱི་ཡོད་འདུག་ལ། དེ་མིན་གྱི་མཐུན་རྐྱེན་ཁག་འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡༨ ཉིན་དུས་དབང་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས། བྷེ་ཧར་རི་མངའ་སྡེ་པཱ་ཊི་ཎ་གྲོང་ཁྱེར་དུ་ཕྱིན་སྟེ། མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་ལ་སྙན་སེང་ཞུས་པར། གུར་རྒྱག་སའི་ས་ཆ་དང་། ཆུ་དང་གློག གསང་སྤྱོད། མི་མང་གི་བདེ་འཇགས། སྐུའི་སྐྱོབ་སྲུང་སོགས་ཁས་ལེན་གནང་ཡོད་འདུག

གྲ་སྒྲིག་ཚོགས་པའི་ངོས་ནས་ད་ལོར་འཛམ་གླིང་ཕྱོགས་མཐའ་ནས་ཆོས་ཞུ་བ་ཉིས་འབུམ་ ༢༠༠༠༠༠ ལྷག་འཛོམ་རྒྱུའི་རེ་བ་རྒྱག་བཞིན་ཡོད་པ་དང་། དེ་དག་ལས་མི་མང་ལྔ་ཁྲི་ ༥༠༠༠༠ ཙམ་ལ་སྡོད་གུར་རིམ་པ་མི་འདྲ་བ་ ༤ ཙམ་གོ་སྒྲིག་ཞུ་འཆར་ཡོད་ཅིང་། སྡོད་གུར་དེ་དག་ལས་གུར་ཆུང་ཤོས་ལ་མི་ ༤ ཤོང་ཐུབ་པ་དང་། གུར་ཆུང་ཤོས་གཉིས་པར་མི་ ༡༠ ནས་ ༡༢། གུར་འབྲིང་གྲས་ལ་མི་ ༣༠ ནས་ ༣༥ བར་ཤོང་གི་ཡོད་འདུག དཔལ་འབྱོར་མཐུན་རྐྱེན་ཡག་ཙམ་ཡོད་མཁན་ལ་སྡོད་གུར་རེར་མི་  ༢ རེ་བསྡད་ཆོག་གི་ཡོད་ཀྱང་། ཆུ་གློག་དང་གསང་སྤྱོད་ཀྱི་འགྲོ་གྲོན་ལས་གཞན་པའི་གུར་གྱི་རིན་གོང་དོ་བདག་རང་ཉིད་ནས་སྤྲོད་དགོས་ཀྱི་ཡོད་འདུག 

ཐུབ་བསྟན་བྱམས་པ་ལགས་ཀྱིས་བརྗོད་དོན།  “ བོད་ནས་ཕེབས་མཁན་ཚོའི་སྡོད་གནས་ཐད་བོད་གཞུང་སྣེ་ལེན་ཁང་གིས་གྲ་སྒྲིག་ཞུ་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་དམིགས་བསལ་འགན་འཁུར་དགོས་པ་མ་རེད། དུས་དབང་སྐབས་ཀྱི་བདེ་འཇགས་དང་འཕྲོད་བསྟེན་ཐོག་གྲ་སྒྲིག་བྱས་ཚར་ཡོད། གདན་ས་ཁག་གཙོས་པའི་བོད་ཀྱི་དགོན་སྡེ་ཆེ་ཁག་ཚོས་རང་ངོས་ནས་རྡོར་གདན་ས་གནས་ཡན་ལག་བཙུགས་ཡོད་སྟབས་སྡོད་ཁང་ལ་དཀའ་ངལ་དེ་ཙམ་མེད་ཀྱང་། གྲྭ་ཚང་ཆུང་གྲས་ཁག་དང་བཙུན་དགོན་སྡོད་ཁང་གི་དཀའ་ངལ་ཡོད་རིགས་ཚོར་གང་ཐུབ་ཀྱིས་རོགས་རམ་ཞུ་འཆར་ཡོད།  ” ཅེས་བརྗོད་བྱུང་།

དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་མཆོག་ལ་ད་ལོའི་དུས་དབང་སྐབས་༧གོང་ས་མཆོག་གི་སྐུ་ཕྱྭ་དང་སྐུའི་འཕྲོད་བཞེས་ཐོག་གྲ་སྒྲིག་གང་འདྲ་ཡོད་མེད་དྲིས་པར། “ སྐུ་མདུན་གང་དུ་ཕེབས་ཀྱང་སྐུའི་སྲུང་སྐྱོབ་ཐོག་བདེ་སྲུང་ལས་ཁུངས་ཀྱིས་གང་ཐུབ་གནང་གི་ཡོད་པ་རེད། དེའི་ཐོག་འགན་གཙོ་བོ་རྒྱ་གར་གཞུང་གིས་འཁུར་གྱི་ཡོད་པ་རེད། སྐུའི་བདེ་འཇགས་ཐོག་རྒྱ་གར་གཞུང་གིས་གཏན་འབེབས་ཚད་གཞི་ཞིག་བཟོས་ཡོད་སྟབས། སྐུ་མདུན་རྒྱ་གར་ས་གནས་གང་དུ་ཆིབས་བསྒྱུར་གནང་ཡང་སྲུང་སྐྱོབ་ཧ་ཅང་ཡག་པོ་ཡོང་གི་ཡོད་པ་རེད། དུས་དབང་འདི་ཐེངས་དང་པོ་ཆགས་ཀྱི་མེད་དུས། ད་ལོའི་རྡོ་རྗེ་གདན་དུས་དབང་སྐབས་དམིགས་བསལ་སེམས་ཁྲལ་དེ་འདྲ་གང་ཡང་མེད ” ཅེས་གསུངས་སོང་། 

བོད་ནས་ཕེབས་མཁན་གསར་འབྱོར་བ་ཚོར་མཐུན་འགྱུར་རོགས་རམ་ཇི་ལྟར་གནང་རྩིས་ཡོད་མེད་དྲིས་པར། བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་བོད་ནས་ཕེབས་མཁན་བདུན་སྟོང་ ༧༠༠༠ ཡས་མས་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། དེ་དག་ལ་བལ་ཡུལ་སྣེ་ལེན་ཁང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་འབྲེལ་ཐོག བལ་ཡུལ་གྱི་རླངས་འཁོར་དང་མེ་འཁོར་འབབ་ཚིགས་ཁག་ཏུ་མི་སྣ་ཆེད་འཛུགས་ཀྱིས་བོད་ནས་ཕེབས་མཁན་ཚོར་གླ་འཁོར་གྱི་འཛིན་བྱང་ཉོ་བ་སོགས་ལ་རོགས་རམ་གནང་རྒྱུ་དང་། རྒྱ་གར་ནང་དུའང་གཅིག་མཚུངས་ཀྱིས་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག

བོད་ནས་ཕེབས་མཁན་ཚོ་ཐོག་མར་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་མ་ཐག འཛིན་བྱང་རེ་བཟོས་ཏེ་དུས་དབང་སྐུར་ཡུལ་དུ་ཁོང་ཅག་ལ་སྡོད་གནས་དང་ཟ་མ། གསུང་སྒྱུར་བ་སོགས་གོ་སྒྲིག་ཞུ་འཆར་ཡོད་འདུག གཞན། ཁོང་ཅག་གི་འཐུང་ཆུ་དང་གསང་སྤྱོད་སོགས་འཕྲོད་བསྟེན་ཐོག་བྷེ་ཧར་མངའ་སྡེ་གཞུང་དང་། འཕྲོད་བསྟེན་ལས་ཁུངས། སྨན་རྩིས་ཁང་སོགས་ཀྱིས་རོགས་འདེགས་ཞུ་རྒྱུ་ཡིན་འདུག

དྲུང་ཆེ་མཆོག་གིས་གསུངས་དོན། “ དུས་དབང་སྐབས་བོད་པ་ཚོས་ཐུན་མོང་ཐོག་འགན་འཁུར་དགོས་པ་ཞིག་ལ། ༧གོང་ས་མཆོག་གི་སྐུའི་བདེ་འཇགས་དེ་བོད་པ་མི་རེ་ངོ་རེར་ཧ་ཅང་གལ་ཆེན་ཡིན་སྟབས། སོ་སོར་དོགས་གཞི་ཡོད་པའི་གནས་ཚུལ་ག་རེ་བྱུང་ཡང་། བདེ་སྲུང་ལས་ཁུངས་ལ་དུས་ཐོག་འབྲེལ་བ་གནང་དགོས་པ་དང་། རང་ཉིད་ཀྱི་བདེ་འཇགས་ཆེད་སྐྱབས་བཅོལ་ལག་དེབ་དང་ངོ་སྤྲོད་ལག་དེབ་གང་རུང་ངེས་པར་དུ་བསྣམས་དགོས་པ་རེད ” ཅེས་གསུངས་སོང་།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་སུ་བཅར་འདྲི་ཞུས་པར། གཞོན་ནུའི་ངོས་ནས་དོན་ཚན་ ༡༡ ཡོད་པའི་བཀོད་ཁྱབ་ཞིག་ཕྱི་ཟླ་ ༧ པའི་ཚེས་ ༡༢ ཉིན་ས་གནས་གཞོན་ནུ་ཁག་ཚང་མར་བཏང་ཡོད་ཅིང་། བཀོད་ཁྱབ་དེར་ས་གནས་གཞོན་ནུ་ཁག་ཚང་མའི་རྒྱུན་ལས་དང་ཚོགས་མི་ ༣ རེ་རྡོར་གདན་ལ་གཏོང་རྒྱུར་ཐག་གཅོད་བྱུང་ཡོད་པ་དང་། ད་འཆར་གཞོན་ནུའི་ཚོགས་མི་ ༡༣༠ ལྷག་གིས་རྡོར་གདན་གྱི་དུས་དབང་སྐབས་༧གོང་ས་མཆོག་གི་སྐུ་ཕྱཱ་དང་ཁོར་ཡུག་སྲུང་སྐྱོབ་གཙོས་པའི་ལས་དོན་ཁག་ཅིག་ཐོག་ཞབས་ཞུ་བསྒྲུབ་དགོས་ཀྱི་ཡོད་འདུག

ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན། “ ང་ཚོར་ལོ་སྔོན་མ་དང་མ་འདྲ་བའི་སྤྱི་ཚོགས་ཞབས་ཞུ་གསར་པ་ག་རེ་ཡོད་ཟེར་ན། བོད་ནས་གསར་དུ་ཕེབས་མཁན་ཚོར་དུས་དབང་དང་འབྲེལ་བའི་གནད་འགག་ཅན་གྱི་ས་ཆ་ཝ་རཱ་ཎ་སི་དང་ངྷ་རམ་ས་ལ། ལྡི་ལི། ལྷོ་ཕྱོགས། བལ་ཡུལ་བཅས་ཀྱི་རླངས་འཁོར་འབབ་ཚིགས་དང་མེ་འཁོར་ས་ཚིགས་བཅས་སུ་མི་སྣ་ཆེད་གཏོང་གིས་སྐད་བསྒྱུར་ལམ་སྟོན་གྱི་རོགས་རམ་གནང་འཆར་ཡོད ” ཅེས་བརྗོད་སོང་། 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ་བཅར་འདྲི་ཞུས་པར། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་དུས་དབང་སྐབས་རྡོ་རྗེ་གདན་མཆོད་རྟེན་གཡས་གཡོན་དུ་གད་སྙིགས་བླུགས་སྣོད་དང་། གསང་སྤྱོད་གོ་སྒྲིག་ཞུ་འཆར་ཡོད་པ་དང་། དེ་བཞིན། བུད་མེད་ལྷན་ཚོགས་ཀྱིས་གཞུང་ལ་འབྲེལ་བ་བྱས་ཏེ་སྐུ་ཕྱྭའི་ཐད་ལས་འཆར་ཞིག་ཡོད་ཅིང་། དེ་ལ་ས་གནས་རེ་ནས་བུད་མེད་ ༣ རེ་ཞུགས་དགོས་ཀྱི་ཡོད་འདུག

    ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནི་བོད་ཀྱི་འདས་པའི་ལོ་རྒྱུས་ཁྲོད་དུས་འཁོར་བཀའ་དབང་གནང་མཁན་ཆེས་མང་ཤོས་དེ་ཆགས་ཡོད་པ་རེད།

 

༼ གོང་བཀོད་གནས་ཚུལ་དེ་བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས་པ་ཡིན ༽

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

མཆན། 19

  1. རིག་བཟང་། says:
    ལོ་ 13 སྔོན།

    དུང་འཁོར་དབང་ཆེན་གྱི་སྐབས་སུ་འཚེ་མེད་ཞི་བདེ་ལམ་དུ་ངེས་པར་དུ་བསྐྱོད་ཐུབ་པར་བྱེད་དགོས་པ་ང་ཚོའི་སེམས་ཁོང་གིས་འབོད་སྐུལ་བྱེད་ཀྱི་ཡོད་དགེ་ལུགས་ཀྱི་དགོན་སྡེ་ཆེ་ཆུང་་ཡོངས་ལ་སྒེར་བཅོད་ཀྱི་བསམ་བློ་ཤུགས་ཆེར་ཡོད་པས་དེ་ལ་བརྟེན་ནས་ནམ་རྒྱུན་དྲག་སྤྱོད་ཀྱི་སྒོ་ནས་སོ་སོའི་གྲ་ཚང་སྐྱོང་གྱི་ཡོད་་གཞན་ཡང་དགེ་ལུགས་སྨོན་ལམ་དང་ཆོས་ཕྱོགས་ཀྱི་འདུ་འཛོམ་གྱི་སྐབས་སུ་རང་གི་འཁོར་ཡིན་མིན་ལ་མ་ལྟོས་ནས་རྡུང་རྡེག་བྱེད་ཀྱི་ཡོད་དཔེ་མཚོན་ཙམ་ཞུས་ན་རྡ་སར་དགེ་ལུགས་སྨོན་ལམ་གྱི་སྐབས་སུ་སྨོན་ལམ་ཚོག་མཁན་ཡིན་མིན་ལ་མ་ལྟོས་པས་རྡ་སར་སྟོད་ཐུང་ཕུ་ཐུང་ཅན་གྱོན་ཁན་གྲ་བཙུན་རྣམས་ལ་རྡུང་རྡིག་བྱས་པའི་ཡ་ང་བའི་ལོ་རྒྱུས་མང་པོ་ཡོད་དེ་དག་དམ་ཆོས་འདུལ་བ་ལ་ཡང་འགལ་བ་ཡིིན་པས་ད་ལོ་དེ་ལྟར་མི་ཡོང་བ་ཞུ།།

    Reply
  2. རིན་འཕེལ། says:
    ལོ་ 14 སྔོན།

    དུས་འཁོར་དབང་ཆེན་གྱི་སྐབས་འདིར་བོད་ཀྱི་སྐད་ཡིག་དར་སྤེལ་དང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་སའི་ཁོར་ཡུག་ཆེས་ཡག་ཤོས་ཡིན་པ་་་་་་་ང་རང་ཚོ་གཞུང་སྒེར་གཉིས་ནས་གོ་སྐབས་དམ་འཛིན་གནང་ཐུབ་བའི་རེ་བ་དང་ཡིད་ཆེ་འབོད་བསྐུལ་ཞུ། དཔེར་ན་སྐབས་དེར་ལས་འགུལ་གྱི་ངོ་བོ་འདི་འདྲ་བྱས་ནས་སྤེལ་ན་བསམ་ཤེས་མི་མང་ཚོགས་ནས་རྒྱབ་བསྐྱོར་གནང་ངམ། ༡༽དུས་ཁོར་དབང་ཆེན་གྱི་བཀོད་སྒྲིག་ཚང་མ་བོད་ཡིག་སྟེང་ནས་གསལ་བསྒྲགས་བྱེད་རྒྱུ་མ་ཟད་གཞུང་སྒེར་གཉིས་ཀྱི་འགྲེལ་སྤེལ་ཡིག་ཆ་སོགས་གཙོ་བོ་བོད་ཡིག་ཐོག་ནས་འབྲི་རྒྱུ། ༢༽ གསུངས་ཆོས་རྭ་བའི་ནང་ཕེབས་ནས་གསུང་ཆོས་ཞུ་སྐབས་སུ་ངེས་པར་དུ་བོད་པ་ཞིག་ཡིན་ཕྱིན་བོད་ཆས་གྱོན་ནས་འགྲོ་དགོས་པའི་འགྲིག་ཁྲིམས་བཟོ་རྒྱུ། ༣༽ ཚོང་དང་ཁང་ཟ་ཁང་མཐའ་ན་ཐང་ཁྲོམས་བཅས་ཀྱི་སྒོ་བྱང་སོགས་བོད་ཡིག་ཐོག་ནས་འབྲི་རྒྱུ། ༤༽ཟ་ཁང་དང་ཚོང་ཁང་ཇ་ཁང་སོགས་ནས་བོད་རིགས་སྤུན་ཟླ་ནང་ཁུར་ལ་ར་མ་ལུག་གི་སྐད་བཤད་ཚེ་མ་བསྐུལ་དང་བླང་ངང་ངེས་པར་དུ་ཉེས་པ་འགྱོད་བཤེགས་ཆེད་དེ་ག་རང་ནས་ཉེས་ཆད་འབུལ་རྒྱུ། ༥༽ ཚེ་དང་འབྲུ་རིགས་བཙོང་མཁན་སོགས་ཀྱི་བཅའ་དངོས་རང་རང་གི་ཐད་ལ་བོད་ཡིག་མིང་འབྲི་རྒྱུ། ༦༽ ལམ་ཆེན་གྱི་བཞི་མདོ་སོགས་ལ་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ངོས་ནས་སྐད་ཡིག་སྲུང་སྐྱོབ་དགོས་པའི་ལམ་སྟོན་པ་རེ་དང་དེང་དུས་ཀྱི་བཅའ་དངོས་གསར་པའི་མིང་དང་སྤྱིར་བོད་ཀྱི་ཐ་སྙད་སོགས་ཀྱི་ཡིག་ཆ་བགྲམ་རྒྱུ། ༧༽ མཚམས་མཚམས་སུ་མཁས་པ་ཚད་ལྡན་རེ་གཏན་ཞུས་བྱས་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་སྐོར་གྱི་ལམ་སྟོབ་བཀའ་སློབ་ཞུ་རྒྱུ་དང་དྲིས་པ་དྲི་ལན་གྱིས་ལམ་ནས་ལས་འགུལ་སོགས་རྒྱ་གང་ཆེ་དང་དུས་དང་བསྟུན་པའི་ལས་འགུལ་སྤེལ་ན་ག་འདྲ་རེད། གཙོ་བོ་དངོས་སུ་ཟུར་བཞུགས་གནང་མཁན་གྱི་སྤུན་གྲོགས་ཚོས་ལམ་སྟོན་བཀའ་སློབ་གནང་ནས་ང་ཚོས་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད།

    Reply
  3. རིན་འཕེལ། says:
    ལོ་ 14 སྔོན།

    ང་ཚོ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ངོས་ནས་ཁོང་ཚོར་ཞབས་ཞུ་རེ་ཞུ་དགོས་ནའང་ད་རེས་ཞུ་དགོས་པ་རེད། དེ་གཅིག་ཡིན།

    Reply
  4. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བོད་མིང་ནང་ཁུལ་ལ་༸གོང་ས་མཆོག་གི་གསུང་བསྒྱུར་ལོགས་པ་ཞིག་དགོས་པ་འདུག་ཟེར་བ་ལ་ངོས་ལེན་མེད། ཕྱོགས་གཅིག་ནས་བོད་ཕྱི་ནང་གཉིས་ཀར་སྤྱི་སྐད་དགོས་འདུག་ཟེར་ནས་ཚོགས་འདུ་གང་མང་འཚོགས་བཞིན་པ་དང་ཡང་ཕྱོགས་གཞན་ནས་རང་གི་ལུང་སྐད་ལ་སྤྱི་སྐད་ལས་དམ་འཛིན་ཆེ་ཙམ་བྱེད་པ་ནི་རྒྱལ་འགལ་གྱི་བྱ་སྤྱོད་ཞིག་ཏུ་འཁུམས། དྲང་པོར་བཤད་ན་གསུང་བསྒྱུར་བོད་སྐད་ལོགས་སུ་དགོས་ཟེར་ན་མང་པོ་འཇོག་དགོས་ཐུག་རྒྱུ་རེད། དཔེར་ན། ཨ་མདོ་གསུང་བསྒྱུར། དེ་བཞིན། ཁམས་ཕྱོགས་ཁག་ཁ་ཤས་དང་། སྟོད་པའི་གསུང་བསྒྱུར་སོགས་རེད།

    Reply
  5. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    འབྲོག་རུ་ཆོས་གྲགས་ལགས་ཀྱི་བསམ་ཚུལ་ལ་ངོས་ལེན་གཙང་མ་ཡོད།
    དུས་འཁོར་དབང་ཆེན་གྱི་བཀོད་སྒྲིག་ཚང་མ་བོད་ཡིག་སྟེང་ནས་གསལ་བསྒྲགས་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད།
    རང་གི་སྐད་ཡིག་ལ་དོ་སྣང་མ་བྱས་ན་མཐོང་ཆུང་རེད། གཟབ་གཟབ་བྱོས་ན་བཟང་ངོ་།

    Reply
  6. ཤི་མེད་ཚོར་མེད་། says:
    ལོ་ 14 སྔོན།

    དུས་དབང་གི་གྲ་སྒྲིག་ཚོགས་མི་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ལེགས་གསོལ་ཞུ། ༧གོང་ས་མཆོག་གི་བདེ་འཇགས་དང་དུས་དབང་ཚགས་ཚུད་ཡོངས་བའི་རེ་སྨོན་བརྒྱ་ཕྲག་ཞུ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཕེབས་ཤོག ཕེབས་ཤོག དམ་གཙང་བོད་རིགས་ཚོ། སླར་ཡང་གནས་མཆོག་རྡོ་རྗེ་གདན་དུ། འཛོམས་ཤོག འཛོམས་ཤོག ཡང་བསྐྱར་ཐེངས་ཅིག འཛོམས་ཤོག །དགེའོ། །

    Reply
  8. མངའ་རིས་ཕོ་ཉ། says:
    ལོ་ 14 སྔོན།

    བཀུར་འོས་སྦྱིན་བདག་གཙོ་བོ་དབུས་དུས་དབང་གྲོ་སྒྲིག་ཚོགས་ཆུང་ཚང་མར་ཐུགས་རྗེ་ཆེ་ཞུ། གོ་སྒྲིག་ཡག་པོ་བྱས་འདུག་མུ་མཐུད་ནས་བྱེད་རོགས་གནང་།

    Reply
  9. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རེད། བཀོད་སྒྲིག་ཚགས་ཚུད་འབྱུང་བར་རེ་བ་བྱེད་ཀྱིན་ཡོད། གཞོན་ནུའི་སྐད་བསྒྱུར་བ་བཀོད་སྒྲིག་བྱས་པ་དེའང་གལ་ཆེན་ཞིག་རེད། ཡིན་ནའང་། གཞོན་ནུ་ལྟ་བུའི་ཚོགས་པ་ཆེ་ཁག་ཚོས་ད་ལྟ་ནས་ས་གནས་སོ་སོ་ནས་བོད་པ་ཆོས་ཞུ་བ་རྣམས་ལ་ཐོ་འགོད་དང་གསལ་བསྒྲགས་བྱས་ཏེ་རྡོར་གདན་བར་དུ་མེ་འཁོར་རེ་གླ་གཏོང་བྱེད་ཐུབ་ན་དགེ་མཚན་ཆེ་ཞིང་སྟབས་བདེ་ལ། ཚོགས་པ་སོ་སོར་ཡང་ཁེ་བཟང་ཡོད་སྲིད་པ་རེད།

    Reply
  10. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ང་ཚོས་དབང་ག་ཚོད་ཞུས་ཀྱང་་་་་ཆོས་ག་ཚོད་ཉན་ཀྱང་ང་ཚོའི་སྤྱི་ཚོགས་འདི་མཐུན་འབྲེལ་ཇེ་སྡུག་་་་་་་བཟང་སྤྱོད་ཇེ་ངན་་་་་་ཁྲིམས་འགལ་ཇེ་མང་་་་མ་གཏོགས་འགྱུ་བ་ཞིག་ཐེབས་མི་འདུག་་་་གནས་ཚུལ་འདི་ཆོས་རང་གི་ངོ་བོས་མ་འགྲིགས་པ་ཡིན་ནམ་་་་་་་་ཡང་ན་ཆོས་བཤད་མཁན་གྱི་མ་འགྲིགས་པ་ཡིན་ནམ་་་ཡང་ན་ཉན་མཁན་ཚོས་ཏག་ཏག་ཉན་མ་ཤེས་པ་ཡིན་ནམ་་་་གནས་ཚུལ་འི་རྒྱབ་ལོགས་སུ་དྲི་བའི་དམར་རྟགས་ཆེན་པོ་ཞིག་འགུལ་བཞིན་འདུག།

    Reply
  11. མང་ཐོས། says:
    ལོ་ 14 སྔོན།

    ད་རུང་དུས་དབང་སྐབས་སྒྲུབ་དགོས་པ་ཞིག་ཡོད་གི ཆེད་གཉེར་དུས་དབང་ལ་ཕེབས་མཁན་བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་ནང་ལ། ་༧གོང་ས་མཆོག་གི་གསུང་སྐད་གོ་ཐུབ་མིན་ལ་ཞིབ་འཇུག་ཅིག་བྱས་ནས།
    གོ་མི་ཐུབ་མཁན་རྣམས་ཀྱི་ཆེད་དུ། སོ་སོའི་ཡུལ་སྐད་དང་མཐུན་པའི་སྐད་བསྒྱུར་གྲ་སྒྲིག་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད།

    Reply
  12. བློ་བཟང་ཉི་མ། says:
    ལོ་ 14 སྔོན།

    འབྲོག་རུ་ཆོས་གྲགས་ལགས།

    ང་ཚོ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ངོས་ནས་ཁོང་ཚོར་ཞབས་ཞུ་རེ་ཞུ་དགོས་ནའང་ད་རེས་ཞུ་དགོས་པ་རེད། དེ་གཅིག་ཡིན།

    གཉིས་ནས། ཁྱེད་རང་གིས་༼འགེངས་ཤོག་དེ་བོད་ཡིག་གི་བཟོས་མེད་པ༽ ༼གསུང་རྡོག་རལ་དུ་བཏང་པའི་༽ ༼བྱ་སྤྱད་དེ་༽ཞེས་པ་སོགས་ཡིག་ནོར་སྤེལ་བ་འདི་ཡང་ཡག་པོ་ཞིག་མ་རེད།

    Reply
  13. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    རྒྱལ་བར་དད་པས་བསོད་ནམས་དཔག་མེད་པ། །དེ་ནི་དད་པའི་ཡུལ་གྱིས་སྟོབས་ལས་ཡིན། །ཆ་རྐྱེན་མ་ཚང་གསང་སྔགས་ལ་དད་པ། །དེ་ཡང་རིན་མིན་མྱུར་དུ་སངས་རྒྱས་ཞེས། །གསང་འདུས་རྩ་རྒྱུད་དང་རྒྱུད་གཞན་ལས། །གསུངས་ཕྱིར་དུས་འཁོར་དབང་ཆེན་ཐེངས་སྟོང་ཕྲག །ཞུས་ཀྱང་ལྷག་ཀྱང་མེད་པ་རྒྱལ་བའི་བཀའ། །

    Reply
  14. འབྲོག་རུ་ཆོས་གྲགས། says:
    ལོ་ 14 སྔོན།

    སྤྱིར་བཏང་གོ་སྒྲིག་ཚོགས་ཆུང་གི་གྲ་སྒྲིག་ཡག་པོ་རེད། ཐེངས་འདིའི་གུར་མངགས་ཉོ་བྱེད་སྟངས་དང་གསལ་བཤད་སོགས་དབྱིན་ཡིག་གི་དྲ་རྒྱ་ཞིགkalachakra2012.org ་བཟོས་ཡོད་པ་རེད་མོད། དེ་ལ་བོད་ཡིག་གི་དྲ་རྒྱ་ཞིག་མི་བཟོ་དོན་ཅི་ཡིན་ནམ།

    བོད་ཡིག་གི་དྲ་རྒྱ་བཟོ་མི་ཐུབ་ཀྱང་གུར་མངགས་ཉོ་བྱེད་སྟངས་ཀྱི་འགེངས་ཤོག་དེ་བོད་ཡིག་གི་བཟོས་མེད་པ་དེ་ཁོང་ཚོའི་སྐྱོན་ཆེ་ཤོས་ཤིག་རེད་ལ། ༸གོང་ས་མཆོག་གི་ཞལ་ལ་ལྟ་བཞིན་ལྟ་བཞིན་ཁོང་གི་གསུང་རྡོག་རལ་དུ་བཏང་པའི་བྱ་སྤྱོད་ཐ་ཤལ་ཞིག་ཀྱང་རེད། རྒྱུ་མཚན་བོད་ཡིག་བེད་སྤྱོད་ཅི་ཙམ་མང་ན་དེ་ཙམ་གྱིས་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་ཀྱིན་ཡོད་པས་སོ།།
    བོད་ཡིག་ལ་མཐོང་མ་སྤྲད་པ་དེས་༸གོང་ས་མཆོག་དང་བོད་མི་རིགས་ལ་མཐོང་མ་སྤྲད་པ་མཚོན་ཡོད་པས་ཐུགས་རྗེ་གཟིགས་བྱ་སྤྱད་དེ་གང་ཐུབ་བསྒྱུར་རོགས་ཞུ་ཞུ།

    Reply
  15. མངའ་རིས་བུ། says:
    ལོ་ 14 སྔོན།

    དབང་ནི་ཞུ་དགོས།
    དམ་ཚིག་ནི་སྲུང་མི་དགོས།

    དེ་འདྲའི་ཡ་མཚན་རེད།
    གྲོད་པ་རལ་རལ་དུ་ཚེ་རིལ་ཚོགས་སོགས་ཟོས་ཀྱང་རང་སེམས་སྟོང་པ་ནི་སྣོད་ཞབས་རྡོལ་བཞིན་དུ་སྟོང་པར་གྱུར།
    གཅིན་པ་ཤོར་ཤོར་བར་དུ་སྨན་ཆང་ཚེ་ཆང་ཁྲུས་ཆུ་བཏུང་ཀྱང་རང་སེམས་སྐམ་པོ་ནི་བསྐལ་བར་གནས་པའི་རྒྱ་མཚོའི་རྡོ་གོང་བཞིན་དུ་གྱུར།
    མགོ་ལེབ་ལེབ་འགྲོ་འགྲོའི་བར་དུ་དབང་བུམ་བཞག་ཀྱང་རང་སེམས་གྱོང་པོ་ནི་ལྕགས་ལས་ཀྱང་དམ་དུ་དམ་དུ་གྱུར།
    རྣ་བ་འོན་འོན་བར་དུ་དབང་བསྐུར་གྱི་ལུང་ཚིག་ཞུས་ཀྱང་རང་སེམས་རྒོད་པོ་ནི་རྟ་རྒོད་ལས་ཀྱང་ཇེ་རྒོད་ཇེ་རྒོད་དུ་གྱུར།
    ད་ང་བཞིན་གཞན་མཆེད་གྲོགས་ཚོའང་ཕལ་ཆེར་ཡིན་ངེས།

    Reply
  16. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    འགྱུར་བསྟན་དད་དང་དག་སྣང་སྦྱང་སྟེ། །
    འབྲོང་བུ་སོག་ཚས་གསུང་བར་ཉོན་ལ། །
    དབང་ཞུ་མ་ཎི་འདོན་པར་མཛོད་དང་། །
    དད་པར་མཐུན་པའི་བྱིན་རླབས་འབྱུང་ངེས་། །

    ས་བོན་མེད་ན་མྱུ་གུ་འབྱུང་མིན། །
    འོ་སྐོལ་དབང་པོའི་སྤྱོད་ཡུལ་དེའི་ཕྱིར། །
    དད་པ་མེད་ན་བྱིན་རླབས་འབྱུང་མིན། །
    དངོས་པོའི་ཆོས་ཉིད་ཡིན་པར་སོམས་ཤིག །

    Reply
  17. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    མགོ་རིལ་རིལ་བར་དུ་དབང་ཞུས་ཀྱང་བྱིན་རླབས་མ་འཇུག་པ་ནི་རང་གིས་ཉེར་ལེན་ཡིན། དབང་ཞུ་ཀྱང་མ་ཡིན་པར་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་དགོས། སོ་རིལ་རིལ་བར་དུ་མ་ཎི་འདོན་ཡང་ཕན་ཐོག་མ་བྱུང་བ་ནི་རང་ཉེར་ལེན་ཡིན། བསམ་བློ་གནད་དུ་བཀེལ་ནས་འདོན་དགོས་པ་ཁ་ཡེང་མར་ཡེང་བྱས་ནས་འདོན་མི་ཉེན། སྟོན་པའི་ཀྱང་། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟེན་ཏེ། །ཐར་པ་བདག་ལ་རག་ལས་ཤེས་པར་བྱ། ཞེས་གསུངས་པའི་སོ།

    Reply
  18. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མགོ་ལེབ་ལེབ་མ་རེད་བར་དུ་དབང་ཞུ་ཀྱང།
    བྱིན་རླབས་འདི་རེད་ཟེར་བ་ཞིག་ཐོབ་མ་སོང།
    སོ་རིལ་རིལ་མ་རེད་བར་དུ་མ་ཎི་སྐྱོར་ཡང་ཕན་ཐོག་འདི་རེད་ཟེར་བ་ཞིག་རྙེད་མ་སོང་
    ་ད་དུང་ཡང་དབང་ཞུ་རྒྱུ་ཡིན་་་་ད་དུང་མ་ཎི་སྐྱོར་རྒྱི་ཡིན་་་་་གཙོ་བོས་ཅི་བརྩལ་བཀ་རྩལ་པ་་་་དེ་དག་ཐམས་ཅད་བདག་གིས་བགྱི་་་་ཨོ་མ་ཎི་པདྨེ་ཧུ་་་ཨོ་མ་ཎི་པདྨེ་ཧུང་་་་་་

    Reply
  19. རལ་གྲི says:
    ལོ་ 14 སྔོན།

    ཚོགས་པ་སྐྱིད་སྡུག་ཡོངས་ཀྱིས་འགན་མཉམ་ཁུར་ཐོག་ལས་འགན་དེ་འདྲ་སྤེལ་ན་ཡག་པོ་འདུག བསྔགས་བརྗོད་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese